ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ལ“རིམས་འགོག་འཛིང་རགས”བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་བ་བརྒྱུད། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རིམས་འགོག་བྱ་བའི་དངོས་ཡོད་ལ་ཟུང་འབྲེལ་སྒོས། མང་ཚོགས་ལ་དོན་དངོས་སྒྲུབ་པའི་དངོས་ཡོད་བྱ་འགུལ་ཧུར་ཐག་སྒོས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ལ་རིམས་འགོག་འཛིང་རགས་བསྐྲུན་ནས། མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་མུ་མཐུད་དུ་མཐོ་རུ་བཏང་ཡོད།

ཞིང་ཆེན་རིམས་འགོག་ལྟེ་གནས་ཀྱིས“སྔ་མོ་བཞིའི”བྱེད་ཐབས་ལ་ཤུགས་བསྣན་ནས། ཟླ8པའི་ཚེས22ཉིན་བར། ད་ལོ་ཁྱོན་བསྡོམས་པས་མཚོ་སྔོན་དུ་ལོག་པའི་གཙོ་གནད་མི་སྣ་ཁྲི294ལ་རྩད་གཅོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱིས་སྤེལ་བའི་ཆམས་རིམས་ནད་རིགས་པ་ལ་རྟོག་ཞིབ་དང་མཛུབ་སྟོན་སྒོས། གསང་བའི་འབྲེལ་འདྲིས་མཁན་རྩད་གཅོད་དང་རྗེས་འདེད་དོ་དམ། ཚོད་ལྟ་ཁང་གི་དཔྱད་ཞིབ། ཁྱོན་ཡོངས་ནས་དུག་སེལ་སོགས་ཀྱི་བྱ་བ་ནན་མོར་བསྒྲུབས། བརྙན་རིས་གསབ་སྦྱོང་དང་ཡུལ་དངོས་མཛུབ་སྟོན་སོགས་བྱེད་ཐབས་སྣ་མང་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ནང་སྒོས་སུ་འབུར་ཐོན་གཙོ་གནད་ཡུལ་དངོས་དང་ལས་ཁུངས་གཙོ་བོ། མི་ཚོགས་གཙོ་བོ་བཅས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་གསབ་སྦྱོང་སྤེལ་བ་དང་། འགོག་ཁབ་རྒྱག་རྒྱུར་ཤུགས་སྣོན་བྱས། འགོག་ཁབ་མི་འཕྲོད་པའི་སྣང་ཚུལ་ལ་ལྟ་སྐུལ་ཚད་ལེན་བྱ་བ་སྒྲུབ་ནས་དམངས་ཡོངས་ཀྱི་རིམས་འགོག་སྒྲིབ་ཡོལ་སྲ་བརྟན་དུ་བཏང་པ་དང་། དུས་ལྟར་གཞི་གྲངས་ཁ་སྣོན་སྒོས་རིམས་ནད་གནས་ཚུལ་ལ་དབྱེ་དང་ཉེན་ཁར་དཔྱད་འཇོག་སྒོས་དམངས་ཡོངས་ལ་རིམས་འགོག་སྒྲིབ་ཡོལ་སྲ་བརྟན་དུ་བཏང་། དུས་ལྟར་གཞི་གྲངས་སྙན་ཞུ་ཕུལ་ཏེ། འཕྲད་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་ཀྱིས་སེམས་པ་རྩེ་གཅིག་གི་ཞབས་ཞུ་ལ་ཤུགས་བསྣན་ནས། རིམས་ནད་སྔོན་འགོག་སྲིད་ཇུས་ཀྱི་བླང་བྱ་དང་འགོག་ཁབ་རྒྱག་པའི་སྐབས་ཀྱི་ཡིད་འཇོག་དོན་ཚན་རེ་རེར་འདྲི་གཅོད་བྱས་ཤིང་། རིམས་འགོག་ལྟེ་གནས་ཀྱིས་ཉིན་རེར་ཆེས་མང་ན་ཡང་མི་གྲངས500ལ་དུས་ཚོད24ཡི་རིང་སྐབས་བསྟུན་ལས་རེས་བྱེད་བཞིན་ཡོད།

དེ་མིན། ཞིང་ཆེན་རིམས་འགོག་ལྟེ་གནས་ཀྱིས་གསར་སྤེལ་བྱས་པའི་སྤྱི་ཕན་པར་གཞི་མཚོ་སྔོན་རིམས་འགོགAPPཡིས་མང་ཚོགས་ལ་རིམས་ནད་སྔོན་འགོག་གནད་འཁེལ་དུས་ཆད་དང་འགོག་ཁབ་རྒྱག་པའི་དུས་ཚོད་འདྲི་རྩད། མངགས་བཅོལ་ལྟར་འགོག་ཁབ་རྒྱག་རྒྱུར་ཞིབ་བཤེར་བྱེད་པ། འགོག་སྨན་གྱི་གནས་ཚུལ། རིམས་འགོག་ཤེས་བྱ་དྲིལ་སྒྲོག་སོགས་མི་གཤིས་རང་བཞིན་གྱི་དམངས་ཕན་སྟབས་བདེ་ཞབས་ཞུ་ནན་མོ་སྒྲུབ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་མཐུན་ཚོགས་ཀྱིས་ཡིད་རྟོན་མཚོ་སྔོན་གྱི་བདེ་ཐང་ཨང་གཤེར་སྟེང་པྲོག་གསར་རིམས་ནད་ཀྱི་འགོག་སྨན་བརྒྱབ་པའི་གནས་ཚུལ་དང་འགྲོ་སྐྱོད་སྟབས་བདེ་བསྐྲུན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།