“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་བསྟར་སྒོས་དུས་རབས་གསར་པའི་སྲིད་ཁྲིམས་དཔུང་སྡེའི་ཧྲགས་དམག་སྦྱངས་རྡུང་བྱེད་པ”

— “ཐོག་མའི་བསམ་འདུན་ལ་ཉན་ནས་སྲོལ་རྒྱུན་གྱི་སྙིང་སྟོབས་དར་སྤེལ་གཏང་དགོས” ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི“ཉེན་རྟོག་པ་རྒན་པའི”སྲོལ་རྒྱུན་བཟང་པོའི་སྐོར་གླེང་བའི་བགྲོ་གླེང་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན། ཞིང་ཆེན་སྤྱི་བདེ་ཐིང་གིས་གཙོ་གཉེར་བྱས་པའི“ཐོག་མའི་བསམ་འདུན་གྱི་གཏམ་རྒྱུད་ཉན་ནས་སྲོལ་རྒྱུན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས”ཞེས་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི“ཉེན་རྟོག་པ་རྒན་པའི”སྲོལ་རྒྱུན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ་རེད། ཞིང་ཆེན་སྤྱི་བདེ་ཐིང་གི་ལས་རོགས་ཉེན་རྟོག་པ་ཡོངས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ནང་ཞུགས་ཡོད་པ་དང་། མཚོ་སྔོན་སྤྱི་བདེ་སྨྱན་སྦྱོར་གསར་པའི་ལིང་ཚེ་ཐོག་ཐད་གཏོང་བྱས་པ་དང་མི་ཁྲི10ལྷག་ཙམ་དྲ་ཐོག་ཏུ་ལྟ་བཞིན་ཡོད་པ་རེད། 

བཅར་འདྲི་ཚོགས་འདུའི་སྟེང་། ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་གྲས་ཀྱི་འཐུས་མི་སུང་ཁྲོན་མིང་དང་། མཚོ་སྔོན་སྤྱི་བདེ་དཔེ་བཟང་འཐུས་མི་ཧན་ཡུས་ཆིང་། ཧྥན་ཀྲུང་ཡོན། ཐེན་ཡུང་བཅས་ཀྱིས་མཉམ་དུ་ཉེན་རྟོག་པའི་ཐོག་མའི་བསམ་འདུན་གླེང་ནས་འབད་འཐབ་ཀྱི་གཏམ་རྒྱུད་བསྐྱར་དུ་སྤེལ་བ་རེད། “ཉེན་རྟོག་པ་རྒན་པ”བཞིས་རང་ཉིད་སྤྱི་བདེ་ལས་དོན་ནང་ཞུགས་ནས་ལོ་བཅུ་ཕྲག་ཁ་ཤས་རིང་གི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ། རང་ཉིད་ཀྱི་ཉེན་རྟོག་པའི་གཏམ་རྒྱུད་མཉམ་སྤྱོད་དང་། མཚོ་སྔོན་སྤྱི་བདེའི་སྲོལ་རྒྱུན་བཟང་པོ་གསལ་འགྲེལ་བྱས་ནས་གསོན་ཉམས་དོད་པའི་བྱ་བའི་རྣམ་པ་དང་། ཉེན་རྟོག་པའི་གཟུགས་བརྙན་ཇི་མ་ཇི་བཞིན་གསོན་ཉམས་དོད་པོར་མངོན་ཡོད། ན་གཞོན་མི་དམངས་ཉེན་རྟོག་པའི་འཐུས་མིས་ཐེངས་འདིའི་རྗེས་རེས་ཀྱི་བརྗོད་བྱ་གཙོ་བོ་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་མཉམ་སྤྱོད་དང་བསམ་ཚུལ་ལྷུག་པོར་གླེང་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་མཉམ་འགུལ་ཡང་ཡང་བྱེད་པ་དང་། རྣམ་པ་འཁྲུག་ཆ་དོད་པ། ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་པ་བཅས་རེད།

བྱེད་སྒོ་མཇུག་བསྡུས་རྗེས། རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚོས་ཐེངས་འདིའི་བྱེད་སྒོ་བརྒྱུད་དེ། ཉེན་རྟོག་པའི་ཐོག་མའི་བསམ་འདུན་སྔར་བས་ཇེ་བརྟན་དུ་སོང་བ་དང་། བསམ་ཕྱོགས་དང་མཐོང་རྒྱ་ཆེ་རུ་སོང་བ། བྱ་བའི་ཉམས་མྱོང་བསྡུ་ལེན་ཐུབ་པ་བཅས་བྱུང་ནས། རྗེས་ཕྱོགས་ཀྱི་ཉེན་རྟོག་ལམ་དང་མི་ཚེའི་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་ཡོད། རྗེས་ཕྱོགས་རང་འགུལ་ངང་དཔའ་བོ་དང་དཔེ་བཟང་རྣམས་ལ་སློབ་སྦྱོང་དང་མིག་དཔེ་རུ་བལྟས་ནས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་འགན་འཁྲི་ཕྲག་ཏུ་འཁུར་བ། བློ་དཀར་བྱ་སྤྱོད་ཐོག་ཏུ་བཞག སྔར་ལས་ལྷག་པའི་སྒོ་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྲུང་སྐྱེལ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པ། བྱས་རྗེས་གསར་པ་མཚོན་པ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་ཕན་འབྲས་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ནས། ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།