སྐྱེ་ཁམས་ཁོར་སྲུང་ཤེས་བྱ་སློབ་ཁྲིད་ཁྲོད་བསྐྱལ་པ།

ང་ཚོ་ནི་ཁོར་སྲུང་དང་བླངས་པ་ཡིན།

ཚང་མས་ཁོར་སྲུང་ཉོ་འཚོང་ཁུག་མ་བེད་སྤྱོད་བྱ་རྒྱུ་དར་སྤེལ་གཏོང་བཞིན་པ།

རྩྭ་ཐང་གི་གད་སྙིགས་གཙང་སེལ་བྱེད་བཞིན་པ།

རྫ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་གྱི་ན་ཆུང་བྱིས་པའི་སྐྱེ་ཁམས་ཀུན་སྤྱོད་སློབ་གསོའི་རྟེན་གཞི་ལ་གཞི་བཅོལ་ནས། རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོར་ས་གནས་སྐྱེ་ཁམས་དང་མི་ཆོས་ཁྱད་ལྡན་གྱི་ཁོར་ཡུག་སློབ་གསོའི་སློབ་ཁྲིད། ཁོར་སྲུང་དོན་དངོས་བྱ་འགུལ་སྤེལ་ནས། སྐྱེ་ཁམས་ཁོར་སྲུང་ཤེས་བྱ་སློབ་ཁྲིད་ཁྲོད་བསྐྱལ་པ་དང་ན་ཆུང་བྱིས་པ་དག་ལ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་ལ་སོ་སྲུང་གིས་ས་གནས་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་གི་ཕ་ཡུལ་གྱི་རི་ཆུ་དང་རྩྭ་རྐང་རེ་རེར་སྲུང་སྐྱོབ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།