“ཏང་གི་སློབ་ཚན་གྱི་ཚ་རླབས”ཀྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ།

རྫོང་ཏང་ཨུའི་ཧྲུའུ་ཅིས་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ཏང་གི་སློབ་ཚན་ཁྲིད་པའི”དམིགས་སའི་རང་བཞིན་དང་། “ཏང་གི་སློབ་ཚན་ཁྲིད་པའི”ནང་ཞུགས་ཚད། “ཏང་གི་སློབ་ཚན་ཁྲིད་པའི”དངོས་ཕན་རང་བཞིན་སོགས་གཏིང་ཟབ་ཏུ་གཏོང་བར། རང་ཞིང་གིས“ཏང་གི་སློབ་ཁྲིད་བྱེད་འགོ་རྩོམ་པའི”བྱེད་སྒོ་དེ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། 《ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་ཁྲོད་དུ་ཏང་གི་ཤེས་བྱ་སློབ་ཁྲིད་དང་ཕུལ་བྱུང་ཏང་གི་ཤེས་བྱ་སློབ་ཁྲིད་འགྲེམས་སྟོན་བྱེད་སྒོ་སྤེལ་བའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས། ནང་དོན་དང་རྣམ་པ་ཁ་གསལ་བཟོ་བ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་མིག་དཔེ་སྟོན་རྒྱུ་རྒྱུན་འཁྱོངས། གོང་གིས་འོག་ལ་སྣེ་ཁྲིད་དེ་ཏང་གི་སློབ་ཚན་ཁྲིད་པ། རིམ་པ་སོ་སོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་གི་ཤེས་བྱ་སློབ་ཁྲིད་བྱེད་པར་དཔེ་སྟོན་དང་སྐུལ་ཁྲིད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“ཏང་གི་སློབ་ཚན་འཁྲིད་དང་། ཏང་གི་སློབ་ཚན་ལ་ཉན་པ། ཏང་གི་སློབ་ཁྲིད་སྤྱོད་པ”བཅས་ཀྱི་ཚ་རླབས་འཕྱུར་ནས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་མུ་མཐུད་དུ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། འབད་འབུངས་ཡར་བརྩོན་ཁྲོད་ཐོག་མའི་བསམ་བློའི་ལས་འགན་ལག་ལེན་བསྟར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་ཞིག་ཧུར་ཐག་བརྩམ་དགོས་པ་རེད།

ཟི་ལིང་གྲོང་ཁྱེར་གྱི་ཏང་གི་སློབ་ཁྲིད་བྱེད་པའི་དགེ་རྒན་ཚོགས་པས་གཞི་རིམ་དུ་ཏང་གི་སློབ་ཚན་ཁྲིད་པ།

མཚོ་ཤར་གྲོང་ཁྱེར་གྱིས“གྲོང་ཚོའི་ལོ་རྒྱུས་ཁང་དུ་ཏང་གི་སློབ་ཚན་ཁྲིད་པའི”བྱེད་སྒོ་སྤེལ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།