མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་བཅའ་ཡིག ལེའུ་གསུམ་པ།

ལེའུ་གསུམ་པ། ཆོས་ལུགས་སློབ་གྲྭ།

དོན་ཚན་བཅུ་བདུན་པ། ཆོས་ལུགས་སློབ་གྲྭས་ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་སྒོས་ནང་ཁུལ་དོ་དམ་འཐུས་ཚང་དང་བདག་གཉེར་སྒྲིག་གཞི་གསར་འཛུགས་བྱས་ནས། ལུགས་མཐུན་བསླབ་ཚན་བཀོད་སྒྲིག་བྱེད་པ་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་ཉིན་རྒྱུན་སློབ་ཁྲིད་དོ་དམ་བྱ་བར་ཤུགས་བསྣན་ཏེ། ཆོས་ལུགས་རིག་གཞུང་གི་ཞིབ་འཇུག་སྤེལ་ནས་སློབ་སྒྲུབ་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།

དོན་ཚན་བཅོ་བརྒྱད་པ། ཆོས་ལུགས་སློབ་གྲྭས་སློབ་སྡུད་སྒྲིག་ཡིག་མདོར་བསྡུས་གཏན་འབེབས་བྱས་ཏེ། ཞིང་ཆེན་ཆོས་ལུགས་ཚོགས་པའི་ཆོག་མཆན་འཐོབ་རྗེས། ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ནས་ཐོ་འགོད་བྱ་དགོས།

ཆོས་ལུགས་སློབ་གྲྭས་སློབ་མ་བསྡུ་སྐབས་དད་ལྡན་སྤྱི་དམངས་ཀྱི་རང་མོས་ལྟར ས་གནས་ཆོས་ལུགས་ཚོགས་པའི་འོས་སྦྱོར་བརྒྱུད། རྒྱུགས་ལེན་ལེགས་བདམས་བརྒྱུད་དེ་སློབ་བསྡུ་བྱ་དགོས་ལ། དེར་མ་ཟད་ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱ་དགོས།

དོན་ཚན་བཅུ་དགུ་པ། ཆོས་ལུགས་སློབ་གྲྭས་ཆོས་ལུགས་ཚོགས་པ་དང་འབྲེལ་ཡོད་སྡེ་ཁག་གི་མཛུབ་སྟོན་འོག་སློབ་སྡུད་དང་སློབ་ཁྲིད། སློབ་མ། བདེ་སྲུང་། མེ་ཟོན། སྤྱི་གཞུང་འཕྲོད་བསྟེན། ཟས་རིགས་བདེ་འཇགས་སོགས་བདག་དོན་ལམ་ལུགས་འཐུས་ཚང་གསར་སྐྲུན་བྱས་ཏེ། སློབ་སྒྲུབ་འགྲོ་ལུགས་སྒྲིག་སྲོལ་ཅན་དང་སློབ་སྒྲུབ་རྒྱུ་སྤུས་མཐོར་འདེགས་སུ་བཏང་།

དོན་ཚན་ཉི་ཤུ་པ། ཆོས་ལུགས་ཚོགས་པ་དང་ནང་ཆོས་དགོན་པ། ཏའོ་ལུགས་མཆོད་ཁང་། ཁ་ཆེའི་ལྷ་ཁང་། དབྱི་སི་ལན་ཆོས་ཁང་སོགས་ཀྱི་ཆོས་ལུགས་ལས་དོན་མི་སྣར་གསབ་སྦྱོང་བྱ་དགོས་ཤིང་། ཆོས་ལུགས་སློབ་གསོའི་གསབ་སྦྱོང་ལ་སློབ་སྦྱོང་བྱེད་པའི་དུས་ཚོད་ནི་ཟླ་གསུམ་གྱི་ཡན་ཡིན་ལ། གྲོང་ཁྱེར་དང་ཁུལ་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་འགོད་དུ་འཇུག་དགོས། སློབ་སྦྱོང་གི་དུས་ཚོད་ཟླ་གསུམ་ལས་བརྒལ་མི་ཐུབ་པ་ལ་ས་གནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱ་དགོས།

དོན་ཚན་ཉེར་གཅིག་པ། ཆོས་ལུགས་ཚོགས་པ་དང་ནང་ཆོས་ལྷ་ཁང་། ཏའོ་ལུགས་མཆོད་ཁང་། ཁ་ཆེའི་ལྷ་ཁང་སོགས་ཀྱིས་ཆོས་ལུགས་སློབ་གསོའི་གསབ་སྦྱོང་ལ་རེ་འདུན་སྙན་ཞུ་ཕུལ་ཆོག་པ་དང་གཤམ་གསལ་གྱི་ཆ་རྐྱེན་འདི་དག་ངེས་པར་དུ་འཛོམས་དགོས།

གཅིག ཆོས་ལུགས་སློབ་གསོའི་གསབ་སྦྱོང་གི་སྲོལ་རྒྱུན་དང་ཡང་དག་པའི་སློབ་གསོའི་གསབ་སྦྱོང་གི་རྩ་དོན་ལྟར་སྤེལ་དགོས།

གཉིས། སློབ་གསོའི་གསབ་སྦྱོང་གི་རེ་འདུན་བསྐང་ཐུབ་པའི་གཏན་འཇགས་ཀྱི་གནས་ཡུལ་ཡོད་དགོས།

གསུམ། ལུགས་མཐུན་གྱི་སློབ་ཚན་གསར་འཛུགས་དང་ཚད་ལྡན་གྱི་སློབ་ཁྲིད་མི་སྣ་ཡོད་དགོས།

བཞི། དགོས་ངེས་ཀྱི་མ་དངུལ་དགོས་ཤིང་། མ་དངུལ་གྱི་ཡོང་ཁུངས་ཁྲིམས་མཐུན་ཡིན་དགོས།

ལྔ། དོ་དམ་འགྲིག་བཅའ་འཐུས་ཚང་ཡོད་དགོས།

དྲུག དོ་དམ་རྩ་འཛུགས་དང་འགན་ཁུར་མི་སྣ་ཡོད་དགོས།

དོན་ཚན་ཉེར་གཉིས་པ། ཆོས་ལུགས་ཚོགས་པ་དང་ལྷ་ཁང་ཆོས་ཁང་གིས་ཆོས་ལུགས་སློབ་གསོའི་གསབ་སྦྱོང་ལ་རེ་འདུན་སྙན་ཞུ་ཕུལ་དུས་གཤམ་གསལ་རྒྱུ་ཆ་དག་ཡར་སྤྲོད་དགོས།

གཅིག རེ་འདུན་སྙན་ཞུའི་ཡི་གེ

གཉིས། སློབ་ཁྲིད་མི་སྣའི་ངོ་སྤྲོད་མདོར་བསྡུས་དང་བསླབ་གནས་དཔང་ཡིག

གསུམ། སློབ་གསོའི་གསབ་སྦྱོང་གི་རྩ་འཛིན། སློབ་ཁྲིད་བཀོད་སྒྲིག་གནས་ཚུལ་དང་བཀོལ་སྤྱོད་ཀྱི་བསླབ་གཞི། འཆད་ཁྲིད་སོགས།

བཞི། གྲོན་དངུལ་གཙོ་བོའི་ཡོང་ཁུངས་གསལ་བཤད་དང་འབྲེལ་ཡོད་དཔྱད་གཞིའི་རྒྱུ་ཆ།

ལྔ། སློབ་གསོའི་གསབ་སྦྱོང་བྱེད་ཡུལ་སོགས་རྨང་གཞིའི་སྒྲིག་ཆས་དང་སྒྲིག་ཆས་གནས་ཚུལ་གསལ་བཤད།

དྲུག འབྲེལ་ཡོད་དོ་དམ་སྒྲིག་བཅའ།

བདུན། དོ་དམ་རྩ་འཛུགས་ཁོངས་མི་དང་འགན་ཁུར་མི་སྣ་གཙོ་བོའི་གནས་ཚུལ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།