མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་བཅའ་ཡིག །ལེའུ་བཞི་པ།

ལེའུ་བཞི་པ། ཆོས་ལུགས་ཆོ་གའི་སྤེལ་ཡུལ།

དོན་ཚན་ཉེར་གསུམ་པ། དོན་ཚན་འདིར་ཆོས་ལུགས་ཆོ་གའི་སྤེལ་ཡུལ་ཟེར་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཆོས་ལུགས་ལས་དོན་བཅའ་ཡིག》གི་གཏན་འབེབས་གཞིར་བཟུང་སྟེ་ཁྲིམས་ལྟར་ཐོ་འགོད་བྱས་ཤིང་། དད་ལྡན་སྤྱི་འབངས་ལ་ཆོས་ལུགས་ཆོ་ག་སྤེལ་སའི་དགོན་སྡེ་ལྷ་ཁང་ཆོས་ཁང་དང་། ཡང་ན་བརྟན་འཇགས་ཀྱི་ཆོས་ལུགས་ཆོ་ག་སྤེལ་ས་མཁོ་སྤྲོད་བྱ་དགོས།

དོན་ཚན་ཉེར་བཞི་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དངོས་ཡོད་དགོས་མཁོ་གཞིར་བཟུང་སྟེ། ཆོས་ལུགས་ཆོ་ག་ཆོས་ལུགས་ཆོ་ག་སྤེལ་ཡུལ་དེ་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་འཛུགས་སྐྲུན་ཁྲོད་འཇོག་དགོས།

རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་དམངས་སྤོར། མཁར་རྙིང་བཅོས་སྒྱུར་བཅས་ཀྱི་སྒྲིག་ཁོངས་ཁྲོད། ཆོས་ལུགས་ཆོ་ག་སྤེལ་སར་འབྲེལ་བ་ཡོད་པ་ལ། ཆོས་ལུགས་ལས་དོན་སྡེ་ཁག་དང་ཆོས་ལུགས་ཚོགས་པ། ཆོས་ལུགས་ཆོ་གའི་སྤེལ་ཡུལ་བཅས་ཀྱི་བསམ་འཆར་ལ་ཉན་དགོས།

དོན་ཚན་ཉེར་ལྔ་པ། ཆོས་ལུགས་ཆོ་གའི་སྤེལ་ཡུལ་དང་ཐང་ཆེན་དུ་ཆོས་ལུགས་ཀྱི་སྐུ་བརྙན་ཆེན་པོ་བཟོ་བ་དེ་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་ངེས་པར་དུ་མཐུན་དགོས་ལ། ཨར་ལས་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ། རིག་དངོས་སྲུང་སྐྱོབ། མེ་ཟོན་བདེ་འཇགས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ལའང་ངེས་པར་མཐུན་དགོས། དེ་བཞིན་ཉེ་འཁོར་ལས་ཁུངས་དང་སློབ་གྲྭ། སྡོད་དམངས་བཅས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་སློབ་སྦྱོང་། འཚོ་བ་བཅས་ལ་འགལ་རྐྱེན་ཐེབས་མི་ཆོག །འཛུགས་སྐྲུན་གཞི་ཁྱོན་ཡང་གཏན་འབེབས་དང་མཐུན་དགོས་ཤིང་། བཀོད་སྒྲིག་ལུགས་མཐུན་ཡིན་དགོས་ལ། ཨར་པོར་རྣམ་པར་ཀྲུང་གོའི་ཁྱད་ཆོས་མངོན་པར་བྱ་དགོས།

ཆོས་ལུགས་ཆོ་ག་སྤེལ་ཡུལ་གཞིར་བཟུང་བའི་ཡུལ་སྐོར་ལས་གཉེར་ལྗོངས་ཁུལ་གྱི་འཆར་གཞིར་བཀོད་པའི་འཛུགས་སྐྲུན། ཆོས་ལུགས་ཆོ་གའི་སྤེལ་ཡུལ་གྱི་ཁྱད་ཆོས་དང་ཁོར་ཡུག་དང་མཐུན་དགོས།

དོན་ཚན་ཉེར་དྲུག་པ། ཆོས་ལུགས་ཆོ་ག་སྤེལ་ཡུལ་གྱི་ནང་དུ་བཅོས་སྒྱུར་འཛུགས་སྐྲུན་དང་ཡང་ན་འཛུགས་སྐྲུན་བྱ་དངོས་གསར་སྐྲུན་བྱེད་རྒྱུ་དེ་དགོན་སྡེ་ལྷ་ཁང་དང་ཆོས་ཁང་ལ་གཏོགས་པས། ས་གནས་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་འགོད་དགོས་ལ། ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་འགོད་དགོས་ཤིང་། གཞན་པའི་བརྟན་འཇགས་ཆོས་ལུགས་ཆོ་ག་སྤེལ་ཡུལ་ལ་གཏོགས་ཤིང་། ས་གནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་འགོད་དེ། རིམ་པ་དང་པོའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་ཕུལ་ཏེ་ཆོག་མཆན་འགོད་དུ་འཇུག་དགོས་ཤིང་། ཆོས་ལུགས་ལས་དོན་སྡེ་ཁག་གི་ཆོག་མཆན་ཐོབ་རྗེས་ཁྲིམས་ལྟར་འཆར་འགོད་དང་འཛུགས་སྐྲུན་སོགས་ཀྱི་འགྲོ་ལུགས་སྒྲུབ་དགོས།

དོན་ཚན་ཉེར་བདུན་པ། དགོན་སྡེ་ལྷ་ཁང་དང་ཆོས་ཁང་དུ་ཆོས་ལུགས་ཀྱི་སྐུ་བརྙན་ཆེན་པོ་གསར་བཞེངས་བྱེད་པ་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་སྒྲུབ་དགོས།

དགོན་སྡེ་ལྷ་ཁང་དང་ཆོས་ཁང་གི་ཕྱི་རོལ་དུ་ཆོས་ལུགས་ཀྱི་སྐུ་བརྙན་ཆེན་པོ་བཞེངས་རྒྱུ་གཏན་འགོག་དང་ཡང་ན་དེང་རབས་ཀྱི་སྐད་དང་འོད། གློག་སོགས་ལག་རྩལ་མཉམ་བསྲེས་ཀྱི་ཆོས་ལུགས་ཀྱི་སྐུ་བརྙན་ཆེན་པོ་གསར་བཞེངས་བྱེད་རྒྱུ་གཏན་འགོག་བྱ་དགོས།

ཆོས་ལུགས་ཚོགས་པ་ནང་ཆོས་དགོན་པ། ཏའོ་ལུགས་མཆོད་ཁང་། དབྱི་སི་ལན་ལྷ་ཁང་ལས་གཞན་པའི་རྩ་འཛུགས་དང་མི་སྒེར་གྱིས་ཐང་ཆེན་དུ་ཆོས་ལུགས་ཀྱི་སྐུ་བརྙན་ཆེན་པོ་བཞེངས་སྐྲུན་བྱས་མི་ཆོག

དོན་ཚན་ཉེར་བརྒྱད་པ། ཆོས་ལུགས་ཆོ་གའི་སྤེལ་ཡུལ་ལ་གྲུབ་མཐའ་དང་དཔོན་རྒྱུད། མི་མིང་སོགས་བཏགས་མི་ཆོག

དོན་ཚན་ཉེར་དགུ་པ། ཆོས་ལུགས་ཆོ་གའི་སྤེལ་ཡུལ་དུ་དོ་དམ་རྩ་འཛུགས་བཙུགས་ནས་དམངས་གཙོའི་དོ་དམ་ལག་བསྟར་བྱེད་དགོས།

ཆོས་ལུགས་ཆོ་ག་སྤེལ་ཡུལ་གྱི་དོ་དམ་རྩ་འཛུགས་ཀྱི་ཁོངས་མིས། རྒྱལ་གཅེས་ཆོས་གཅེས་དང་བཅའ་ཁྲིམས་ལ་བརྩི་སྲུང་། ལས་དོན་དྲང་བདེན་སྒོས་ཆོས་ལུགས་ཤེས་བྱ་དང་དོ་དམ་ནུས་པ་ངེས་ཅན་ཞིག་དགོས། ཁོངས་མི་དག་ནི་སྤྱིར་བཏང་དུ་ཆོས་ལུགས་ལས་དོན་མི་སྣ་དང་ཆོས་ལུགས་གང་དེའི་གཏན་འབེབས་ལ་མཐུན་པའི་ཆོས་ལུགས་ཆོ་གར་མདོ་འཛིན་བྱེད་པའི་མི་སྣ་གཞན་པ། ས་གནས་གང་དེའི་དད་ལྡན་སྤྱི་དམངས་ཀྱི་འཐུས་ཚབ་པ་སོགས་མི་སྣའི་ཁྲོད་དམངས་གཙོའི་གྲོས་མཐུན་བརྒྱུད་དེ་འདེམས་བསྐོ་བྱེད་དགོས་ཤིང་། ཡུལ་གང་དེ་ཡར་ཞུ་བྱས་ནས་དོ་དམ་ལས་ཁུངས་ལ་ཐོ་འགོད་བྱེད་དུ་འཇུག་དགོས།

ཆོས་ལུགས་ཆོ་ག་སྤེལ་ཡུལ་དོ་དམ་རྩ་འཛུགས་ཀྱི་སྐབས་རེའི་ལས་ཡུན་ལོ་ལྔ་ལས་བརྒལ་མི་རུང་ཞིང་། དོ་དམ་རྩ་འཛུགས་ཁོངས་མིས་གཏན་འབེབས་ལྟར་འགན་ནུས་ལག་བསྟར་མི་བྱེད་ན་དུས་ལྟར་སྙོམས་སྒྲིག་བྱེད་དགོས།

དོན་ཚན་སུམ་བཅུ་པ། ཆོས་ལུགས་ཆོ་གའི་སྤེལ་ཡུལ་དོ་དམ་རྩ་འཛུགས་ཀྱིས་གཤམ་གསལ་འགན་ནུས་ལག་བསྟར་བྱེད་དགོས།

གཅིག ཆོས་ལུགས་ལས་དོན་མི་སྣ་དང་དད་ལྡན་སྤྱི་དམངས་ལ་སྣེ་ཁྲིད་སློབ་གསོ་བཏང་སྟེ། བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་སོགས་བརྩི་སྲུང་བྱེད་དགོས་ལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ལ་འགེབས་སྲུང་དང་། ཁྲིམས་འགལ་ལོག་ཆོས་གཏན་འགོག་བྱེད་དགོས།

གཉིས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་གཏན་འབེབས་གཞིར་བཟུང་སྟེ། ཆོས་ལུགས་ལས་དོན་དང་མི་སྣ། ནོར་དོན། རྒྱུ་ནོར། རྩིས་གཉེར། བདེ་སྲུང་། མེ་ཟོན། སྤྱི་གཞུང་འཕྲོད་བསྟེན། ཟས་རིགས་བདེ་འཇགས། སྐྱེ་ཁམས་སྲུང་སྐྱོབ། རིག་དངོས་དང་གཟུགས་འདས་ཤུལ་བཞག་རིག་རིག་གནས་ལ་སྲུང་སྐྱོབ། ཡོམ་འགོག་རྒུད་སྐྱོབ་སོགས་དོ་དམ་ལམ་ལུགས་དང་རྩ་འཛུགས་ལག་བསྟར་འཐུས་ཚང་བྱ་དགོས།

གསུམ། ཡུལ་དེའི་ཆོས་ལུགས་ཆོ་ག་དང་ཉིན་རྒྱུན་ལས་དོན་བཀོད་སྒྲིག་དང་ཐག་གཅོད་བྱ་དགོས།

བཞི། ནོར་དོན་རྩིས་ཐོ་དུས་བཅད་ལྟར་ཁྱབ་སྒྲོག་བྱེད་དགོས།

ལྔ། སྤེལ་ཡུལ་གང་དེའི་ཁྲིམས་མཐུན་ཁེ་དབང་དང་རྒྱུན་ལྡན་གྱི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་དགོས།

དོན་ཚན་སོ་གཅིག་པ། ཆོས་ལུགས་ཆོ་གའི་སྤེལ་གྱིས་སྔོན་ལ་གློར་བྱུང་དོན་རྐྱེན་གྱི་སྟབས་ཟོན་ཐབས་ཇུས་བཟོ་དགོས། ས་གནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་དང་འཕྲད་བསྟུན་དོ་དམ་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱེད་དགོས།

ཆོས་ལུགས་ཆོ་གའི་སྤེལ་ཡུལ་དུ་དོན་རྐྱེན་ཚབས་ཆེན་བྱུང་བའམ། ཡང་ན་ཆོས་ལུགས་བཀག་སྡོམ་ཁྲིམས་འགལ་སོགས་ཀྱིས་དད་ལྡན་སྤྱི་དམངས་ཀྱིས་ཆོས་ལུགས་ལ་བཅངས་པའི་བརྩེ་བར་གནོད་པ་བཟོ་པའམ། མི་རིགས་མཐུན་སྒྲིལ་ལ་གནོད་འཚེ་གཏོང་བ། སྤྱི་ཚོགས་བརྟན་འཇགས་ལ་ཤུགས་རྐྱེན་ངན་པ་བཟོ་བའི་དོན་རྐྱེན་འབྱུང་སྐབས། ཆོས་ལུགས་ཆོ་གའི་སྤེལ་ཡུལ་གྱིས་འཕྲད་བསྟུན་སྔོན་འགོག་བྱ་དགོས་ཤིང་། མྱུར་དུ་ས་གནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་དང་འཕྲད་བསྟུན་དོ་དམ་སོགས་སྡེ་ཁག་ལ་ཡར་ཞུ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་ལ་རམ་འདེགས་སྒོས་ཁྲིམས་ལྟར་རྩད་གཅོད་ཐག་གཅོད་བྱ་དགོས།

དོན་ཚན་སོ་གཉིས་པ། གནས་སྐབས་རིང་གཏན་ཁེལ་བྱས་པའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་སའི་ས་གནས་ལ་རེ་འདུན་སྙན་ཞུ་དང་གཏན་ཁེལ། ལྟ་སྐུལ་དོ་དམ་སོགས་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་ལག་བསྟར་བྱ་དགོས།

རྫོང་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོས་ལུགས་ཀྱི་གནས་སྐབས་ཆོ་ག་སྤེལ་སའི་ས་གནས་གཏན་འབེབས་མ་བྱས་པའི་ཡར་སྔོན་ལ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྡེ་ཁག་དང་ཆོས་ལུགས་ཚོགས་པ། ས་གནས་ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་། སྲང་ལམ་དོན་གཅོད་ཁྲུའུ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་ཤིང་། དགོས་ངེས་ཀྱི་སྐབས་སུ་བརྡ་ཁྱབ་སྤེལ་བ་དང་གྲོས་ཚོགས་འཚོག་པ། བཞུགས་མོལ་གྲོས་ཚོགས་སོགས་ཀྱི་རྣམ་པ་སྤྱད་དེ་ཉེ་འཁོར་ལས་ཁུངས་དང་སྡོད་དམངས་དག་གི་བསམ་འཆར་ལ་ཉན་དགོས།

གནས་སྐབས་རིང་ཆོས་ལུགས་ཆོ་ག་སྤེལ་ཡུལ་གྱི་ཁྲིམས་མཐུན་དུས་ཡུན་ལོ་ངོ་གསུམ་ཡིན་ལ། དུས་ཡུན་ལོངས་རྗེས་སྔར་བཞིན་ཆོས་ལུགས་ཆོ་ག་སྤེལ་སའི་སྒྲིག་ཆས་འཛུགས་སྐྲུན་ལ་ཆ་རྐྱེན་གྱིས་མི་འདང་བ་དང་དད་ལྡན་སྤྱི་དམངས་ཀྱིས་སྔར་བཞིན་རྒྱུན་ལྡན་རྣམ་པའི་ཆོས་ལུགས་ཀྱི་ཐུན་མོང་ཆོ་ག་དགོས་མཁོ་ཡོད་ན། ཡང་བསྐྱར་རེ་འདུན་སྙན་ཞུ་ཕུལ་ཆོག ཆོས་ལུགས་ཆོ་ག་སྤེལ་ཡུལ་གྱི་སྒྲིག་འཛུགས་ལ་ཆ་རྐྱེན་ལྡན་ན། ཁྲིམས་ལྟར་ཆོས་ལུགས་ཆོ་ག་སྤེལ་སར་ཞིབ་བཤེར་ཆོག་མཆན་དང་ཐོ་འགོད་འགྲོ་ལུགས་སྒྲུབ་དགོས།

དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་ཆོད་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁྲིམས་ལྟར་ཆོས་ལུགས་ཆོ་ག་སྤེལ་ཡུལ་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་བརྩི་སྲུང་བྱ་དགོས་ཤིང་། ཡུལ་དངོས་གང་དེའི་དོ་དམ་གཏན་འབེབས་གསར་འཛུགས་ལག་བསྟར་བྱས་ཏེ། ཐོ་འགོད་ལས་གཞི་གཞན་སྒྱུར་དང་ཆོས་ལུགས་ཆོ་ག །གཞན་རྐྱེན་ཆོ་གའི་གནས་ཚུལ་སོགས་ལ་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱ་དགོས།

ཆོས་ལུགས་ཆོ་གའི་སྤེལ་ཡུལ་གྱིས་ཆོས་ལུགས་ལས་དོན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་པའི་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་དང་ལེན་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།