མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི“ ཐིག་གསུམ་ཐོ་གཅིག ” གི་སྐྱེ་ཁམས་ཁོར་ཡུག་ལ་ཁུལ་ཕྱེ་ནས་དོ་དམ་ཚོད་འཛིན་བགྱིད་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད〔2020〕ཨང77པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་མཐའ་གཅིག་ཏུ་ཡག་པོར་རྒྱག་པའི་སྐོར་གྱི་བསམ་འཆར》དང་《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་བཏང་ནས་རྣམ་པ་གསར་པ་ཆགས་སུ་འཇུག་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》སོགས་ཡིག་ཆའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “ ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏང་དགོས ” ཞེས་པའི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ་དང། “ མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ལ། གཏིང་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན”ཞེས་པའི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་ལ་གཞི་ཚུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དང་ཁོར་ཡུག་སྤུས་ཚད་ཀྱི་མ་མཐའ། ཐོན་ཁུངས་བེད་སྤྱོད་ཀྱི་ཡ་མཐའ། སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ(གཤམ་དུ་སྤྱི་མིང་ལ་“ཐིག་གསུམ་ཐོ་གཅིག”ཅེས་འབོད)བཅས་སྐྱེ་ཁམས་ཁོར་ཡུག་ལ་མགྱོགས་པོར་ཁུལ་ཕྱེ་ནས་དོ་དམ་ཚོད་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་བཞི་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཐོག་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མ་མཐའ། ཐོན་ཁུངས་བེད་སྤྱོད་ཀྱི་ཡ་མཐའ། སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་བཅས་ལྟེ་བ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་བཙུགས་ནས། “ སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས ” ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་སྲ་བརྟན་དུ་སྐྲུན་ཞིང་། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོན་པོའི་སྒོ་ནས་སྲུང་སྐྱོང་བྱེད་པར་བརྟེན་ནས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། སྔར་བས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་འདོན་སྤྲོད་བྱ་དགོས།
     (གཉིས) གཞི་རྩའི་རྩ་དོན།སྲུང་སྐྱོང་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། གཅིག་འགྱུར་འཆར་འགོད་ཀྱིས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བརྒྱག་དགོས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་ཐབས།རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོར་འཛུགས་པ་དང།ད་ཡོད་ཀྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་བྱས་འབྲས་དང་ཉམས་མྱོང་སྦྲེལ་མཐུད་བྱས་ཏེ། “ ཐིག་གསུམ་ཐོ་གཅིག ” གི་མགོ་ཁུངས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་གནས་ལུགས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་ཆགས་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མཉམ་དུ་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས།གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རིགས་ཕྱེ་ནས་སྲིད་ཇུས་བསྟར་བར་སྐུལ་འདེད་གཏང་དགོས། གཙོ་གནད་ས་ཁོངས་དང་འབབ་རྒྱུད། ལས་རིགས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབུར་ཐོན་ལ་དམིགས་པ་གཏད་ཅིང།ས་ཁོངས་ཁྱད་པར་དབྱེ་བའི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་རྒྱུས་མངའ་ལོན་པ་དང་། དམིགས་སའི་རང་བཞིན་གྱི་ཁོར་ཡུག་དོ་དམ་ཚོད་འཛིན་བྱེད་ཐབས་ཀྱི་བླང་བྱར་ཤུགས་སྣོན་བརྒྱབ་ཐོག རིགས་ཕྱེ་ནས་སྲིད་ཇུས་བསྟར་བ་དང་གནད་ལ་འཁེལ་བར་ཤུགས་བཏོན་ཏེ། ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་སྟངས་ཆགས་པར་སྐུལ་འདེད་གཏང་དགོས།བརྟན་རླིང་ངང་ཡར་རྒྱས་བརྩོན་པ་རྒྱུན་འཁྱོངས་བྱས་ཏེ་འགུལ་རྣམ་ལྟར་དོ་དམ་བྱ་དགོས། ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྐྱེ་ཁམས་བྱེད་ནུས་ཀྱི་ངེས་གནས་ཡང་དག་པར་ཁོང་དུ་ཆུད་པ་དང་།“ ཐིག་གསུམ་ཐོ་གཅིག ” ལ་རྗེས་འདེད་གདེང་འཇོག་དང་འགུལ་རྣམ་ལྟར་ལེགས་སྒྲིག་བྱས་ཏེ། ས་ཁོངས་སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ཏུ།“ ཐིག་གསུམ་ཐོ་གཅིག ” གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཇུས་ཆོད་ལ་ཞབས་འདེགས་ཞུ་བའི་ནུས་པ་རིམ་བཞིན་ཇེ་ཆེར་གཏང་དགོས།

(གསུམ) སྤྱིའི་དམིགས་འབེན།

2020 ལོར། “ ཐིག་གསུམ་ཐོ་གཅིག ” ལྟེ་བ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་ཐོག་མའི་ཆ་ནས་འཛུགས་པ་དང།སྦགས་བཙོག་དངོས་རིགས་གཙོ་བོ་ཕྱིར་འབུད་ཀྱི་བསྡོམས་འབོར་མངོན་གསལ་གྱིས་ཇེ་ཉུང་དུ་གཏོང་བ་དང། ཁོར་ཡུག་གི་ཉེན་ཁར་ནུས་ལྡན་སྒོས་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པའི་དམིགས་འབེན་དང་འཚམ་དགོས།ཞིང་ཆེན་ཡོངས་ཀྱི “ ཐིག་གསུམ་ཐོ་གཅིག ” གི་སྐྱེ་ཁམས་ཁོར་ཡུག་ལ་ཁུལ་ཕྱེ་ནས་དོ་དམ་ཚོད་འཛིན་བྱེད་པའི་གཞི་གྲངས་བཀོལ་སྤྱོད་མ་ལག་ཕལ་ཆེར་ལེགས་འགྲུབ་བྱ་དགོས།

2025 ལའོའི་རག་ཏུ། འཐུས་སྒོ་ཅུང་ཚང་བའི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་འཛུགས་པ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་ཕྱིར་འབུད་ཀྱི་བསྡོམས་འབོར་རྒྱུན་མཐུད་ངང་མར་ཆག་པ་དང་། ཁོར་ཡུག་གི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པ་དང་། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་ཇེ་མཐོར་གཏང་དགོས།

2035 ལོའི་རག་ཏུ། སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་འཐུས་སྒོ་ཚང་བ་ལེགས་འགྲུབ་བྱེད་པ་དང་། ཞིང་ཆེན་ཡོངས་སུ་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་སྟོང་བཀོད་པ་དང་། ཐོན་ལས་སྒྲིག་གཞི། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་བཅས་སྤྱིའི་ཆ་ནས་འགྲུབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྩ་བའི་ཆ་ནས་ཇེ་ལེགས་སུ་གཏོང་བ་དང། ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱ་དགོས།

གཉིས། སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་འཛུགས་སྐྱོང་བྱ་དགོས།

(གཅིག) ཁོར་ཡུག་དོ་དམ་ཚོད་འཛིན་གྱི་ཚན་པ་དབྱེ་སྟངས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང།ཁོར་ཡུག་སྤུས་ཚད་ཀྱི་མ་མཐའ། ཐོན་ཁུངས་བེད་སྤྱོད་ཀྱི་ཡ་མཐའ་བཅས་ཀྱི་དོ་དམ་ཚོད་འཛིན་བླང་བྱ་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ས་ཁོངས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཐད་ནས་སྲུང་སྐྱོང་སྔོན་དུ་འཇོག་པའི་ཚན་པ་དང་གཙོ་གནད་ཀྱི་དོ་དམ་ཚོད་འཛིན་ཚན་པ། སྤྱིར་བཏང་གི་དོ་དམ་ཚོད་འཛིན་ཚན་པ་བཅས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་ཚན་པ་རིགས་གསུམ་དུ་དབྱེ་དགོས།

(གཉིས) སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་བླང་བྱ། ཁོར་ཡུག་དོ་དམ་ཚོད་འཛིན་གྱི་ཚན་པ་རིགས་གསུམ་རྨང་གཞིར་བྱས་ཏེ་ཞིང་ཆེན་ཡོངས་དང། སྐྱེ་ཁམས་ཁུལ་ཆེ་གྲས་ལྔ། གྲོང་ཁྱེར་དང་ཁུལ། རྫོང་བཅས་རིམ་པ་བཞིའི་སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་མ་ལག་གཟུག་དགོས།ཞིང་ཆེན་ཡོངས་ཀྱི་སྤྱི་ཁོག་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་བླང་བྱ། སྲུང་སྐྱོང་སྔོན་དུ་འཇོག་པའི་ཚན་པ་དང་། གཙོ་གནད་ཀྱི་དོ་དམ་ཚོད་འཛིན་ཚན་པ། སྤྱིར་བཏང་གི་དོ་དམ་ཚོད་འཛིན་ཚན་པ་བཅས་ཚན་པ་རིགས་གསུམ་གྱི་སྤྱི་ཁོག་གི་དོ་དམ་ཚོད་འཛིན་བླང་བྱ་འདུ། དེ་ལས་སྲུང་སྐྱོང་སྔོན་དུ་འཇོག་པའི་ཚན་པ་ཞེས་པ་ནི་སྐྱེ་ཁམས་ཀྱི་བྱེད་ནུས་ངེས་ཅན་ལྡན་ཞིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཙོ་བོ་ཡིན་པའི་ས་ཁོངས་ལ་བསྟན་པ་ཡིན་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྔོན་ལ་འཇོག་པ་རྩ་དོན་དུ་འཛིན་ཞིང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཀྱི་མ་མཐའ་ནན་སྲུང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་བྱེད་ནུས་ཇེ་དམའ་རུ་མི་འགྲོ་བར་ཁག་ཐེག་བྱ་དགོས།གཙོ་གནད་ཀྱི་དོ་དམ་ཚོད་འཛིན་ཚན་པ་ཞེས་པ་ནི་མི་འབོར་འདུས་ཚད་སྟུག་པ་དང་། ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཅུང་ཆེ་བ། སྦགས་བཙོག་དངོས་རིགས་ཕྱིར་འབུད་བྱེད་ཚད་བལྟོས་བཅས་སུ་ཅུང་མང་བའི་ས་ཁོངས་ལ་བསྟན་པ་ཡིན་ཏེ། ཐོན་ལས་ཀྱི་བཀོད་པ་ལེགས་སྒྱུར་དང་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་ནས། ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་བ་དང་། སྦགས་བཙོག་དངོས་རིགས་ཀྱི་ཕྱིར་འབུད་ཚོད་འཛིན་དང་ཁོར་ཡུག་གི་ཉེན་ཁ་འགོག་སྡོམ་ལ་ཤུགས་སྣོན་བརྒྱག་དགོས། སྤྱིར་བཏང་གི་དོ་དམ་ཚོད་འཛིན་ཚན་པ་ཞེས་པ་ནི་སྲུང་སྐྱོང་སྔོན་དུ་འཇོག་པའི་ཚན་པ་དང་གཙོ་གནད་ཀྱི་དོ་དམ་ཚོད་འཛིན་ཚན་པ་ཕུད་པའི་ས་ཁོངས་གཞན་དག་ལ་བསྟན་པ་ཡིན་ཏེ། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བྱེད་ནུས་བཅས་མཐུན་སྦྱོར་ངང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་བླང་བྱ་དོན་འཁྱོལ་བྱས་ཏེ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་འཇགས་སུ་སྲུང་འཛིན་བྱ་དགོས།སྐྱེ་ཁམས་ཁུལ་ཆེ་གྲས་ལྔའི་ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་བླང་བྱ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྔོན་པོའི་མཐའ་སྐོར། ཚྭ་འདམ་གཞུང། རྨ་ཙོང་ས་ཁུལ་བཅས་ཀྱི་དོ་དམ་ཚོད་འཛིན་གྱི་བླང་བྱ།དེ་ལས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ཆུ་ཁུངས་གསོ་འཁྱོངས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་བྱེད་ནུས་སྲུང་སྐྱོང་གཙོ་གནད་དུ་བཟུང་ནས་དོ་ཁུར་བྱས་ཏེ། “ ཀྲུང་ཧྭའི་ཆུ་གཏེར ” བརྟན་ཞིང་འབེལ་བ་འགན་སྲུང་བྱ་དགོས། མདོ་ལ་རིང་མོའི་ས་ཁུལ་དུ་ཆུ་ཁུངས་གསོ་འཁྱོངས་ཀྱི་བྱེད་ནུས་ཇེ་མཐོར་གཏོང་བར་གཙོ་གནད་དུ་བཟུང་ནས་དོ་ཁུར་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོ་བྱེད་པར་ཤུགས་སྣོན་བརྒྱག་དགོས།མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་བྱེད་ནུས་སྲུང་སྐྱོང་གཙོ་གནད་དུ་བཟུང་ནས་དོ་ཁུར་བྱས་ཏེ། སྲུང་སྐྱོང་དང་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏང་དགོས། ཚྭ་འདམ་གཞུང་ས་ཁུལ་དུ་སྲུང་སྐྱོང་དང་གསར་སྤེལ་གྱི་འབྲེལ་བ་གཙོ་གནད་དུ་བཟུང་ནས་མཐུན་སྦྱོར་ལེགས་པོ་བྱས་ཏེ། གདོད་མའི་སྐྱེ་ཁམས་ཀྱི་ས་ངོས་དང་ས་དབྱིབས་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། གཏེར་རྫས་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བྱ་དགོས། རྨ་ཙོང་ས་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཉམས་གསོ་དང་། སྦགས་བཙོག་འགོག་སྡོམ། སྐྱེ་ཁམས་མཁོ་ཆུ་འགན་སྲུང་བཅས་གཙོ་གནད་དུ་བཟུང་ནས་དོ་ཁུར་བྱ་དགོས།

གྲོང་ཁྱེར་དང་ཁུལ་སོ་སོའི་ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་བླང་བྱ་དང་། རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)སོ་སོའི་བྱེ་བྲག་གི་ཁོར་ཡུག་དོ་དམ་ཚོད་འཛིན་ཚན་པའི་ཁྱད་པར་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་ཆོག་འཐུས་གསལ་ཐོ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་ཞིང་ཆེན་ཡོངས་དང་སྐྱེ་ཁམས་ཁུལ་ཆེ་གྲས་ལྔའི་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་བླང་བྱ་ལྟར། ས་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གཙོ་བོ་ངོས་འཛིན་བྱེད་ཅིང་ས་ཁོངས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱེད་པའི་རྨང་གཞིའི་ཐོག་ཏུ། ས་ཁུལ་དེ་གའི་“ཐིག་གསུམ་ཐོ་གཅིག”གི་གྲུབ་འབྲས་ཞིབ་ཚགས་སུ་བཏང་ནས། གྲོང་ཁྱེར་དང་ཁུལ་གྱི་ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་བླང་བྱ་དང་རྫོང(གྲོང་ཁྱེར་དང་། ཆུས།སྲིད་འཛིན་ཨུ་ལྷན)སོ་སོའི་བྱེ་བྲག་གི་ཁོར་ཡུག་དོ་དམ་ཚོད་འཛིན་ཚན་པའི་ཁྱད་པར་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་ཆོག་འཐུས་གསལ་ཐོ་འགྲུབ་པར་བྱས་ཏེ། 2020 ལོའི་ཟླ 12 པའི་ཟླ་མཇུག་གི་སྔོན་དུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ལ་ཞུས་ནས་གྲབས་ཐོ་བཀོད་རྗེས་ཁྱབ་བསྒྲགས་བྱ་དགོས།

གསུམ། བྱ་བའི་བླང་བྱ།
       (གཅིག) དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་དང་ལེགས་སྒྲིག་བྱེད་སྐབས་སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་དེ་གཞི་འཛིན་སའི་དཔྱད་གཞིར་བཟུང་སྟེ། མཐུན་སྦྱོར་རང་བཞིན་གྱིས་དབྱེ་ཞིབ་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་ཁུལ་ཕྱེ་ནས་དོ་དམ་ཚོད་འཛིན་བྱེད་པར་སྤྱི་ཁོག་ནས་མཛུབ་སྟོན་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏང་དགོས། གསར་སྤེལ་དང་འཛུགས་སྐྲུན་གྱི་བྱེད་སྒོ་སྣ་ཚོགས་སུ་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དང། ཁོར་ཡུག་སྤུས་ཚད་ཀྱི་མ་མཐའ། ཐོན་ཁུངས་བེད་སྤྱོད་ཀྱི་ཡ་མཐའ་སོགས་ཀྱི་དོ་དམ་ཚོད་འཛིན་བླང་བྱ་དག་ཇུས་ཐག་གཅོད་པ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་ཁུལ་ཕྱེ་ནས་དོ་དམ་ཚོད་འཛིན་བྱེད་པར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས།
      (གཉིས) སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོན་པོའི་སྒོ་ནས་སྲུང་སྐྱོང་བྱེད་པར་འདེགས་སྐྱོར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་གི་ནང་དུ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དམིགས་འབེན་དང་སྦགས་བཙོག་དངོས་རིགས་ཕྱིར་འབུད་ལ་མཉམ་འགུལ་ངང་དོ་དམ་བྱེད་པར་སྐུལ་འདེད་བཏང་སྟེ། “ ཐིག་གསུམ་ཐོ་གཅིག ” གི་གྲུབ་འབྲས་དེ་སྐྱེ་ཁམས་དང་། ཆུ། རླུང་ཁམས་ཆེན་པོ། ས་རྒྱུ་སོགས་རྒྱུ་རྐྱེན་གཙོ་བོའི་ཁོར་ཡུག་དོ་དམ་ཁྲོད་སྤྱོད་པར་ཤུགས་སྣོན་བརྒྱག་དགོས། གསར་སྤེལ་དང་འཛུགས་སྐྲུན་གྱི་བྱེད་སྒོ་དང་ཐོན་སྐྱེད་བྱེད་སྒོར་ལྟ་སྐུལ་བྱེད་སྐབས། “ ཐིག་གསུམ་ཐོ་གཅིག ” ནི་གཞི་འཛིན་ས་གཙོ་བོ་བྱ་དགོས། སྲུང་སྐྱོང་སྔོན་དུ་འཇོག་པའི་ཚན་པ་དང་གཙོ་གནད་ཀྱི་དོ་དམ་ཚོད་འཛིན་ཚན་པ་གཉིས་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་གཙོ་གནད་ས་ཁོངས་སུ་བརྩི་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་བླང་བྱ་དེ་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་གཙོ་གནད་ནང་དོན་དུ་བརྩི་དགོས། “ ཐིག་གསུམ་ཐོ་གཅིག ” གི་གཞི་གྲངས་བཀོལ་སྤྱོད་ལས་སྟེགས་བཙུགས་ནས། གཞི་གྲངས་གཅིག་བསྡུས་ཀྱིས་དོ་དམ་དང་། འདྲི་རྩད། བཀོལ་སྤྱོད།འགྲེམ་སྟོན། བརྗེ་རེས་བཅས་བྱས་ཏེ། ཆ་འཕྲིན་མཉམ་སྤྱོད་ཐུབ་པར་མངོན་འགྱུར་བྱ་དགོས།
      (གསུམ) འགུལ་རྣམ་ལྟར་གསར་སྒྱུར་དང་ལེགས་སྒྲིག་བྱ་དགོས། ཞིང་ཆེན་ཡོངས་ཀྱི “ ཐིག་གསུམ་ཐོ་གཅིག ” ལག་བསྟར་བྱས་ཚུལ་ལ་དཔྱད་དཔོག་བྱེད་པའི་བྱ་བ་དེ་རྩ་དོན་ཐོག་ལོ་ལྔ་རེར་རྩ་འཛུགས་ཐེངས་གཅིག་བྱ་དགོས་པ་དང་། དཔྱད་དཔོག་གནས་ཚུལ་ལ་གཞིགས་ནས་གཞི་གྲངས་གསར་སྒྱུར་དང་ལེགས་སྒྲིག་བྱ་དགོས་ལ། གསར་སྒྱུར་དང་ལེགས་སྒྲིག་བྱས་རྗེས་ཀྱི་གྲུབ་འབྲས་དེ་སྐྱེ་ཁམས་ཁོར་ཡུག་པུའུ་ལ་ཞུས་ནས་གྲབས་ཐོ་འགོད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་པུའུ་ཡི “ ཐིག་གསུམ་ཐོ་གཅིག ” གི་གཞི་གྲངས་མཉམ་སྤྱོད་མ་ལག་ཏུ་བསྐྱལ་དགོས། རྒྱལ་ཁབ་དང་ས་གནས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དཔྱད་དཔོག་ལེགས་སྒྲིག རང་བྱུང་སྲུང་སྐྱོང་ས་ཆའི་སྡེབ་སྒྲིག་ལེགས་སྒྱུར། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དམིགས་འབེན་ལེགས་སྒྲིག རྒྱལ་ཁབ་ས་ཁོངས་བར་སྟོང་གི་འཆར་འགོད་སྒྲིག་བཟོ་སོགས་ཀྱི་དབང་གིས་སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་བླང་བྱ་དང་ཁྱབ་ཁོངས་སོགས་ལ་འགྱུར་ལྡོག་བྱུང་སྟེ།“ ཐིག་གསུམ་ཐོ་གཅིག ” དངོས་གནས་གསར་སྒྱུར་བྱ་དགོས་ཚེ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱ་བའི་གོ་རིམ་ལྟར་ཞིབ་བཤེར་གཏན་འབེབས་བྱས་རྗེས་གསར་སྒྱུར་བྱ་དགོས།

བཞི། འགན་སྲུང་ཐབས་བཀོད།
       (གཅིག) བྱ་བའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི “ ཐིག་གསུམ་ཐོ་གཅིག ” སྒྲིག་བཟོ་དང་ཁྱབ་བསྒྲགས། ལག་བསྟར། ལྟ་སྐུལ། དཔྱད་དཔོགགསར་སྒྱུར་དང་ལེགས་སྒྲིག དྲིལ་བསྒྲགས་བཅས་ཀྱི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་ངང་སྤེལ་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་རང་འཁྲིའི་ལས་འགན་གྱི་ཁྱབ་ཁོངས་ནང་དུ “ ཐིག་གསུམ་ཐོ་གཅིག ” ཉེ་བར་སྤྱོད་པར་སྐུལ་འདེད་གཏང་དགོས་ལ།“ ཐིག་གསུམ་ཐོ་གཅིག ” གི་དཔྱད་དཔོག་དང་ལྟ་སྐུལ་སོགས་ཀྱི་བྱ་བར་ཧུར་ཐག་གིས་ཞུགས་ཏེ། ལག་བསྟར་བྱེད་པའི་སྐབས་སུ་ཤེས་རྟོགས་བྱུང་བའི་གནད་དོན་གལ་ཆེན་དག་དུས་ཐོག་ཏུ་ལན་ལྡོན་བྱ་དགོས།

(གཉིས) ལྟ་སྐུལ་དང་དཔྱད་ཞིབ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། “ ཐིག་གསུམ་ཐོ་གཅིག ” ལག་བསྟར་བྱས་ཚུལ་ལ་དཔྱད་དཔོག་དང་ལྟ་སྐུལ་བྱེད་པའི་རྐྱེན་སྲོལ་འཐུས་སྒོ་ཚང་བར་བཙུགས་ཏེ། “ ཐིག་གསུམ་ཐོ་གཅིག ” གི་དོ་དམ་ཚོད་འཛིན་བླང་བྱ་དོན་འཁྱོལ་བྱས་པའི་གནས་ཚུལ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་བྱ་བའི་ཁྱབ་ཁོངས་སུ་གཞག་དགོས། “ ཐིག་གསུམ་ཐོ་གཅིག ” ལག་བསྟར་བྱས་འབྲས་ལ་རྗེས་འདེད་དཔྱད་དཔོག་བྱས་ནས། སྐུལ་འདེད་དང་གཅུན་སྡོམ་གྱི་རྐྱེན་སྲོལ་གསར་གཏོད་བྱ་དགོས།

(གསུམ) རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཡུན་རིང་བརྟན་ལྷིང་གི་ཆེད་ལས་ལག་རྩལ་དཔུང་སྡེ་སྒྲིག་འཛུགས་བྱེད་པ་དང་། ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས། “ ཐིག་གསུམ་ཐོ་གཅིག ” གི་ལག་བསྟར་དང་དཔྱད་དཔོག གསར་སྒྱུར་དང་ལེགས་སྒྲིག གཞི་གྲངས་བཀོལ་སྤྱོད་དང་སྲུང་སྐྱོང་སོགས་ཀྱི་བྱ་བར་འགན་སྲུང་ཏན་ཏིག་བྱ་དགོས།

ཟུར་བཀོད། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་དོ་དམ་ཚོད་འཛིན་ཚན་པའི་རི་མོ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020 ལོའི་ཟླ 10 ཚེས 20 ཉིན།