ཞིང་གྲོང་གི་ཆུ་གློག་དྲོད་རླངས་བཞི་ལ་གྲོན་དངུལ་བསྡུ་བའི་ཁྲོད་གནས་པའི་གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་བྱེད་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་ཞིང་གི་ཞིང་གྲོང་གི་ཆུ་དང་། གློག སོལ་རླངས། དྲོད་རླངས་བཅས་མཁོ་འདོན་བྱེད་པའི་ལས་རིགས་ཀྱི་འགྲོ་གྲོན་བསྡུ་རིགས་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། ལས་རིགས་ཀྱི་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་ཞིང་གི་འབྲེལ་ཡོད་བླང་བྱ་ལྟར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་གྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་བཅས་ལས་གྲུབ་པའི་མཉམ་འབྲེལ་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གིས་ཞིང་གྲོང་གི་ཆུ་དང་། གློག སོལ་རླངས། དྲོད་རླངས་བཅས་མཁོ་འདོན་ལས་རིགས་ཀྱི་གྲོན་བསྡུའི་བྱ་བར་ལྟ་སྐུལ་ཞིབ་བཤེར་སྤེལ་བ། ཐེངས་འདིའི་ལྟ་སྐུལ་སློབ་སྟོན་གྱི་གཙོ་གནད་ནི། ཟླ3པའི་ཚེས1ཉིན་ནས་བཟུང་ཞིང་གྲོང་གི་ཆུ་དང་། གློག སོལ་རླངས། དྲོད་རླངས་བཅས་མཁོ་འདོན་གྱི་གོ་རིམ་ཁྲོད་དོན་དངོས་སུ་མེད་པར་བཟོས་མེད་པའི་ལུགས་མཐུན་མིན་པའི་དངུལ་བསྡུ་དང་། ཆུ་དང་། གློག སོལ་རླངས། དྲོད་རླངས་བཅས་ཀྱི་ཁེ་ལས་མཉམ་དུ་བསྡམས་ནས་གྲོན་བསྡུའི་བྱ་སྤྱོད། སྡེ་ཁུལ་ཀུང་སི་དང་བཟོ་ལས་གླིང་དེ་བཞིན་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་ཚོང་ལས་ཕྱོགས་བསྡུས་གཟུགས་སོགས་བསྒྱུར་སྤྲོད་གཟུགས་ཀྱི་འབྲེལ་ཡོད་ལུགས་མཐུན་མིན་པའི་གྲོན་བསྡུ་སོགས་ཀྱི་ནང་དོན་མེད་པར་བཟོ་དགོས། ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གིས་གཙོ་བོ་གོང་གསལ་གྱི་གཙོ་གནད་བྱ་བའི་ཁྲོད་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་ཀྱི་སྲིད་ཇུས་ལག་བསྟར་གནད་ལ་མི་འཁེལ་བ་དང་། བྱ་བའི་བྱེད་ཐབས་འཐུས་ཚང་མིན་པ། གནད་དོན་ཐག་གཅོད་ཡག་པོ་བྱེད་མེད་པའི་ཁུངས་སྣེ་དང་བསམ་འཆར་གྲོས་གཞི་བཅས་དང་ལེན་ཐག་གཅོད་བྱ་རྒྱུ་རེད།

ལྟ་སྐུལ་སློབ་སྟོན་གྱི་གཙོ་གནད་ལས་ཀའི་ཁྱབ་ཁོངས་སུ་མི་གཏོགས་པའི་གནད་དོན་གཞན་དག་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུ་དགོས།

འབྲེལ་གཏུག་ཁ་པར་ཨང་གྲངས།097-6327167

qhpgdd@163.com

ཞིང་ཆེན་མཉམ་འབྲེལ་ལྟ་སྐུལ་སློབ་སྟོན་ཚོ་ཆུང་།

2021ལོའི་ཟླ་8པའི་ཚེས་9ཉིན།