མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་ཉ་འཛིན་ཕྱོགས་ཁག་ཅིག་གཏོར་པ།

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་ཧུར་ཐག་འབོད་སྐད་དང་། རང་འགུལ་བྱ་སྤྱོད་གཞིར་བཟུང་སྟེ‘ འབྲི་ཆུའི་འབབ་རྒྱུད་དུ་ཁྲིམས་འགལ་ཉ་འཛིན་ལ་དག་ཐེར་བྱེད་པའི་ཆེད་དོན་ལས་འགུལ་ལ་སྐུལ་འདེད་གཏིང་ཟབ་དུ་བཏང་པ་དང་། མུ་མཐུད་དུ་རྫོང་ཡོངས་ཀྱི་མངའ་ཁོངས་བུ་ཧ་ཆུ་བོ་དང་དེའི་ཡན་ལག་འབབ་རྒྱུན་སོགས་རང་བྱུང་གི་ཆུ་ཁོངས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ། ལོ་འདི་དག་གི་རིང་ལ་སྐྱེ་ཁམས་ཁོར་ཡུག་ལ་ཉིན་རེར་ལེགས་བཅོས་བྱུང་པ་དང་བསྟུན། གཙང་ཆབ་ཁྲོད་ཀྱི་ཉ་རིགས་ཡང་རིམ་བཞིན་ཇེ་མང་དུ་སོང་ཡོད་མོད། གནས་བབ་ཀྱི་ཆ་ནས་ཅུང་ལེགས་པོའི་གནས་ཚུལ་འོག་མི་མི་ཉུང་བ་ཞིག་གིས་སྔར་བཞིན་རྒྱལ་ཁྲིམས་སྣང་མེད་དུ་བཞག་སྟེ་ཆུར་གནས་ཉ་མོ་ལྐོག་འཛིན་བྱས་ཏེ་སྒེར་སེམས་ཁེ་ཕན་ལ་སྙེག་བཞིན་ཡོད།

ཟླ9པའི་ཚེས6ཉིན། ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ལ་མང་ཚོགས་ཀྱི་ཞུ་གཏུག་འབྱོར་བ་དང་། རང་གི་མངའ་ཁོངས་ལུང་མོན་རུ་ཁག་གསུམ་པའི་མཚོ་མང་སྡེ་བའི་གཡང་དྲུང་གཙང་བོའི་རྒྱུད་དུ་མི་ཞིག་གིས་མཚོ་སྔོན་པོའི་ནང་དུ་གསེར་ཉ་འཛིན་བཞིན་ཡོད་པར་བཤད། ཞུ་གཏུག་དེ་འབྱོར་རྗེས། མི་དམངས་ཉེན་རྟོག་པ་མྱུར་དུ་ལམ་ལ་ཆས་ཤིང་། ཉ་འཛིན་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པ་རེད། དེ་དང་ཆབས་ཅིག མཚོ་སྔོན་པོའི་གསེར་ཉ་བཅུག་ཡོད་པའི་ལྗང་མདོག་འགྱིག་ཁུག་13དང་རླངས་འཁོར1 འགྱིག་བཟོས་གྲུ་གཟིངས1 ལྕགས་རྒྱུའི་འགྱིག་བཟོས་གྲུ་ཁེམ2 ཆུ་ལྭ2 དྲ་རྒྱ5 རྒྱ་མ་འཇལ་བ་བརྒྱུད་ཁྱོན་བསྡོམས་པས་ཉ་མོ་སྤྱི་རྒྱ340ཡོད་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཧི་ཆེ་གེ་མོ་དང་ཀྲའོ་ཆེ་གེ་མོ་གཉིས་ཀྱིས་དཔལ་འབྱོར་ཁེ་ཕན་གྱི་བཙན་སྐུལ་འོག་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་སྣང་མེད་དུ་བཞག་པ་དང་། མཚོ་སྔོན་པོའི་རྒྱུད་དུ་ཁྱོན་ཡོངས་ནས་ཉ་འཛིན་བཀག་སྡོམ་བྱས་ཡོད་པ་ཤེས་པའི་གནས་ཚུལ་འོག རྒྱལ་ཁྲིམས་སྣང་མེད་དུ་བསྐྱུར་ནས་ཉིན་མཚན་གོ་ལྡོག་ནས་ཉ་འཛིན་ཁེ་སྤོགས་ལེན་པའི་ཧམ་སེམས་བཅངས་པ་རེད། ད་ལྟ་མཚོ་སྔོན་པོའི་ཉ་འཛིན་བཟུང་བྱེད་པའི་དོགས་ཡོད་ཉེས་ཅན་རྫོང་ཉ་སྲིད་བདག་དོམ་ས་ཚིགས་སུ་བསྐྱལ་ཏ་འབྲེལ་ཡོད་ལས་ཁུངས་དག་ལ་གསལ་འབྱེད་བྱེད་དུ་བཅུག་ཤིང་། གྱོད་དོན་དེར་མྱུལ་ཞིབ་བྱེད་བཞིན་པའི་སྒང་ཡིན།

དེར་མཐུད། ཐེམ་ཆེན་རྫོང་སྤྱི་བདེ་འུའུ་ཡིས་མུ་མཐུད་དུ་ཁྲིམས་འགལ་སྒོས་ཆུ་ནང་ཐོན་རྫས་འཛིན་བཟུང་བྱེད་མཁན་ལ་རྡུང་རྡེག་གཏོང་ཚད་ཆེས་ཆེར་བཏང་པ་དང་རྫོང་ཡོངས་ཀྱི་ཆུ་བོའི་འབབ་རྒྱུད་དུ་ཁྲིམས་འགལ་ཉ་འཛིན་ནག་ཉེས་ཀྱི་བྱ་སྤྱོད་གཏན་འགོག་ནན་མོ་བྱས་ཏེ། རྫོང་ཡོངས་སུ་ཉ་འཛིན་གཏན་འགོག་བྱ་བའི་ཐད་ལ་ཕན་འབྲས་སྨིན་རྒྱུར་ཁག་ཐེག་དང་གཙང་ཆབ་སྔོན་མོར་སྦགས་བཙོག་མེད་པ་སོ་སྲུང་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།