མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་སྲུང་ལ་སྐུལ་འདེད་བྱ་ཆེད་མཚོ་བོད་ལྗོངས་ཞིང་གཉིས་ཀྱིས་ཁོངས་བརྒལ་མཉམ་ལས་ཞིབ་དཔྱོད་ལམ་ལུགས་བཟོས་པ།

ཟླ8ཚེས16ཉིན་མི་དམངས་དྲ་བས་ལྷ་སར་སྤེལ་བའི་འཕྲིན། ཉེ་ལམ་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས《མཚོ་བོད་མཐོ་སྒང་སྐྱེ་ཁམས་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོབ་ཕྱོགས་ནས་ས་ཁོངས་བརྒལ་བའི་མཉམ་ལས་ཞིབ་དཔྱོད་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར》ལ་མིང་རྟགས་བཀོད་ཅིང་། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོབ་ཐད་ས་ཁོངས་བརྒལ་བའི་ཞིབ་དཔྱོད་མཉམ་ལས་ཀྱི་ནང་རྐྱེན་ལམ་ལུགས་བཙུགས་ཏེ། མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆུ་ཚད་མཐོ་ལ་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་འཕེལ་རྒྱས་ཡོང་བའི་ཐད་སྐུལ་རོགས་བྱ་རྒྱུ་རེད།

དེ་དང་ཆབས་ཅིག ས་གནས་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གཙང་བོ་དང་ཆུ་བོ། མཚོ་མཚེའུ་ཐོན་ཁུངས་སྲུང་སྐྱོབ་དང་། ནགས་ཚལ་དང་རྩྭ་ཐང་། བརླན་ས་སྲུང་སྐྱོབ། སྐྱེ་ཁམས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སོགས་ཁྱབ་ཁོངས་དམིགས་སུ་བཟུང་སྟེ། མངའ་ཁོངས་བརྒལ་བའི་གྱོད་ཞིབ་གཞི་གཅིག་ཅན་གྱི་མཉམ་ལས་ལམ་ལུགས་འཐུས་ཚང་དུ་བཟོས་ཏེ་གྱོད་དོན་སྒྲུབ་གཉེར་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་དང་། ཐོན་ཁུངས་སྲུང་སྐྱོབ་དང་འབག་བཙོག་བཅས་སྐྱོང་སོགས་ཁྱབ་ཁོངས་ན་ཡོད་པའི་གནད་དོན་མངོན་གསལ་ཅན་ཐག་གཅོད་ལ་སྐུལ་འདེད་གཏང་རྒྱུ་རེད།