དུས་ཚོད་ཀྱི་རེའུ་མིག་འདིས་མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ“ཁ་ཕྱོགས་གསར་པ“བསྟན་ཡོད།

2025ལོར་བསླེབ་དུས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཐད་མ་ལག་རང་བཞིན་དང་། འགག་སྒྲོལ་རང་བཞིན། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ལེགས་པོ་འཐོབ་སྲིད་དོ། །

2023ལོར་བསླེབ་དུས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་མ་ལག་འཛུགས་སྐྱོང་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་སྟེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མངོན་དུ་གྱུར་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཞི་རྩའི་ཐོག་ལེགས་འགྲུབ་འབྱུང་སྲིད།

དུས་རབས་འདིའི་དཀྱིལ་དུ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་མ་ལག་ཕྱོགས་གཅིག་ཏུ་བསྡུས་ཏེ། འཐུས་སྒོ་སྔར་ལས་ཚང་ཞིང་། ཆུ་ཚད་སྔར་ལས་མཐོ་བ། ཤུགས་རྐྱེན་སྔར་ལས་ཟབ་པ། རྣམ་པ་སྔར་ལས་མཛེས་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་སྲིད་དོ། །

ཆུ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏང་བའི་སྐོར།

2025ལོར་བསླེབ་དུས། ཆུ་བོའི་འགོ་ཁུངས་ཀྱི་ཆུ་སྤུས་རིམ་དང་པོའི་ཡན་ཆོད་ལ་རྒྱུན་འཁྱོངས་བྱས་ཏེ། ཆུ་བོའི་གཞུང་དང་ཆུ་ལག་གི་ཆུའི་གསོག་ཚད་དང་། ཆུ་འགོ་གསོ་སྙོལ་གྱི་ནུས་པ་སྤྱིའི་ཆ་ནས་ཆེར་བསྐྱེད་ཅིང་། སྐྱེ་ཁམས་མ་ལག་གི་ཉམས་རྒུད་རྣམ་པ་སླར་སོས་ནས་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་ཕན་འབྲས་ལེགས་པོ་འཐོབ་སྲིད་དོ། །

ཙོང་ཁ་རོང་གི་མཉམ་གནས་སྐྱེ་ཁམས་མ་ལག་བསྐྲུན་པའི་སྐོར།

2025ལོར་བསླེབ་དུས། འབབ་རྒྱུད་མངའ་ཁོངས་ནས་ཕྱིར་འབབ་པའི་ཙོང་ཆུའི་གཏུབ་ངོས་ཀྱི་ཆུ་སྤུས་རིམ་པ་གསུམ་པ་དང་། ས་ཆུ་ཟུང་འཛིན་གྱི་ཚད77%རྒྱུན་འཁྱོངས་བྱ་ཐུབ།

2035ལོར་བསླེབ་དུས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་གནས་ཁོར་ཡུག་ཇེ་ལེགས་ནས་ཇེ་ཡག་ཏུ་བསྒྱུར་ནས་ས་ཆུའི་ཟུངས་འཛིན་གྱི་ནུས་པ་རྒྱུན་འཁྱོངས་ལ་ཕན་འབྲས་མངོན་གསལ་འཐོབ་སྲིད།

ཚྭ་འདམ་གཤོང་སའི་བྱེ་ཐང་གི་སྐྱེ་ཁམས་ཁུལ་འཛུགས་སྐྲུན་བྱ་བའི་སྐོར།

2025ལོར་བསླེབ་དུས། ས་ཞིང་བྱེ་འགྱུར་བཅོས་སྐྱོང་གི་ཚད30%ལ་བསླེབ་སྲིད་པ་དང་། ཆུའི་ཐོན་ཁུངས་བེད་སྤྱོད་ལས་འཐོབ་པའི་ཕན་འབྲས་མངོན་གསལ་ཡིན་ངེས།

གསེར་ཆེན་གཤོང་གི་སྐྱེ་ཁམས་ཁུལ་འཛུགས་བསྐྲུན་སྐོར།

2025ལོར་བསླེབ་དུས། མཚོ་སྔོན་པོ་འབབ་རྒྱུད་ཀྱི་རྩྭ་སར་སྐྱེ་དངོས་སྣ་ཚོགས་ཀྱི་ཁེབས་ཚད60.6%དང་། བརླན་ས་སྲུང་སྐྱོབ་གི་ཚད70%རུ་སྤར་ནས་ཆུ་ཁོངས་དང་ཁོར་ཡུག་གི་སྐྱེ་ཁམས་མ་ལག་གི་སྒྲིག་གཞི་ཇེ་བརྟན་དུ་གཏང་ངེས།

མཚོ་བོད་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་སྡེ་ཤོག་མཉམ་སྐྲུན་ལ་སྐུལ་འདེད་གཏང་བའི་སྐོར།

2025ལོར་བསླེབ་དུས། རྒྱལ་ཁབ་སྤྱི་གླིང་སྡེ་ཤོག་གཞིར་བཟུང་བའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་བར་སྟོང་གི་བློ་བཀོད་གཞི་རྩའི་ཐོག་གྲུབ་ནས། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྣེ་འཁྲིད་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏང་ངེས་སོ། །

གཞིས་སྡོད་ཁོར་ཡུག་མིའི་ལུས་ཁམས་དང་འཕྲོད་པར་བྱ་བའི་སྐོར།

2025ལོར་བསླེབ་དུས། མཛེས་པའི་གྲོང་ཁྱེར་དང་། མཛེས་པའི་གྲོང་གསེབ། མཛེས་པའི་གྲོང་ཚོ་གཅིག་ལ་གཅིག་འབྲེལ་གྱི་འཛུགས་སྐྲུན་མ་ལག་གཞི་རྩའི་ཐོག་ཆགས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་བཅོས་སྐྱོང་ནུས་པ་ཇེ་མཐོར་དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི37%ལྗང་ལོས་ཁེབས་སྲིད།

རྒྱལ་ཡོངས་ཀྱི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་སྔོན་སྤེལ་ཁུལ་བཏོད་པའི་སྐོར།

“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”ཡི་སྐབས་སུ་ཞིང་ཆེན་ཡོངས་ནས་ཐཱན་རྩེར་སོན་མངོན་དུ་འགྱུར་རྒྱུ་དང་། “ལོ་ལྔའི་འཆར་གཞི་བཅུ་དྲུག་པ”ཡི་མཇུག་ཏུ་ཞིང་ཆེན་ཁོངས་གཏོགས་ནས་ཐཱན་སྙོམ་སྦྱོར་མངོན་འགྱུར་གྱི་ཐབས་ལམ་འདོན་རྒྱུ།

སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གི་རྣམ་པ་གསར་འཛུགས་སྐོར།

2025ལོར་བསླེབ་དུས། ས་ཁོངས་གཙོ་བོ་དག་གི་རི་ཆུ་ནགས་ཞིང་། མཚོ་དང་མཚེའུ། སྤང་ལྗོངས། བྱེ་ཐང་། འཁྱགས་ས་བཅས་ཀྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གྲུབ་འབྲས་གསར་པ་བླངས་ནས་མ་ལག་རང་བཞིན་གྱི་སྐྱེ་ཁམས་གནད་དོན་ཐག་གཅོད་ལེགས་པོ་བྱ་སྲིད།

2035ལོར་བསླེབ་དུས། ལས་གཞི་སོ་སོ་ཁྱོན་ཡོངས་ནས་ལག་ཏུ་བསྟར་ཏེ། ཞིང་ཆེན་མངའ་ཁོངས་ཀྱི་རི་ཆུ་ནགས་ཞིང་། མཚོ་དང་མཚེའུ། སྤང་ལྗོངས། བྱེ་ཐང་། འཁྱགས་རོམ་སོགས་ཀྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་རྣམ་པ་གསར་པར་ཆགས་སྲིད་དོ། །

ཁོན་ཐར་འཚོས་བསྒྱུར།