གྲབས་འཛུགས་སྒང་གི་ཟི་ལིང་སློབ་ཆེན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་གདན་ཞུའི་དགེ་རྒན་བསྡུ་བའི་བརྡ་ཁྱབ།

《གྲབས་འཛུགས་སྒང་གི་ཟི་ལིང་སློབ་ཆེན་གྱི་བྱ་བའི་འཆར་གཞིའི》བླང་བྱ་ལྟར། མཚོ་སྔོན་སློབ་ཆེན་གྱི་རིམ་འགྱུར་རྩིས་འཁོར་དང་། ཆ་འཕྲིན་ཚན་རིག་སློབ་གླིང་། བཟོ་ལས་སློབ་གླིང་དང་རྒྱུ་ཆའི་ཚན་རིག་ཞིབ་འཇུག་གླིང་། གཞི་གྲངས་དཔལ་འབྱོར་དང་མིས་བཟོས་འཕྲུལ་ཤེས་ཞིབ་འཇུག་ཁང་བཅས་ཀྱིས་དགེ་རྒན་དཔུང་ཁག་སྐྱེད་སྲིང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཟི་ལིང་སློབ་ཆེན་གྲབས་འཛུགས་དུས་རིམ་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་ཆེད། 《2021ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་མི་བསྡུ་བའི་བྱ་བའི་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཞོན་ནུའི་སྲིད་དོན་གཞུང་ལས་ཁང་གི་ཨང45པ)དང《གྲབས་འཛུགས་སྒང་གི་ཟི་ལིང་སློབ་ཆེན་གྱི་ཤེས་ལྡན་མི་སྣའི་བྱ་བའི་ཇུས་གཞི》(མཚོ་སྔོན་སློབ་གསོ་པའི(2021)ཨང17པ)ལྟར། མཚོ་སྔོན་སློབ་ཆེན་གྱིས་ཟི་ལིང་སློབ་ཆེན་གྲབས་འཛུགས་དུས་མཚམས་ཀྱི2021ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན55(འབུམ་རམས་པ)བསྡུ་རྒྱ་ཡིན་ཞིང་། འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།    

གཅིག ལས་བསྡུའི་རྩ་དོན།

སྤྱོད་ཡོན་གཉིས་ལྡན་གྱི་མི་བཀོལ་སྤྱོད་བྱེད་པའི་ཚད་གཞི་མཐའ་འཁྱོངས་བྱས་ནས་སྤྱི་ཡོངས་ལ་གོ་རུ་འཇུག་པ། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བསྟར་དགོས།

གཉིས། ལས་བསྡུའི་ཁྱབ་ཁོངས།

ལས་བསྡུའི་ལས་གནས་རྒྱལ་ཡོངས་ལ་ཁ་ཕྱོགས་ཡོད།

གསུམ། ལོ་ཚད་ཀྱི་རེ་བ། ལོ40མན་ཡིན་དགོས། 

བཞི། མིང་ཐོ་འགོད་སྟངས།

ཐེངས་འདིའི་ལས་བསྡུའི་མིང་ཐོ་འགོད་པའི་བྱ་བ་དེ་ཡུལ་དངོས་སུ་མིང་ཐོ་འགོད་པ་དང་གློག་རྡུལ་ཡིག་ཟམ་བརྒྱུད་དེ་ངོ་སྤྲོད་འཛིན་ཡིག་སོགས་བསྐུར་བའི་བྱེད་ཐབས་སྤྱོད་དགོས། གྲབས་འཛུགས་སྒང་གི་ཟི་ལིང་སློབ་ཆེན་གྱི་གདན་ཞུའི་དགེ་རྒན་བསྡུ་བའི་མིང་ཐོ་འགོད་པའི་དུས་ཚོད་ལ་ཚོད་འཛིན་མེད་པས་དུས་དང་རྣམ་པ་ཀུན་ཏུ་མིང་ཐོ་དགོད་ཆོག་གོ །

ལྔ། དཔྱད་ཞིབ་དང་། ཁ་རྒྱུགས་ཀྱི་དུས་ཚོད། ས་གནས་ཀྱི་དཔྱད་ཞིབ་དུས་ཚོད། མིང་ཐོ་འགོད་པའི་གནས་ཚུལ་ལྟར་དུས་ཚོད་བདམས་ཏེ་སྤེལ་རྒྱུ་ཡིན་ཞིང་། དཔྱད་ཞིབ་བྱ་ཡུལ། ཆེད་ལས་དཔྱད་ཞིབ་དེ་འབྲེལ་ཡོད་ལས་ཁུངས་ཀྱི་དཔྱད་ཞིབ་ཇུས་གཞིའི་གཏན་འཁེལ་ལྟར་ས་གནས་གཏན་འཁེལ་བྱ་རྒྱུ་དང་། ཁ་རྒྱུགས་མཚོ་སྔོན་སློབ་ཆེན་ནས་གཅིག་གྱུར་ངང་ལེན་རྒྱུ་ཡིན།

2021ལོའི་ཟླ8པའི་ཚེས25ཉིན།

གྲབས་འཛུགས་སྒང་གི་ཟི་ལིང་སློབ་ཆེན་གྱི2021ལོའི་གདན་ཞུའི་དགེ་རྒན་བསྡུ་བའི་འཆར་གཞིའི་རེའུ་མིག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།