བྱེད་ཐབས་བརྒྱད་ཀྱིས་ཐེམ་ཐོ་དོ་དམ་སྔར་ལས་ཚད་ལྡན་དུ་བཟོ་བ།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་གཉིས་ཟུང་དུ་སྦྲེལ་ནས། བྲེལ་འཚུབ་ཆེ་བ་དཀའ་ཁག་ཆེ་བ་སེམས་ཁྲལ་ཆེ་བ་རེ་ལྟོས་ཆེ་བ་བཅས་ཀྱི་མང་ཚོགས་ཀྱི་གནད་དོན་དང་། ཐེམ་ཐོ་ཐོ་འགོད་དོ་དམ་ཁྲོད་གནས་པའི་དཀའ་གནད་དང་འགག་གནད་དམིགས་སུ་བཟུང་སྟེ། ཐུན་མོང་གི་ཐེམ་ཐོ་དང་། འཇོན་མི་ནང་འགུག་གི་ཐེམ་ཐོ་འགོད་ཐབས། ཐེམ་ཐོ་གནས་གཞན་དུ་སྤར་བ་དང་ཐོ་ཁུངས་ནས་བསུབ་པ་ལ་སོགས་ཐད་བྱེད་ཐབས་བརྒྱད་བཏོན་ནས། ཐེམ་ཐོ་ཐོ་འགོད་ཀྱི་དོ་དམ་སྔར་ལས་ཚད་ལྡན་དུ་གཏང་རྩིས་ཡོད་པའི་ཁྲོད།

གཅིག ཐུན་མོང་གི་ཐེམ་ཐོ་དོ་དམ་སྔར་ལས་ཚད་ལྡན་དུ་གཏང་རྒྱུ།

བྱེད་ཐབས་ནང་། ཐུན་མོང་གི་ཐེམ་ཐོ་ཐོ་འགོད་ལས་ཁུངས་ཀྱིས་ཐེམ་ཐོ་མཐུན་སྦྱོར་དོ་དམ་ལས་ཀ་བཀོད་སྒྲིག་བྱས་ཏེ། ཐུན་མོང་ཐེམ་ཐོའི་མཐུན་སྦྱོར་དོ་དམ་བྱེད་མཁན་གྱི་ལས་འགན་གསལ་འབེབས་བྱ་རྒྱུ། ཐུན་མོང་ཐེམ་ཐོའི་ཁུངས་མིས་ཐེམ་ཐོ་ལེན་དུས་སྡོད་ཁང་མེད་པའི་དཔང་ཡིག་སྤྲད་དགོས་ལ། གལ་ཏེ་ཐུན་མོང་ཐེམ་ཐོའི་ཁོངས་མི་དང་དེའི་བཟའ་ཟླར་སྡོད་ཁང་ཡོད་ན་ལམ་སང་ཐེམ་ཐོ་ས་གནས་དེ་གར་སྤར་ཏེ།ཐུན་མོང་ཐེམ་ཐོ་ཁག་ལུས་གནད་དོན་ཐག་གཅོད་བྱ་རྒྱུ།

གཉིས། འཇོན་མི་ནང་འགུག་གི་ཐེམ་ཐོ་འགོད་པའི་སྲིད་ཇུས་སྔར་ལས་གུ་ཡངས་པོར་བཟོ་བ།

འཇོན་མིའི་ཁྲོམ་ར་དང་ཚན་རྩལ་ཁེ་ལས་སྐྱེད་སྲིང་རྟེན་གཞི་རྒྱ་ཆེར་བསྐྱེད་དགོས་པའི་ལས་ཁུངས་ཀྱིས་ལས་ཁུངས་ཐུན་མོང་གི་ཐེམ་ཐོའི་ནང་དོན་སྙན་སེང་ཕུལ་ནས་བཟོས་ཆོག་པར་མ་ཟད། འཇོན་མིའི་ཐེམ་ཐོ་འགོད་ཆོག་མིན་གྱི་ཆ་རྐྱེན་མེད་པར་བཟོ་རྒྱུ།

གསུམ། སྡོད་ཁང་ཉོས་རྗེས་དེ་སྔའི་ཁང་བདག་གིས་ཐེམ་ཐོ་སྤར་འདོད་མེད་པའི་གནད་དོན་གསལ་འབེབས་བྱ་རྒྱུ།

སྡོད་ཁང་ཉོས་རྗེས་ཁང་པ་དེའི་ཁང་བདག་སྔ་མས་ཐེམ་ཐོ་སྤར་འདོད་མེད་པ་དང་། ཡང་ན་སྤར་བའི་ཆ་རྐྱེན་མ་ཚང་བ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁང་བདག་སྔ་མའི་ཐེམ་ཐོ་དེ་ཁོ་རང་སྡོད་སའི་སྡོད་ཁུལ་གྱི་ཁྱིམ་ཚང་ཐུན་མོང་གི་ཐེམ་ཐོར་སྤར་རྒྱུ་དང་། ཡང་ན་ཁང་བདག་ཕྱི་མའི་མོས་མཐུན་བརྒྱུད་ཁང་བདག་ཕྱི་མའི་ཐེམ་ཐོ་ཁང་པར་བསྐོར་བ་དང་ཆབས་ཅིག ཐེམ་ཐོ་གཞན་ལོགས་སུ་བཟོ་དགོས།

བཞི། ཐེམ་ཐོ་གཉིས་ཅན་གྱི་གནད་དོན་ཐག་གཅོད་བྱེད་ཐབས་ཚད་ལྡན་དུ་གཏང་རྒྱུ།

སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་དམངས་ལ་རྒྱུན་སྡོད་ཐེམ་ཐོ་གཉིས་དང་དེ་ལས་མང་བ་ཡོད་པ། ཡང་ན་ཁྲིམས་འགལ་གྱིས་ཐོ་འགོད་བྱས་པའི་ཐེམ་ཐོ་ཡོད་པ་ཤེས་ཚེ་རྩད་ཞིབ་གསལ་པོ་བྱ་རྒྱུ་མ་ཟད། ཐེམ་ཐོ་སུབ་ཡུལ་སྤྱི་བདེ་ལས་ཁུངས་ཀྱི་རེ་བ་ལྟར། ཐེམ་ཐོ་བསུབས་རྗེས་ཀྱི་དཔང་ཡིག་རྒྱུ་ཆ་ཚགས་སྒྲུབ་བྱས་ནས། དོ་བདག་གིས་སྤྱི་ཚོགས་སྟེང་འབྲེལ་ཡོད་འགྲོ་ལུགས་སྒྲུབ་པར་སྟབས་བདེ་བསྐྲུན་དགོས།

ལྔ། ཐེམ་ཐོ་ཕྱིར་ཞིང་གྲོང་གི་ཐེམ་ཐོ་རུ་བསྒྱུར་བའི་གནད་དོན་ཐག་གཅོད་བྱེད་ཐབས་ཚད་ལྡན་དུ་གཏང་རྒྱུ།

ཞིང་གྲོང(འབྲོག་ཁུལ)ནས་ཡིན་པའི་སློབ་ཆེན་སློབ་མའི་འགྲོ་འོང་རང་དབང་གི་ཐེམ་ཐོ་ཐོ་འགོད་སྲིད་ཇུས་ལག་བསྟར་བྱ་རྒྱུ་སྟེ། སློབ་གྲྭ་ཆེ་འབྲིང(འབྲིང་རིམ་ལས་རིགས་སློབ་གྲྭ་དང་། ལག་རྩལ་བཟོ་ལས་སློབ་གྲྭ་འདུས་པ)དུ་རྒྱུགས་འཕྲོད་པའི་ཞིང་གྲོང(འབྲོག་ཁུལ)གི་སློབ་མ་སློབ་མཐར་ཕྱིན་དུས་རང་རང་གི་འདོད་མོས་ལྟར། ཐེམ་ཐོ་ལས་ཞུགས(ལས་གཏོད)བྱ་ཡུལ་དུ་བསྐོར་ཆོག་ལ། ཡང་ན་ཕྱིར་ཕ་ཡུལ་ཞིང་གྲོང(འབྲོག་ཁུལ)གི་ཐེམ་ཐོ་རུ་བསྐོར་ཆོག

དྲུག མི་རིགས་གཞན་དུ་བརྗེ་བའི་གནད་དོན་ཐག་གཅོད་བྱེད་ཐབས་སྔར་ལས་ཚད་ལྡན་དུ་གཏང་རྒྱུ།

ཕ་མ་ཟུང་མི་རིགས་མི་འདྲ་བ་ཡིན་ཚེ། ཕ་མ་ཐུན་མོང་གིས་མིང་རྟགས་བཀོད་པའི་མི་རིགས་ཀྱི་རེའུ་མིག་སྙན་ཞུ་ཡི་གེ་གཞིར་བཟུང་ནས། ངོས་འཛིན་གསལ་བོ་ཐོག་ཐོ་འགོད་བྱེད་དུ་འཇུག་དགོས། སྤྱི་དམངས་ཀྱིས་མི་རིགས་གཞན་དུ་བསྒྱུར་དགོས་ཚེ། ཐེམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་ཀྱིས་དང་ལེན་བྱས་ཁར། མངག་གཏོང་ཁང་གི་འགོ་གཙོས་དཔྱད་ཞིབ་དང་། རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱི་འགོ་གཙོས་ཆོག་མཆན་བཀོད་རྗེས་གྲོང་ཁྱེར(ཁུལ)སྤྱི་བདེ་ཅུས་བདེ་འཇགས(ཁྱིམ་སྲིད)སྡེ་ཚན་ལ་སྤྲད་དེ་དེ་གས་ཆོག་མཆན་འཐོབ་རྗེས་ད་གཟོད་བརྗེ་གསོར་བྱས་ཆོག

བདུན། གྲོང་མིའི་ཐེམ་ཐོ་ལས(གཉེན་སྒྲིག་གནས་ཚུལ)ཐོ་འགོད་དང་དཔང་རྟགས་འདོན་སྟངས་སྔར་ལས་ཚད་ལྡན་དུ་གཏང་རྒྱུ།

《སྤྱི་བདེ་མངག་གཏོང་ཁང་གི་དཔང་རྟགས་འདོན་སྟངས་ཚད་ལྡན》ལག་བསྟར་ནན་མོ་བྱས་ནས། མང་ཚོགས་ལ་ལམ་སང་དཔང་ཡིག་རྒྱུ་ཆ་འདོན་སྤྲོད་བྱ་རྒྱུ་དང་ཆབས་ཅིག ཐེམ་ཐོ་ཐོ་འགོད་དོན་ཚན་གསལ་བཤད་ཁས་ལེན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་སྟེ། སྤྱི་དམངས་ཀྱིས་གཉེན་སྒྲིག་དང་ལས་རིགས། ཞབས་ཞུ་འདོན་ཡུལ། རིག་གནས་ཆུ་ཚད་ལ་སོགས་པའི་ཐོ་འགོད་དོན་ཚན་བརྗེ་གསོར་དགོས་དུས། དཔང་ཡིག་འདོན་ཐབས་མེད་པའི་གནས་ཚུལ་འོག བསྒྲུབ་པར་ཁས་ལེན་ལམ་ལུགས་ལག་བསྟར་བྱས་ནས་མི་སྒེར་ནས《ཐེམ་ཐོ་ཐོ་འགོད་དོན་ཚན་ཁས་ལེན་ཡི་གེ》བྲིས་ཏེ་བརྗེ་གསོར་བྱ་ཆོག

བརྒྱད། ཡུན་རིང་གར་སོང་མི་ཤེས་པའི་མིའི་ཐེམ་ཐོ་བསུབ་པའི་གནད་དོན་ཐག་གཅོད་བྱེད་ཐབས་སྔར་ལས་ཚད་ལྡན་དུ་གཏང་རྒྱུ།

དུས་ཡུན་རིང་པོར་གང་སོང་མི་ཤེས་པའི་མིའི་ཐེམ་ཐོ་གར་སོང་མི་ཤེས་པ་དང་། བཙལ་ཡང་མི་རྙེད་པ་ལ་སོགས་རྒྱུ་རྐྱེན་དུ་བྱས་ནས་བསུབ་མི་རུང་། རང་བཞིན་གྱིས་འདས་པ་དང་། མི་དམངས་ཁྲིམས་ཁང་གིས་མི་དེ་འདས་པ་གཏན་དུ་འཁེལ་རྗེས་ད་གཟོད་ཁྲིམས་ལྟར་ཐེམ་ཐོ་ལས་བསུབ་ཆོག་པ་ཡིན།

ཁོན་ཐར་འཚོས་བསྒྱུར།