མཚོ་ནུབ་ཁུལ་གྱིས་གཅིག་བསྡུས་སྒོས་རྒྱལ་ཡོངས་ཚན་རྩལ་ཡོངས་ཁྱབ་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ་བ།

ཟླ9པའི་ཚེས11ཉིན་ནས་ཟླ9པའི་ཚེས17ཉིན་བར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་བརྒྱའི་འབད་འཐབ་ཀྱིས་ཚན་རིག་ཡོངས་ཁྱབ་རོགས་སྒྲུབ་ཀྱི་མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་ས་མཐོ་བརྗོད་དོན་གཙོ་བོ་ཡིན་པའི་རྒྱལ་ཡོངས་ཚན་རིག་ཡོངས་ཁྱབ་ཉིན་མོའི་བྱ་འགུལ་དེ་ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་རུ་གཅིག་བསྡུས་ངང་སྤེལ་ཡོད། ཚན་རིག་གི་ཡོངས་ཁྱབ་འགྲེམས་པང་སྤེལ་བ་བརྒྱུད། ཚན་རིག་གི་ཡོངས་ཁྱབ་རྒྱུ་ཆ་འདོན་སྤེལ། ཚན་རིག་གི་ཡོངས་ཁྱབ་འཕྲེད་དར་འགེལ་བ། ཚན་རྩལ་གྱི་འདྲི་རྟོག་ཞབས་ཞུ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒྱ་ཆེའི་སྤྱི་དམངས་དག་གི་བསྲི་ཆགས་གྲོན་ཆུང་འདུ་ཤེས་ཆེས་ཆེར་བཏང་ལ། ཁོར་སྲུང་འདུ་ཤེས་དང་སྐྱེ་ཁམས་འདུ་ཤེས་ཀྱིས་མཛེས་སྡུག་གི་ཀྲུང་གོ་དེ་རང་རྟོག་ཅན་ལ་འཛུགས་སྐྲུན་བྱས་ཡོད། གོང་གི་པར་འདི་ནི་ལས་བྱེད་མི་སྣ་དག་གིས་སེམས་པ་རྩེ་གཅིག་གིས་ཚན་རིག་གི་ཡོངས་ཁྱབ་ཤེས་བྱ་འགྲེལ་སྒྲོག་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།