སྐད་འཕྲིན་ཚོགས་པའི་ནང་འཛིང་རེས་བྱས་ན་ཚོགས་གཙོ་ལ་འགན་ཡོད་དམ།

ཀོང་ཀྲོའུ་ཡི་གཞིས་ལས་ཀུང་སི་ཞིག་གི་ལས་མི་ལི་ཧྭ་ཡིས་གཞིས་ལས་དོ་དམ་ལག་བསྟར་བྱ་ཆེད2018ལོར་གཞིས་ཁུལ་གྱི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་པ་རེད། ཡིན་ནའང་། 2018ལོ་ནས་2019ལོའི་བར། གཞིས་ཁུལ་གྱི་གཞིས་བདག་མང་པོས་ཚོགས་པའི་ནང་དུ་དུས་ཡུན་རིང་པོར་ཀྲང་ཞའོ་རན་ལ་དམིགས་ནས་དམའ་འབེབས་གཏོང་བའི་གཏམ་གླེང་ཡང་ཡང་བྱས་པ་རེད། ཀྲང་ཞའོ་རན་གྱིས་ཐེངས་མང་པོར་ཚོགས་པའི་ནང་དང་སྒེར་གྱི་སྐད་འཕྲིན་བརྒྱུད་ནས་ཚོགས་གཙོ་ལི་ཧྭར་བརྡ་འཕྲིན་བསྐུར་ནས་འདིའི་ཐད་འགན་འཁུར་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ཚོགས་གཙོ་ལི་ཧྭས2021ལོའི་ཟླ5པའི་ཚེས15ཉིན་དང་ཚེས19ཉིན་ཚོགས་པའི་ནང་དུ་སྤྱི་བསྒྲགས་སྤེལ་ནས་ཚོགས་མིར་ཡ་རབས་ཀྱི་སྐད་ཆ་བཤད་དགོས་པ་དྲན་སྐུལ་བྱས་པ་དང་ཚེས19ཉིན་ཚོགས་པ་དེ་མེད་པ་བཏང་པ་ལས་གཞན། དེ་སྔོན་ལོ་གཅིག་རིང་གི་དུས་ཚོད་ནང་ཚོགས་པར་འགན་འཁུར་པའི་བྱེད་ཐབས་གཞན་གང་ཡང་སྤྱད་མེད་པ་རེད།

ཀྲང་ཞའོ་རན་གྱིས་སྐད་འཕྲིན་ཚོགས་པའི་ནང་དུ་རང་ཉིད་ལ་དམའ་འབེབས་བྱེད་མཁན་གཞིས་བདག་དེས་རང་གི་ཁེ་དབང་ལ་གནོད་འཚེ་བཏང་པ་གཏུག་བཤེར་བྱས་པ་དང་། ཁྲིམས་ཁང་གི་ནུས་ཐོན་ཐག་གཅོད་ངོས་འཛིན་ཡི་གེའི་སྟེང་གཞིས་བདག་གིས་ཚོགས་པའི་ནང་དུ་དམའ་འབེབས་ཀྱི་གཏམ་བཤད་སྤེལ་པ་དེ་མཚན་སྙན་དང་ཐོབ་ཐང་གི་ཁེ་དབང་གནོད་འཚེ་ལ་ངོས་འཛིན་དང་། གཞིས་བདག་གིས་ཡིག་ཐོག་ནས་དགོངས་དག་ཞུ་ཡིག་འབུལ་རྒྱུ། བསམ་པའི་ཁེ་དབང་ཐད་ཀྱི་གནོད་སྐྱོན་ཐེབས་པ་ལ་སྐྱིན་ཚབ་དངུལ་སྒོར2000སྤྲོད་རྒྱུ་ཐག་བཅད། ཀྲང་ཞའོ་རན་ནི་གཞིས་ལས་ཀུང་སིའི་ཡིན་པའི་ཆ་ནས་ཚུལ་མིན་བྱ་སྤྱོད་དེ་ནི་མཚན་སྙན་ལ་གནོད་སྐྱོན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། གཞིས་ལས་ཀུང་སིས་དགོངས་དག་ཞུ་དགོས་པ་མ་ཟད་བསམ་པའི་ཁེ་དབང་གི་གྱོང་གུད་ལ་སྐྱིན་ཚབ་སྒོར་ཁྲི2སྤྲོད་དགོས་པའི་རེ་བ་བཏོན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།