དམར་གཙང་གི་ཟླ་གོར་ཟླ་མཆོད་ཁྲོམ་རར་བཀྲམ་པ།

ཟླ9པའི་ཚེས8ཉིན། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་སན་ཧི་གྲོང་རྡལ་ཞིན་ཨན་སྡེ་བའི་ལའོ་ཡན་ཀུའུ་ཡི་ཟླ་གོར་ཚོང་ཁང་ལ་ཡོང་སྟེ། ལག་རྩལ་པ་རྒན་པ་ཁོས་ལག་རྩལ་ལ་བརྟེན་ནས་བསྙལ་བ་དང་སྣོ་བ། བརྡལ་ཕྱེ། རྒྱུ་ཆ་སྣོན་པ། བསྲེགས་པ། རླངས་བཙོས་སོགས་ཀྱི་སྲོལ་རྒྱུན་ལག་ཤེས་བྱེད་ཐབས་མང་པོ་བརྒྱུད་མཐར། དྲི་བསུང་ཕྱོགས་མེད་ཐུལ་ལ། འཚོ་བཅུད་དང་བདེ་ཐང་ཅན་གྱི་མཚོ་སྔོན་ཁྱད་ལྡན་ལྷད་མེད་སྲོལ་རྒྱུན་གོ་རེ་གསར་དུ་བཟོས་པ་མཐོང་བྱུང་། རྒྱུས་ལོན་བྱས་པ་ལྟར་ན། སྲོལ་རྒྱུན་གྱི་དུས་ཆེན་ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་ལའོ་ཡན་ཀུའུ་ཡི་དམར་གཙང་ཟླ་གོར་དེ་དག་ད་ལྟ832གློག་རྡུལ་ཚོང་དོན་སྟེགས་བུ་དང་སྐད་འཕྲིན་གྱི་ཚོམས། ཁ་པར་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ་ཟླ་གོར་གསར་བཟོའི་ཚོང་ཐོ800ལྷག་ཐོན་ཡོད་ལ། དེ་བཞིན་དུ་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན་ནས་ཚོང་ཐོ་ཡང་ཉིན་རེར་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།