རང་ཞིང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གསུམ་པ་བསྡུས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།སྤྱི་ཟླ9པའི་ཚེས14ཉིན། ཞིང་ཆེན་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གསུམ་པ་ཟི་ལིང་ནས་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཚན་ཆུང་གི་ཚན་གཙོ་ལིའུ་ཝེ་ཡིས་སྒྲོག་སྤེལ་ཚོགས་འདུར་འགོ་འཛིན་བྱས་པ་རེད།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་གཞུང་སྒྲུབ་ཁང་ལག་ལེན་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝུའུ་ལེང་ཐའོ་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། གྲོང་ཁྱེར་ཏང་ཨུའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ལག་ལེན་སྐུལ་འདེད་ཚན་ཆུང་གི་ཚན་གཙོ་ཝང་ཧྲིན་པེན། ཞིང་ཆེན་སློབ་གསོ་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཀྲུང་ཙིག་ཧའེ། ཝུའུ་ལན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། རྫོང་ཏང་ཨུའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧྲི་ཡོའུ་ལུའུ། རྨ་ཆེན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། རྫོང་ཏང་ཨུའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲང་ཕིན། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀུང་ཟིའི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། ཀུང་ཟིའི་ཏང་ཨུའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲའོ་ཞིན་རུང་བཅས་འབྲེལ་ཡོད་འགན་ཁུར་མི་སྣའི་འཐུས་ཚབ་ཀྱིས་རང་ཡོད་སའི་ལས་ཁུངས་དང་ས་ཁུལ་གྱི་གནས་ཚུལ་ལ་དམིགས་ནས། “བདག་གིས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་གྱི་བྱེད་ཐབས་དང་གྲུབ་འབྲས་ངོ་སྤྲོད་བྱས།

ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། བཀོད་སྒྲིག་བཟང་པོ་དང་ལྟ་སྐུལ་ནན་མོ་བྱས་ལ། གྲུབ་འབྲས་ལ་མཐོང་ཆེན་དང་ལག་བསྟར་དམ་འཛིན་བྱས་ཏེ། སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་གྲུབ་འབྲས་བཟང་པོ་ལེན་པར་ཁག་ཐེག་བྱས། དེ་དང་མཉམ་དུ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་རེ་བ་དམིགས་ཚད་དུ་བཟུང་བ་དང་། བསམ་བློ་སྔོན་དུ་བསྐྱོད་པ་དང་ཤེས་པ་དང་ཉམས་ལེན་གཅིག་བསྡུས་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་བཏང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ལ། རང་སྟེང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་སྒོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”སྐབས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ལ། “ངས་དམངས་ལ་དོན་དངོས་སྒྲུབ་པར་བྱེད”ཅེས་པའི་ལག་ལེན་བྱ་འགུལ་བརྟན་བརླིང་ངང་སྤེལ་བ་དང་། དམངས་ཕན་དམངས་བདེའི་བྱེད་ཐབས་བཟང་པོ་རབ་དང་རིམ་པ་བཏོན་ལ། ཁྱད་ཆོས་ལྡན་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་རབ་དང་རིམ་པ་གྲུབ་པར་བྱས་པས། “ངས་དམངས་ལ་དོན་དངོས་བསྒྲུབ་པ་བྱ”ཞེས་པའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཟེར།

ཤ་མོ་འཚོས་བསྒྱུར།