ཁྱིམ་གྱི་སྒོ་རྩར་སྤུས་ལེགས་ཞབས་ཞུ་ལོངས་སུ་སྤྱད་པ།

— ཟི་ལིང་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལས་ཁུངས་དང་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་སྡེ་ཁག་བཅོ་ལྔའི་བར་དེ་འབྲེལ་གྲོས་མཐུན་བཞག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཟི་ལིང་གྲོང་ཁྱེར་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་མྱུར་སྐྱོབས་གཏན་ཁེལ་ལས་ཁུངས་སྒྲིག་སྲོལ་ཅན་ཏུ་གཏོང་བའི་དོ་དམ་ཚོད་ལྟའི་བྱ་བ་ལེགས་པོར་སྒྲུབ་པ་དང་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་ལས་རིགས་ཀྱི་དོ་དམ་ལ་ཤུགས་སྣོན་བྱེད་པ། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་ལས་ཁུངས་ཡིག་ཚགས་དོ་དམ་སྒྲིག་སྲོལ་ཅན་དང་། ལས་ཁུངས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་ལས་ཁུངས་སྒྲིག་སྲོལ་ཅན་དང་ཆེད་ལས་ཅན། ཚད་ལྡན་ཅན་ཏུ་འཛུགས་སྐྲུན་བྱ་ཆེད། ཟི་ལིང་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་གྱིས་ཟླ9པའི་ཚེས3ཉིན་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་ལས་ཁུངས་སྒྲིག་སྲོལ་ཅན་གྱི་དོ་དམ་བྱ་བའི་གསབ་སྦྱོང་གྲོས་ཚོགས་བསྡུས་པ་དང་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་གཏན་ཁེལ་གྱི་མྱུར་སྐྱོབས་ཞབས་ཞུའི་ལས་ཁུངས15ཡིས་བདེ་ཐང་སླར་གསོ་ཞབས་ཞུའི་གྲོས་མཐུན་གན་རྒྱ་བཞག་པ་རེད།

དེའི་ཡར་སྔོན་དུ《ཟི་ལིང་གྲོང་ཁྱེར་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་མྱུར་སྐྱོབས་ལམ་ལུགས་གཏན་ཁེལ་ལས་ཁུངས་ཚད་ལྡན་དང་ཞབས་ཞུ་སྒྲིག་སྲོལ་ཅན་ཏུ་གཏོང་བ། (ཚོད་ལྟའི་ལག་དེབ)》གཞིར་བཟུང་སྟེ། དེའི་ཁྲོད་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་ལས་ཁུངས་ཀྱི་ལག་བསྟར་རིམ་བཀར་ངོས་འཛིན་དང་རིམ་བཀར་དོ་དམ་བྱ་བའི་བླང་བྱ་ལྟར། ཟི་ལིང་གྲོང་ཁྱེར་གྱིས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ཞབས་ཞུའི་རིམ་གཉིས་གཏན་ཁེལ་ལས་ཁུངས15གཏན་ཁེལ་བྱས་ཡོད། དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་མྱུར་སྐྱོབས་གཏན་ཁེལ་ལས་ཁུངས་ཀྱི་སྒྲིག་སྲོལ་ཅན་གྱི་རིམ་བཀར་དོ་དམ་སྤེལ་ནས། སྤུས་ལེགས་ཐོན་ཁུངས་ཀྱི་ཕན་ཚུན་ཁ་གསབ་དང་མཉམ་སྤྱོད་དངོས་སུ་སྤེལ་པས། བདེ་ཐང་སླར་གསོའི་ཐོན་ཁུངས་དོ་མཉམ་མིན་པ་དང་གནད་དོན་འཐུས་ཚང་མིན་པ། རིགས་སོ་སོའི་བདེ་ཐང་སླར་གསོའི་ལས་ཁུངས་ཐད་ལ་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་པ་དང་། དབང་སྐྱོན་བྱིས་པ་དག་ལ་སྔར་ལས་ལེགས་པོའི་བདེ་ཐང་སླར་གསོ་ཞབས་ཞུ་མཁོ་སྤྲོད་བྱས་ཤིང་། རིམ་བཀར་དོ་དམ་གྲུབ་རྒྱུར་སྐུལ་འདེད་བཏང་པ་དང་རིམ་བཀར་ཞབས་ཞུའི་གནས་བབ་གསར་པ་གྲུབ་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།