མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ལས་བྱེད་མི་སྣ15བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། ཞབས་ཞུའི་ལས་དོན་སྒྲིག་གཞི་སྔར་ལས་ཇེ་ལེགས་དང་ཞབས་ཞུ་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བྱ་ཆེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ15བསྡུ་རྒྱུ་ཡིན་ཞིང་། འབྲེལ་ཡོད་བླང་བྱ་གཤམ་གསལ་ལྟར།

གཅིག ཆ་རྐྱེན།

1.མེས་རྒྱལ་ལ་དགའ་ཞིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། ཀུན་སྤྱོད་ལེགས་ཤིང་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་པ།

2.མཐོ་འབྲིང་དང་ཆེད་སྦྱོང་ཡན་གྱི་བསླབ་གནས་ལྡན་པ། ལོ18ནས30མན་དུ་ཡོད་པ། འབྲེལ་ཡོད་བྱ་བར་ཉམས་མྱོང་ཅན་ལ་ལོ40མན་ཡིན་ཆོག

3.གཟུགས་པོ་བདེ་ཐང་ཡིན་པ།

4.སྐྱེས་མའི་གཟུགས་པོའི་རིང་ཚད་ལི་སྨི160ཡན་དང་། སྐྱེས་པའི་གཟུགས་པོའི་རིང་ཚད་ལི་སྨི170ཡན་ཡིན་པ།

5.ཁྲིམས་འགལ་སྒྲིག་འགལ་གྱི་ཟིན་ཐོ་མེད་པ།

གཉིས། ལས་གནས།

ཐེངས་འདིར་ཁྱོན་ལས་བྱེད་མི་སྣ15བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་ཕྱོགས་བསྡུས་ཞབས་ཞུ་སྡེ་ཁག་ལ་མི2དང་སྤྱི་ཁྱབ་སྟེགས་བུའི་ཞབས་ཞུ་པ2། འགྲུལ་ཁང་ཞབས་ཞུ་པ2། དཔེ་ཁང་དང་སྒྲིག་ཆས་དོ་དམ་པ2། བཟའ་བཏུང་ཞབས་ཞུ་སྡེ་ཁག་གི་མདུན་ཁྱམས་ལས་གཉེར་པ1དང་ཞབས་ཞུ6བཅས་བསྡུ་རྒྱུ།

གསུམ། གསོལ་ཐང་།

ཚོད་ལྟའི་དུས་ཡུན་ཟླ3ནས6གི་རྗེས་ནས་ངལ་རྩོལ་གན་རྒྱ་འཇོག་དགོས། ཉེན་སྲུང་གསུམ་སྤྲད་རྒྱུ་དང་གླ་ཕོགས་ངོ་འཕྲད་གྲོས་མོལ་བྱ་རྒྱུ།

བཞི། མིང་ཐོ་འགོད་སྟངས།

1.གྲ་སྒྲིག་བྱ་དགོས་པའི་རྒྱུ་ཆ། ཐོང་ཐང་ལག་ཁྱེར་དང་ཁྱིམ་ཐོ། སྒེར་གྱི་ངོ་སྤྲོད་མདོར་བསྡུས། མཐར་ཕྱིན་འཛིན་ཡིག བསླབ་གནས་དང་འབྲེལ་ཡོད་དཔང་ཡིག དེ་མིན་ཚོན་གཉིས་ཅན་གྱི་པར་ཆུང་གཉིས་བཅས་གྲ་སྒྲིག་བྱ་དགོས།

2.མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ9པའི་ཚེས26ནས30ཉིན་བར།

3.མིང་ཐོ་འགོད་སའི་ས་གནས། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དམངས་གཙོ་སྲང་ལམ་གྱི་ཨང་རྟགས5པའི་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡིག་ཁང་མིག་ཨང་རྟགས606།

4.འབྲེལ་གཏུག་བྱ་ཡུལ། 0971-8252355

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ།

2021ལོའི་ཟླ9པའི་ཚེས15ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།