མཚོ་སྔོན་ཉེན་རྟོག་པས་གྱོད་དོན་གལ་ཆེན་ཞིག་བརྟོལ་པ།

ཟླ9པའི་ཚེས13ཉིན། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁུངས་སྣེ་ཤིག་རྩད་ཆོད་པ་དང་། དེ་ནི་མི་ཞིག་གིས་ཁྲིམས་འགལ་སྒོས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐོབ་པའི་རི་སྐྱེས་སྲོག་ཆགས་ཀྱི་ཉོ་འཚོང་བྱེད་པ་དེའོ། །

ཁུངས་སྣེ་ཤེས་རྗེས་རྫོང་དེའི་ཏང་ཨུས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་སྣེ་ཁྲིད་འོག་ཉེན་རྟོག་སྟོབས་ཤུགས་ཧྲག་བསྡུས་སྐོང་འཐེན་བྱས་ཏེ་གྱོད་དོན་མྱུལ་ཞིབ་འགན་ལེན་བྱས་པ་རེད། གྱོད་དོན་འགན་སྒྲུབ་མི་དམངས་ཉེན་རྟོག་པས་ཕྱོགས་མང་ཐད་ནས་ཁུངས་སྣེ་སྔོག་འདོན་བྱས་ཤིང་། རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཡི་རྒྱབ་སྐྱོར་ཤུགས་ཆེན་འོག དུས་ཚོད8གྱི་དུས་ཡུན་ནང་དོགས་ཡོད་ཉེས་ཅན་དང་དང་དོགས་ཡོད་རླངས་འཁོརགཏན་ཁེལ་བྱས། ཟླ9པའི་ཚེས13ཉིན་གྱི་ཆུ་ཚོད22སྟེང་། གྱོད་དོན་འགན་སྒྲུབ་མི་དམངས་ཉེན་རྟོག་པས་གཅན་ཚ་རྫོང་རྨ་ཆུའི་ཟམ་ཆེན་ཉེ་འཁོར་དུ་དོགས་ཡོད་ཉེས་ཅན2སྟེ་ཡུའེ་ཆེ་གེ་མོ་དང་མཱ་ཆེ་གེ་མོ་གཉིས་འཛིན་བཟུང་བྱས་ཤིང་། དེ་མ་ཐག་གླ་རྩི་ཧྲིལ་བོ3དང་དེ་མིན་ནག་ཉེས་བཟོ་སྤྱད་ཡོ་བྱད། གྲི་ཆུང3དང་གློག་བཀར3 འཐེན་གཞུ1 ལྕགས་རིལ8བཅས་རྙེད་པ་རེད།

ཉེ་ལམ། རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་ལ་ཁྲིམས་ལྟར་གྱོད་དོན་འགན་སྒྲུབ་བྱས་ཤིང་། དོགས་ཡོད་ཉེས་ཅན་ཡུའེ་ཆེ་གེ་མོ་དང་མཱ་ཆེ་གེ་མོ་གཉིས་ཀྱིས་རང་གི་ནག་ཉེས་མཐའ་དག་ངོས་ལེན་བྱས་པས། གྱོད་དོན་དེ་ད་ལྟ་མྱུལ་ཞིབ་བྱེད་སྒང་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།