ཁྱད་ལྡན་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱས་པ།

ཟླ9པའི་ཚེས11ཉིན། གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ཁྱད་ལྡན་ཐོན་ལས་གླིང་ལ་ཐོན་དུས་གླིང་ཁུལ་དུ་ལས་བྲེལ་ཆེ་བའི་རྣམ་པ་ཞིག་མངོན་ཡོད། རྒྱུས་ལོན་པ་ལྟར་ན། གསོ་སྤེལ་གླིང་འདི་སྨན་རྫས་ལས་སྣོན་དང་མི་རིགས་གྱོན་ཆས། མི་རིགས་ལག་ཤེས་བཟོ་རྩལ་སོགས་ཐོན་ལས་ཆེན་པོ7གྱིས་ཁེངས་ཡོད་ལ། རྨ་ཆེན་གེ་སར་རིག་གནས་དང་ཁྱད་འཕགས་ཀྱི་མཐོ་སྒང་ཁྱད་ལྡན་ཐོན་ཁུངས་ལེགས་པོར་བརྟེན་ནས། མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་ཐོན་སྐྱེད་གསར་སྤེལ་དང་ཚོང་རྟགས་གྲགས་ཅན་གསར་བཟོ། རྩལ་ནུས་གསབ་སྦྱོང་། དབུལ་སྐྱོར་ཐོན་ལས་གསབ་སྦྱོང་སོགས་ཀྱི་བྱེད་ནུས་སྐྱེ་ལྡན་མཉམ་བསྲེས་ཀྱི་གཞི་རྟེན་གསབ་སྦྱོང་འཕེལ་རྒྱས་བྱ་བའི་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་སུ་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གྱིས་གྲོང་གསེབ་དར་སྤེལ་ཐད་ལ་ཐོན་ལས་ཀྱི་རྒྱབ་རྟེན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།