རང་ཞིང་གིས་པྲོག་དུག་ཉིང་སྐྱུར་བརྟག་དཔྱད་ཀྱི་སྤུས་ཀའི་ཚོད་འཛིན་དང་སྐྱེ་དངོས་བདེ་འཇགས་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་པྲོག་དུག་ཉིང་སྐྱུར་བརྟག་དཔྱད་བྱ་བ་སྔར་བས་ཚད་ལྡན་དུ་བཟོ་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིང་ཆེན་ནད་ཐོག་སྨན་བཅོས་ཞིབ་བཤེར་ལྟེ་གནས་ལ་མངགས་བཅོལ་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཀྱི་སྤུས་ཀའི་ཚོད་འཛིན་དང་སྐྱེ་དངོས་བདེ་འཇགས་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད།

རིམས་ནད་འགོག་ཟོན་བྱ་བའི་བླང་བྱ་ལྟར། གསོ་སྦྱོང་འཛིན་གྲྭར་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་བྱེད་ཐབས་སྤྱད་ཡོད་པ་རེད། གསོ་སྦྱོང་འཛིན་གྲྭའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཁང་གི་སྤུས་ཀའི་དཔྱད་དཔོག་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང“མཚོ་སྔོན་གྱི་མཁས་དབང”བཅས་ཡིན་པའི་ཀྲའོ་ཧྲིན་ཞིའུ་ཡིས་ཚང་མར། “རིམས་ནད་འགོག་བཅོས་ཀྱི་འགན་འཁྲི་དང་འོས་བབས”ཞེས་པའི་བརྗོད་དོན་གཙོ་བོའི་སྙན་ཞུ་ཕུལ་ཞིང་། ཞིང་ཆེན་གནས་སྐབས་ཞིབ་བཤེར་ལྟེ་གནས་ཀྱིས་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། འགོག་ཟོན་ཇུས་གཞི། ཉིང་སྐྱུར་བརྟག་དཔྱད་ཀྱི་སྤུས་ཚད་ཚོད་འཛིན། སྐྱེ་དངོས་བདེ་འཇགས་དང་། དེ་བཞིན་གཞི་ཁྱོན་ཆེ་བའི་མི་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་གསོ་སྦྱོང་བྱས་པ་རེད།

ཞིང་ཆེན་རིམ་པའི་སྨན་བཅོས་སྒྲིག་གཞིས་པྲོག་དུག་ཉིང་སྐྱུར་བརྟག་དཔྱད་ལས་ཁུངས་ཀྱི་ལས་བགོས་འགན་འཁུར་བློ་མཐུན་དང་། བརྟག་དཔྱད་ཚན་ཁག །ཚོད་ལྟ་ཁང་གི་འགན་འཁུར་བ་བཅས་དང་། ཞིང་ཆེན་རིམས་ནད་འགོག་ཟོན་ལྟེ་གནས་དང་ཕྱོགས་གསུམ་པའི་གསོ་རིག་བརྟག་དཔྱད་ལྟེ་གནས་ཀྱི་འགན་འཁུར་བ་ཚོགས་ར་གཙོ་བོའི་གསོ་སྦྱོང་ནང་ཞུགས་པ་དང་། འབྲེལ་ཡོད་མི་སྣ300ལྷག་གྲོང་ཁྱེར(ཁུལ)དང་རྫོང་ཡན་ལག་ཚོགས་རའི་དྲ་ཐོག་གསོ་སྦྱོང་ནང་ཞུགས་པ་རེད།

ས་གནས་སོ་སོའི་སྨན་བཅོས་སྒྲིག་གཞིས་རིམ་པ་དབྱེ་ནས་མི་སྣ་ཡོངས་ལ་གསོ་སྦྱོང་བྱས་པ་རེད།

ཤ་མོ་འཚོས་བསྒྱུར།