2021ལོའི་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་དགེ་རྒན་བསྡུ་བའི་བརྡ་སྦྱོར།

རྒྱུགས་སྤྲོད་སློབ་མ་རྣམ་ལ་སྤྲིངས་དོན།

དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་པ་དང་། སློབ་གསོའི་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་བྱ་ཆེད། མཁར་ཤར་ཁུལ་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་དགེ་རྒན114བསྡུ་རྒྱུ་ཡིན་ལ། འབྲལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།

གཅིག ལས་གནས་ཀྱི་དགོས་མཁོ།

གཉིས། ལས་གནས་ཀྱི་ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།

2.ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། སློབ་གསོའི་བྱ་གཞག་བཅས་བརྩི་སྲུང་བྱེད་པ། སྤྱོད་ལམ་བཟང་པོ་ཡིན་པ།

3.སློབ་གསོ་དང་སློབ་ཁྲིད་ཀྱི་འགན་འཁྲི་སྒྲུབ་པའི་ལུས་སེམས་ཀྱི་ཆ་རྐྱེན་དང་ལས་སྒྲུབ་ནུས་པ་ལྡན་པ།

4.དངོས་གཞིའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས།(དགེ་འོས་རིགས་ཀྱི་ཆེད་ལས་མཐར་ཕྱིན་ཡིན་ཚེ་ཆེད་སྦྱོང་དང་ཆེད་སྦྱོང་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡིན་ཆོག)ལོ35མན་ཡིན་དགོས་ལ།(1985ལོའི་ཟླ7པའི་ཚེས31ཉིན་གྱི་རྗེས་ནས་སྐྱེས་པ་ཡིན་དགོས།

གསུམ། མིང་ཐོ་འགོད་པ།

1.མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ8པའི་ཚེས24ཉིན་གྱི་ཆུ་ཚོད08:00ནས2021ལོའི་ཟླ8པའི་ཚེས30ཉིན་གྱི་ཆུ་ཚོད18:00བར་ཡིན།

2.ཞིབ་བཤེར་གཏན་འབེབས་ཀྱི་དུས་ཚོད། 2021ལོའི་ཟླ8པའི་ཚེས24ཉིན་གྱི་ཆུ་ཚོད08:00ནས2021ལོའི་ཟླ8པའི་ཚེས30ཉིན་གྱི་ཆུ་ཚོད20:00བར་ཡིན།

3.དངུལ་སྤྲོད་པའི་དུས་ཚོད། 2021ལོའི་ཟླ8པའི་ཚེས24ཉིན་གྱི་ཆུ་ཚོད08:00ནས2021ལོའི་ཟླ8པའི་ཚེས31ཉིན་གྱི་ཆུ་ཚོད23:00བར་ཡིན།

4.མིང་ཐོ་འགོད་སྟངས། ཐེངས་འདིའི་ལས་བྱེད་མི་སྣ་བསྡུ་བའི་ཡིག་རྒྱུགས་ལ་དྲ་ཐོག་ནས་མིང་ཐོ་འགོད་རྒྱུ་དང་། མིང་ཐོ་འགོད་མཁན་གྱིས་གློག་ཀླད་ཀྱི་སྣེ་ནས་ཁུན་ལུན་ཡུན་ཚའེ་དྲ་བའི་སྟེང་ཐོ་འགོད་བྱ་དགོས། www.klycw.cn

5.མིང་ཐོ་འགོད་སྐབས། (2021ལོའི་ཟླ8པའི་ཚེས24ཉིན་ནས2021ལོའི་ཟླ8པའི་ཚེས30ཉིན་བར་གྱི་ལས་ཞག་ཉིན། )སྐར་སྣོན་གྱི་ཆ་རྐྱེན་དང་མཐུན་པའི་རྒྱུགས་སྤྲོད་སློབ་མས་ཐོབ་ཐང་ལག་ཁྱེར་དང་། ཁྱིམ་ཐོ། ཐོབ་ཐང་འཛིན་ཡིག །མཐར་ཕྱིན་འཛིན་ཡིག ངལ་རྩོལ་གན་རྒྱའི(བྱ་བའི་དཔང་ཡིག)ཡང་ན2021ལོའི་མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན་བསྡུ་བའི་ཁ་རྒྱུགས་ཀྱི་ཐོབ་ཐང་ཞིབ་བཤེར་རེའུ་མིག་དང་། དེ་བཞིན་ངོ་སྤྲོད་ཡིག་ཆ་གཞན་དག་གི་མ་ཡིག་དང་དེ་བཞིན་དཔར་མ་ཁྱེར་ནས་མིང་ཐོ་བཀོད་པའི་ལས་ཁུངས་སུ་སོང་ནས་ཡུལ་དངོས་སུ་ཐོབ་ཐང་ལ་བསྐྱར་ཞིབ་བྱས་ནས་གཏན་འཁེལ་བྱ་དགོས།

(གཉིས)ཡིག་རྒྱུགས།

གཉིས། ཡིག་རྒྱུགས་ལེན་གྱི་དུས་ཚོད་དང་ས་གནས། ཡིག་རྒྱུགས་ཀྱི་རྒྱུགས་སྤྲོད་དཔང་ཡིག་ལ་བལྟ་དགོས།

4.ཁ་རྒྱུགས་ཀྱི་དུས་ཚོད་དང་ས་གནས། ཟུར་དུ་བརྡ་ཐོ་གཏང་།

2.གླ་ཕོགས་ཀྱི་གྲུབ་ཆ།

3.དགེ་རྒན་གྱི་དབྱར་དགུན་གུང་གསེང་ལོངས་སུ་སྤྱད་ཆོག

དྲུག བློ་འདྲིའི་ཞབས་ཞུ།

མིང་ཐོ་འགོད་པའི་ལས་ཁུངས། མཚོ་སྔོན་ཆིང་གཡོད་མི་ཤུགས་ཐོན་ཁུངས་ཚད་ཡོད་འགན་འཁྲི་ཀུང་སི།

མིང་ཐོ་འགོད་པའི་བློ་འདྲིའི་ཁ་པར་ཨང་གྲངས། 0971-6361279

ལས་བྱེད་མི་སྣ་བསྡུ་བའི་ལས་ཁུངས། མཁར་ཤར་ཁུལ་གྱི་སློབ་གསོ་ཅུའུ། ཨང་གྲངས། 0971-8183603།

མིང་ཐོ་འགོད་པའི་དྲ་ཚུགས། ཁུན་ལུན་ཡུན་ཚའེ་དྲ་བ། (www.klycw.cn)

ལྟ་སྐུལ་ཁ་པར། མཁར་ཤར་ཁུལ་གྱི་སྒྲིག་ཨུད། 0971-8174002

ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་མངགས་གཏོང་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གསུམ་པ། 0971-4127592

ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0971-8175107

ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་སློབ་གསོ་ཅུའུ།

2021ལོའི་ཟླ8པའི་ཚེས23ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།