ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་དཔོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བེད་གོ་ཕེར་པོར་སྤྱད་དེ་དམངས་དོན་ལྟ་སྐུལ་གྱོད་གཞི་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་དྲུག་པས་སྲིད་ཁྲིམས་དཔུང་ཁག་སྐོར་ཁག་གཉིས་པའི་སློབ་གསོ་དག་ཐེར་བྱེད་པའི་གོ་སྐབས་དང་བསྟུན་ནས་ད་ལོའི་ཚུན་དུ་འཚོགས་པའི་ཞིབ་དཔྱོད་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་བྱས་ཏེ། མཉམ་འབྲེལ་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་པ་བརྒྱུད། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་སྔར་ལས་དོན་འཁྱོལ་དང་། ཞིབ་དཔྱོད་དཔོན་གྱི་གྱོད་གཞིའི་ཞིབ་གཅོད་སྤུས་ཚད་མཐོ་རུ་བཏང་བས། ཞིབ་དཔྱོད་དཔོན་གྱི་གྱོད་གཞི་ཞིབ་གཅོད་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གིས་གྱོད་དོན་ལ་གྲོས་ཞིབ་བྱེད་པར་དཔྱད་གཞིའི་བསམ་འཆར་འདོན་སྤྲོད་བྱས་པའི་ངོས་འཛིན་བྱས་ཡོད།

ཤེས་གསལ་ལྟར་ན། ཟླ8པའི་བར། ཞིང་ཆེན་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་དྲུག་པས་ཞིབ་དཔྱོད་དཔོན་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས16འཚོགས་ནས། དམངས་དོན་གཏུག་བཤེར་ལ་ལྟ་སྐུལ་བྱེད་པའི་གྱོད་གཞི25ལ་གྲོས་བསྡུར་བྱས་ཤིང་། དེའི་ནང་སྡེ་ཚན་དེ་གའི་ཞིབ་དཔྱོད་དཔོན་གྱིས་སྒྲུབ་འགན་འཁུར་བའི་གྱོད་གཞི་ཐེངས10དང་གྱོད་གཞི17ལ་གྲོས་བསྡུར་བྱས་པ་དང་། གྲོང་ཁྱེར་དང་ཁུལ་གྱི་ཞིབ་དཔྱོད་ཁང་གི་གྱོད་གཞི་ཐེངས6དང་གྱོད་གཞི8ལ་གྲོས་བསྡུར་བྱས། ཞིབ་དཔྱོད་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ལ་གྲོས་བསྡུར་བྱ་རྒྱུར་ཕུལ་བའི་གྱོད་དོན་ནང་དུ། སྡེ་ཁག་རང་གི་ཞིབ་དཔྱོད་དཔོན་གྱིས་གོང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་རྩིས་ཡོད་པའི་གྱོད་དོན་འདུས་ཡོད།

ཞིང་ཆེན་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་དྲུག་པའི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཐེངས་རྗེས་མར་མུ་མཐུད་དུ་སློབ་གསོ་དག་ཐེར་ལས་དོན་གྱི་བླང་བྱར་དམིགས་པ་དང་ལག་ལེན་གྱི་གནས་ཚུལ་གཉིས་ཕན་ཚུན་ཟུང་འབྲེལ་སྒོས། ཞིབ་དཔྱོད་དཔོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་སྔར་བས་ཚད་ལྡན་དུ་བཏང་སྟེ། མཉམ་འབྲེལ་ཚོགས་འདུའི་གྱོད་གཞི་ཁྱབ་ཚད་ཆེ་རུ་གཏང་བ་དང་། གྲོས་བསྡུར་བྱེད་སྟངས་གསར་པ་འཚོལ་ཞིབ་དང་། ཞིབ་དཔྱོད་དཔོན་གྱི་མཉམ་འབྲེལ་ཚོགས་འདུར་བརྟེན་ནས་གྱོད་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་ཆབས་ཅིག །ཞིབ་དཔྱོད་དཔོན་གྱི་ལས་སྒོ་ཐད་ནས་བགྲོ་གླེང་དང་། བསམ་གཞིག་གི་གདོང་གཏུག །ཤེས་བྱ་སློབ་སྦྱོང་བཅས་ཀྱི་ལས་སྟེགས་ཤིག་ཏུ་བཏོད་ནས་གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། བཅའ་ཁྲིམས་ཀྱི་སྤྱོད་སྒོ་ཚད་ལྡན་དུ་བཟོ་བ། དམངས་དོན་ཞིབ་དཔྱོད་དཔུང་ཁག་གི་ཆེད་ལས་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱ་ཆེད་དགེ་མཚན་ལྡན་པའི་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན།

ཀླུ་མོས་བསྒྱུར།