ནུབ་རྒྱུད་ཆུ་མཛོད་ཆུང་ཆུང་ལ་སྲུང་སྐྱོབ་བྱས་པ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་ནུབ་རྒྱུད་ཀྱི་ཆེས་མཛེས་པའི་ས་གནས་ཤིག་ཏུ་ཡོད་ལ། གནས་འདི་ནི་མཚོ་སྔོན་པོའི་ཆུ་འགོ་གཙོ་བོའི་གནས་ཀྱང་ཡིན། དེའི་མི་ཚད་རྨ་ཆུའི་ཆུ་ལག་དང་པོ་ཙོང་ཆུ་དང་ཆུ་ལག་གཉིས་པ་རྟ་ཐང་ཆུ་བོ། རང་རྒྱལ་ནུབ་བྱང་ས་ཁུལ་གྱི་སྐམ་སའི་ནང་བཞུར་པའི་ཨང་གཉིས་པ་ཆུ་ནག་བཅས་ཀྱི་འགོ་ཁུངས་ཡང་ཡིན་པས། ནུབ་རྒྱུད་ཆུ་མཛོད་ཆུང་ཆུང་གི་མཚན་སྙན་ཡོད། ཁུལ་ཡོངས་ཀྱི་མངའ་ཁོངས་སུ་མདོ་ལ་རི་བོའི་ཆུ་འགོའི་ས་ཁུལ་དང་མཚོ་སྔོན་པོ་རྒྱལ་སྤྱིའི་འདམ་ར་གཙོ་བོ་ཞིག་ཀྱང་ཡིན་པས། རང་ཞིང་གི་སྒྲིབ་གཅིག་རྒྱུད་གཉིས་ཀྱི་སྐྱེ་ཁམས་བདེ་འཇགས་གྲུབ་ཚུལ་གྱི་ཆ་ཤས་གལ་ཆེན་ཞིག་ཀྱང་ཡིན། ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྒྲིབ་ཡོལ་དང་རྒྱལ་ཡོངས་ཆུའི་ཐོན་ཁུངས། ཆུའི་སྐྱེ་ཁམས་བདེ་འཇགས་བཅས་ཀྱི་འཐབ་ཇུས་གནས་ཡུལ་གལ་ཆེན་ཞིག་ཀྱང་ཡིན།

ལོ་འདི་དག་གི་རིང་ལ། མཚོ་བྱང་ཁུལ་གྱིས་མཚོ་བྱང་ཁུལ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཁྲོད་སྐུལ་འདེད་གཏོང་བ་སྲ་བརྟན་རྒྱུན་འཁྱོངས་སྒོས། མཚོ་བྱང་མཐོ་སྒང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཤེས་ཡོན་ཁྲོད་འགན་འཁྲི་ཕྲག་ཏུ་བླངས་ཡོད་པ་མ་ཟད། འབད་བརྩོན་ལྷོད་མེད་བཏང་ཡོད། མདོ་དབུས་མཐོ་སྒང་གི་ནུབ་རྒྱུད་ཆུ་མཛོད་ཆུང་ཆུང་ལ་སྲུང་སྐྱོབ་བྱ་ཆེད། ཁུལ་དེས་ཐོག་མཐའ་བར་གསུམ་གྱི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བཟུང་སྟེ། ཆུ་ལ་གྲོན་ཆུང་བྱེད་པ་དམིགས་གསལ་དང་བར་སྟོང་ཆ་སྙོམས། མ་ལག་བཅོས་སྐྱོང་། ལག་པ་ཟུང་གི་ནུས་པ་འདོན་སྤེལ་བཅས་ཀྱི་དུས་རབས་གསར་པའི་ཆུ་བེད་བཅོས་སྐྱོང་བྱེད་ཐབས་གཞིར་བཟུང་སྟེ། དངོས་ཡོད་ཀྱི་ཆུ་བེད་བཟོ་སྐྲུན་གྱི་ཞན་ཆ་ཁ་སྐོང་དང་ཆུ་བེད་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་བྱ་བའི་སྤྱིའི་དམིགས་འབེན་ལྟར།

ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བེད་སྤྱོད་བྱེད་པ་གཙོ་ཐིག་ཏུ་བཟུང་ཤིང་། ཆུའི་བདེ་འཇགས་ཀྱི་འགན་སྲུང་དམིགས་འབེན་དུ་བཟུང་ལ། ཆུར་གནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཚོད་ལྟ་གཏིང་ཟབ་ཏུ་སྤེལ། ཏན་ཏིག་སྒོས་ཆུ་སྲུང་ལམ་ལུགས་དང་མཚོ་སྲུང་ལམ་ལུགས་དངོས་འབེབས་བྱས། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་གཏིང་ཟབ་དུ་སྤེལ་བའི་ཐད་ཚན་རིག་ལ་བརྟེན་ནས་ཆུའི་ཐོན་ཁུངས་ཀྱི་ཕན་འབྲས་བེད་སྤྱོད་ཐད་ཚན་རིག་གི་སྐུལ་འདེད་བཏང་། ཆུར་གནས་སྐྱེ་ཁམས་མ་ལག་ཞིག་གསོ་དང་ཆུའི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་། ཆུའི་གནོད་འཚེ་ལ་ཚན་རིག་དང་མཐུན་པའི་འགོག་སྲུང་བྱ་བ་བསྒྲུབ་པ་ན། ད་བཟོད་སྐྱེ་ཁམས་དཔལ་ཡོན་གཡུལ་ས་དང་སྤུས་ཚད་མཐོ་པའི་འཕེལ་རྒྱས་མཁོ་སྤྲོད་རྒྱུན་འཁྱོངས་ལ་ཆུ་བེད་འགན་སྲུང་བྱ་ཐུབ་པ་རེད།

ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་ས་ནི་འཚོ་གནས་ཀྱི་གཞི་རྩ་ཡིན། ལོ་འདི་དག་གི་རིང་ལ། མཚོ་བྱང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁུལ་གསར་འཛུགས་བྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། ཚད་མཐོའི་མཐོང་ཆེན་ངང་ཆུ་དང་ས་གཞིའི་བྱ་བར་སྐུལ་འདེད་བཏང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་འཛུགས་སྐྲུན་མ་དངུལ་དུང་ཕྱུར1.3བརྩོན་ལེན་བྱས་ཏེ། རྐང་ཚ་རྫོང་གི་འོམ་ཆུའི་འབབ་རྒྱུད་ལ་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་དང་མདོ་ལ་རྫོང་གི་ཆུ་འཁྱག་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་སོགས་བཟོ་སྐྲུན18ཀྱི་འབབ་རྒྱུད་ཆུང་ངུར་ཕྱོགས་བསྡུས་བཅོས་སྐྱོང་དང་མདོ་ལ་རི་བོའི་ས་ཆུའི་རྒྱུན་འཁྱོངས་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་སོགས་འཛུགས་སྐྲུན་མི་འདྲ་བ710དང་། འདམ་ཆུ་བཞུར་བའི་རྒྱ་ཁྱོན་སྤྱི་ཆིངས15512ལ་ཆུ་བེད་བཅོས་སྐྱོང་གསར་སྣོན་བྱས་ཏེ། ས་ཆུའི་སྔོན་འགོག་ལྟ་སྐུལ་དོ་དམ་བྱ་བའི་ཐད་ལ་གྲུབ་འབྲས་བླངས་ནས། ཁུལ་ཡོངས་ཀྱི་ས་ཆུའི་སྲུང་སྐྱོབ་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་།

ད་ལྟ་ནུབ་རྒྱུད་ཆུ་མཛོད་ཆུང་ངུའི་ཆུ་སྔར་ལས་དྭངས་ཤིང་སྔར་ལས་སྔོ། དེ་བཞིན་དུ་ཆུ་བོའི་འབབ་རྒྱུད་ཀྱི་ཁོར་ཡུག་ཡང་སྔར་ལས་མཛེས་པས། ཆུའི་སྐྱེ་ཁམས་དང་ཆུའི་ཁོར་ཡུག་གི་རྒྱུ་སྤུས་ལ་མངོན་གསལ་གྱིས་ལེགས་བཅོས་བྱུང་ཡོད། ཆུའི་བདེ་འཇགས་འགན་སྲུང་གི་ཆུ་ཚད་ཡང་མངོན་གསལ་གྱིས་མཐོར་འདེགས་བྱུང་བ་དང་། ཆུའི་སྐྱེ་ཁམས་དཔལ་ཡོན་གྱི་ཚོང་རྟགས་ཕན་འབྲས་ཡང་རིམ་བཞིན་མངོན་གསལ་འབུར་ཐོན་བྱུང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།