མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་རིམ་པས་གཞི་གྲངས་ཆེན་མའི་དོ་དམ་སྟེགས་བུ་ཐོག་མར་ལེགས་འགྲུབ་བྱུང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་སྤྱི་གླིང་ཧྲིལ་བོར་ཁེབས་པ་དང་གནམ་ས་ཟུང་འབྲེལ་ཅན་གྱི་ལྟ་ཞིབ་ཚད་ལེན་དོ་དམ་ཚོད་འཛིན་གྱི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་རིམ་པའི་གཞི་གྲངས་དོ་དམ་སྟེགས་བུ་དེ་ཐོག་མར་ཡོངས་འགྲུབ་བྱུང་ཡོད།

གཞི་གྲངས་ཆེན་མོའི་དོ་དམ་སྟེགས་བུའི་ཟི་ལིང་ཡན་ལག་ཚོད་འཛིན་ལྟེ་གནས་ཀྱི་ཡུལ་དངོས་གསར་འགོད་པས་མཐོང་གསལ་ལྟར་ན། ཡན་ལག་ཚོད་འཛིན་ལྟེ་གནས་ཀྱི་བརྙན་ངོས་དང་པོའི་འཆར་ཡོལ་གྱི་རྒྱ་ཁྱོན་ཅུང་ཆེ་ཞིང་། འཆར་བའི་ནང་དོན་ཡོངས་ཁྱབ་ཅན་ཡིན་པས། འཕྲོ་རིམ་འཕྲོར་ཆིག་རྡེབ་འབྲེལ་ཡོད་བརྒྱུད་རིམ་ལྟར། བརྗོད་དོན་རི་མོའི་ངོས་དང་གཞི་གྲངས་མངོན་ཡོད། རྒྱུས་ལོན་པ་ལྟར་ན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་རིམ་པའི་གཞི་གྲངས་དོ་དམ་སྟེགས་བུར་ཁྱོན་བསྡོམས་པས་སྐྱེ་ཁམས་ཐོན་ཁུངས་དང་སྐྱེ་ཁམས་བདག་སྲུང་། སྐྱེ་ཁམས་ཚན་རྩལ་ཞིབ་འཇུག་སོགས་སྒྲོམ་གཞི་མི་འདྲ་བ8ཡོད། མ་ལག་བེད་སྤྱོད་བརྒྱུད་དེ་དངོས་སྦྲེལ་དྲ་རྒྱ་དང་མིས་རྩོལ་རིག་ནུས་ཀྱི་རིམ་པ་དང་པོའི་བརྡ་འཕྲིན་ལག་རྩལ་བརྒྱུད། རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ཞིབ་ཚགས་ཅན། འགུལ་རྣམ་ཅན། མ་ལག་ཅན་གྱི་དོ་དམ་ཐོག་མར་མངོན་འགྱུར་བྱུང་ཡོད། འདི་ནི་རྒྱལ་ཁབ་སྤྱི་གླིང་གི་ཕན་ནུས་མཐོ་བའི་སྲུང་སྐྱོབ་དོ་དམ་དང་ཚན་རིག་གི་ཐོན་ཁུངས་སྲུང་སྐྱོབ། གནད་དུ་ཁེལ་བའི་ཉིན་རྒྱུན་སྐོར་གཡེང་སྲུང་སྐྱོབ་སོགས་ཀྱི་བྱ་བའི་ཐད་ལ་བྱེ་བྲག་གི་དོན་སྙིང་གལ་ཆེན་ལྡན་ཡོད།

མདོ་ལ་རི་བོ་ནི་རང་རྒྱལ་གྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་སྒྲིབ་ཡོལ་གཙོ་བོ་དང་། རྨ་ཆུའི་འབབ་རྒྱུན་གྱི་ཆུ་འགོའི་ཐོན་ཁུངས་གཙོ་བོ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་སྤུས་ལེགས་ཁྱབ་ཁོངས་བཅས་ཡིན། འོན་ཀྱང་དུས་ཡུན་རིང་བོའི་གཞི་གྲངས་སྒྲིབ་ཡོལ་དང་ཆག་ཧྲུལ་ཅན་སོགས་རྒྱུ་རྐྱེན་ཚད་བཀག་གིས་སྐྱེ་ཁམས་རྒྱུ་སྤུས་ཀྱི་འགྱུར་ལྡོག་དང་སྐྱེ་ཁམས་སྲུང་སྐྱོབ་ཐག་གཅོད་སོགས་ཀྱི་ཐད་ལ་གཞི་གྲངས་ཀྱི་རྒྱབ་རྟེན་དཀོན་པ་རེད། ཚོད་ལྟའི་བྱ་བ་སྤེལ་བ་ནས་བཟུང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་གནམ་ས་ཟུང་འབྲེལ་གྱི་ངོ་བོ་གཅིག་ཅན་གྱི་ལྟ་སྐུལ་དོ་དམ་ཚོད་འཛིན་མ་ལག་ཚོད་ལྟའི་དམིགས་འབེན་བླང་བྱ་སྒྲུབ་པ་དང་། མ་ལག་གི་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་ཀྱིས་རྒྱལ་ཁབ་སྤྱི་གླིང་ནང་གི་རྨང་གཞིའི་ཐོན་ཁུངས་དག་སྒྲིག་དང་རྨང་གཞིའི་ཐོན་ཁུངས། དུས་སྔོན་ཚོར་ཤེས། ཚན་རྩལ་ཞིབ་འཇུག་བྱ་འགུལ། མི་ཆོས་དཔལ་འབྱོར། ཁོར་ཡུག་སྲུང་སྐྱོབ། ནགས་ལས་ཐོན་ལས་སོགས་ཀྱི་གཞི་གྲངས་དག་སྒྲིག་སྒོས་རྣམ་པ་གསར་པའི་གཞི་གྲངས་སྔོག་འདོན་ལག་རྩལ་བེད་སྤྱད་ནས། གཞི་གྲངས་མངོན་མཐོང་ཅན་གྱི་ལག་རྩལ་དང་གཞི་གྲངས་བར་གྱི་མཐུད་སྦྲེལ་རང་བཞིན་འཐུས་ཚང་དུ་བཏང་ནས། སྒྲིག་སྲོལ་ཅན་དང་རིན་ཐང་ཅན་གྱིས་རྒྱལ་ཁབ་སྤྱི་གླིང་དང་ནགས་ལས་ལས་རིགས་ཀྱི་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱས་ཏེ། སྐྱེ་ཁམས་བཟོ་སྐྲུན་དང་གནོད་འཚེ་འཕྲད་བསྟུན། ནགས་ལས་ཐོན་ལས་དར་སྤེལ།

རིན་ཐང་དཔྱད་འཇོག སྐྱེ་ཁམས་སླར་གསོ་སོགས་ཀྱི་ཐད་ནས་གཞི་གྲངས་ཀྱི་རྒྱབ་རྟེན་དང་ཐབས་ཇུས་ལ་རྒྱབ་སྐྱོར་བྱས། ཉེ་ལམ། དོ་དམ་སྟེགས་བུ་དེ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྐུལ་ཚད་ལེན་དང་གླིང་ཁུལ་དོ་དམ། ཉིན་རྒྱུན་སྐོར་ཞིབ་སོགས་ཀྱི་བྱ་བའི་ཁྲོད་ཐོག་མར་མངོན་པའི་གྲུབ་འབྲས་ཡིན་ངེས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།