ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ལས་མི་བསྡུ་བར་བཏང་བའི་བརྡ་ཁྱབ།

ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནི། བཟོ་ཚོང་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གིས་དབང་ཆ་སྤྲད་ནས་གཉེར་སྐྱོང་བྱེད་པའི་རིམ་པ་དང་པོའི་ཡན་ལག་དངུལ་ཁང་ཞིག་གོ །དེའི་ཁོངས་སུ་གཞོང་ཐང་དང་། གྲོ་ཚང་། ཧོར་གྲོང་། དམར་གཙང་། ཟི་ལིང་མཁར་ཤར་ཁུལ། མཁར་དབུས་ཁུལ། ལྟེ་བའི་ཐང་ཆེན། མཁར་ནུབ་ཁུལ། ཙོང་ཁ། སྟོང་སྐོར། རྟ་ཐང་། མཚོ་ནུབ་དང་ན་གོར་མོ་སོགས་རིམ་པ་དང་པོའི་ཡན་ལག་དངུལ་ཁང་བཅུ་གསུམ་འདུས་ཡོད།  

ལས་སྒོ་འཕེལ་རྒྱས་གཏང་བའི་དགོས་མཁོ་ལྟར། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་འབྲེལ་ཡོད་ལས་གནས་ཀྱི་ཉམས་མྱོང་ཡོད་པའི་ལས་བྱེད་མི་སྣ་བསྡུ་རྒྱུ་ཡིན་ཞིང་། ཞིབ་ཕྲའི་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།

གཅིག །ལས་བསྡུའི་ལས་ཁུངས།

ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་།

གཉིས། ལས་བསྡུའི་འཆར་གཞི།

ལས་མི25བསྡུ་རྩིས་ཡོད་པ།

ལས་བསྡུའི་ལས་ཁུངས་དང་ལས་གནས་མི་གྲངས། མཚོ་སྔོན་ཡན་ལག་དངུལ་ཁང་མཚོ་ནུབ་ཉིང་ལག་དངུལ་ཁང་གིས་མི5དང་། ན་གོར་མོ་ཉིང་ལག་དངུལ་ཁང་གི་གནས་གཏན་འཁེལ་གྱི་ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་མི12། མཚོ་ཤར་ཡན་ལག་དངུལ་ཁང་གིས་མི2། ཧོར་གྲོང་ཉིང་ལག་དངུལ་ཁང་གིས་མི2། གྲོ་ཚང་ཉིང་ལག་དངུལ་ཁང་གིས་མི2། གཞོང་ཐང་ཉིང་ལག་དངུལ་ཁང་གིས་མི2བཅས་བསྡུ་རྒྱུ་རེད།

བཞི། ལས་བསྡུའི་ཆ་རྐྱེན།

མགྲོན་གཉེར་ལས་རྐང་དུ་མིང་ཐོ་འགོད་པར་ལོ40མན་ཡིན་དགོས་པ་དང་། མགྲོན་གྱི་ཞབས་ཞུའི་སྤྱི་གཉེར་པའི་ལས་རྐང་དུ་མིང་ཐོ་འགོད་པར་ལོ35མན་ཡིན་དགོས།

ལྔ། ལས་བསྡུའི་གོ་རིམ།

དྲ་ཐོག་ནས་མིང་ཐོ་འགོད་པ། མིང་ཐོ་འགོད་པའི་དུས་ཚོད་ནི2021ལོའི་ཟླ8པའི་ཚེས26ཉིན་ནས་ཟླ9པའི་ཚེས9ཉིན་བར་ཡིན། མིང་ཐོ་དགོད་མཁན་གྱིས་བཟོ་ཚོང་དངུལ་ཁང་གི་ཤེས་ལྡན་མི་སྣའི་ལས་བསྡུའི་གཞུང་ཕྱོགས་དྲ་ཚིགས(campus.icbc.com.cn)ཐོ་འགོད་བྱས་ནས། “སྤྱི་ཚོགས་ཀྱི་ལས་བསྡུས”ལེ་ཚན་ནང་ཞུགས་ཏེ་ལས་གནས་རེ་ཞུ་ལེགས་སྒྲུབ་བྱེད་དགོས། ད་དུང“ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་ཤེས་ལྡན་མི་སྣའི་ལས་བསྡུ་བྱེད་པའི”སྐད་འཕྲིན་གྱི་སྤྱི་དམངས་ཨང་རྟགས་བརྒྱུད་དེ་མིང་ཐོ་དགོད་ཐུབ། དྲ་ཐོག་ནས་མིང་ཐོ་འགོད་པ་ལས་རྣམ་པ་གཞན་གྱི་མིང་ཐོ་འགོད་སྟངས་མེད།

ཡིག་རྒྱུགས་དང་། ཁ་རྒྱུགས། བདེ་ཐང་བརྟག་བཤེར། རྒྱབ་ལྗོངས་བརྟག་དཔྱད་སོགས་ལས་རིམ་གྱི་ཞིབ་ཕྲའི་དུས་ཚོད་ཟུར་དུ་བརྡ་ཐོ་གཏང་རྒྱུ་ཡིན་པས་དུས་ཐོག་ཏུ་དོ་སྣང་བྱ་དགོས།

བདུན། འབྲེལ་གཏུག་བྱེད་སྟངས།

གློག་རྡུལ་ཡིག་སྒམ། qhghxyzp@qh.icbc.com.cn

འབྲེལ་གཏུག་ཁ་པར། 0971-6107597

ཞར་བྱུང་ཡིག་ཆ། ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས2021ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་བའི་ལས་གནས་དང་ཆ་རྐྱེན།

ཡོང་ཁུངས། ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།