ཉེ་ཆར་བྱུང་བའི་པྲོག་དུག་འགོག་ཁབ་ཕྱོགས་ཀྱི་གནད་དོན་ཚ་ཤོས་སྐོར་ཞིག་ལ་ལན་བསྐྱོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་བའི་དུས་རྒྱལ་ཡོངས་ཀྱི་པྲོག་ནད་ཀྱི་གནས་ཚུལ་ཚབས་ཆེན་དུ་སོང་བ་དང་རིམས་ནད་འགོག་ཟོན་ལས་དོན་སྔར་ལས་རྙོག་འཛིང་ཅན་ཏུ་གྱུར་ཡོད་པས། ཟླ8པའི་ཚེས9ཉིན། གསར་འགོད་པས་གསར་བྱུང་པྲོག་དུག་ཏེར་ཐ་ལ་འགོག་ཁབ་ཀྱིས་ཕན་ཐོགས་མིན་དང་། ན་གཞོན་དག་གིས་ཡང་དག་པའི་སྒོ་ནས་པྲོག་ནད་འགོག་ཁབ་ཇི་ལྟར་རྒྱག་རྒྱུ། པྲོག་ནད་འགོག་ཁབ་དེ་འགོག་ཁབ་གཞན་དག་དང་མཉམ་དུ་རྒྱག་ཆོག་མིན་སོགས་ཀྱི་ཛ་དྲག་གནད་དོན་ཐད། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་ལས་པར་བཅའ་འདྲི་བྱས་ཡོད།

1. གསར་བྱུང་པྲོག་དུག་ཏེར་ཐ་ལ་ཁ་གཏད་འགོག་ཁབ་བརྒྱབ་ན་གོ་ཆོད་དམ།

པྲོག་ནད་འགོག་ཁབ་ཀྱིས་གསར་བྱུང་པྲོག་དུག་ཏེར་ཐ་ལ་སྔར་བཞིན་འགོག་སྲུང་གི་ནུས་པ་ཐོན་ཐུབ། ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་བསྟན་དོན། ཚོད་ལྟ་ཁང་གི་མཇུག་འབྲས་ལ་བལྟས་ན། རྒྱལ་ནང་དུ་རྒྱུན་སྤྱོད་བྱེད་བཞིན་པའི་པྲོག་ནད་འགོག་ཁབ་རིགས་གསུམ་གྱིས་གསར་བྱུང་པྲོག་དུག་ཏེར་ཐ་ལ་འགོག་སྲུང་གི་ནུས་པ་ཐོན་ཡོད། གསར་བྱུང་པྲོག་དུག་ཏེར་ཐའི་ནད་གཞི་ཚབས་ཆེ་མོད། འགོག་ཁབ་བརྒྱབ་ན་ཚད་ངེས་ཅན་གྱི་སྒོ་ནས་ནད་གཞི་ཇེ་ཡང་དུ་གཏོང་ཐུབ་པས། ལོ་ལོན་དང་བྱིས་པ་དག་གིས་འགོག་ཁབ་རྒྱག་རྒྱུར་ཤུགས་སྣོན་དགོས་ཟེར། ཀྲུང་གོའི་རིམས་འགོག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧྥུན་ཙི་ཅན་གྱིས་བསྟན་དོན། པྲོག་ནད་འགོག་ཁབ་ཀྱིས་གསར་བྱུང་པྲོག་དུག་ཏེར་ཐའི་སྔོན་འགོག་ཐད་ལ་སྲུང་སྐྱོབ་ནུས་པ་ཇེ་དམའ་རུ་གཏོང་ཐུབ་མོད། འོན་ཀྱང་ད་ལྟའི་འགོག་ཁབ་ཀྱིས་གསར་བྱུང་པྲོག་དུག་ཏེར་ཐ་ལ་སྔར་བཞིན་སྔོན་འགོག་དང་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཐུབ་ཟེར།

2. ན་ཆུང་དག་གིས་ངེས་པར་དུ་པྲོག་ནད་འགོག་ཁབ་རྒྱག་དགོས་སམ།

ན་ཆུང་བྱིས་པ་དང་ལོ18ཡན་གྱི་མི་ཚོགས་ནི་གཅིག་ཡིན་པས། ཚང་མ་རིམས་འགོག་སྒྲིག་ཡོལ་ཁྲོད་ཀྱི་མི་ཚོགས་གལ་ཆེན་ཞིག་ཡིན། དེའི་མི་ཚད་སློབ་གྲྭ་ནི་མི་ཚོགས་ཀྱི་འདུས་སྡོད་སྟུག་པོའི་ཡུལ་ཡིན་ལ། རྒྱལ་ནང་གི་རིམས་ནད་འགོག་ཟོན་བྱེད་ཚད་ཧ་ཅང་དམ། གལ་ཏེ་པྲོག་ནད་རིམས་ནད་བྱུང་བ་ན་ཡོངས་ཁྱབ་དུ་དར་ཁྱབ་འབྱུང་སླ་ངེས། དེའི་རྐྱེན་གྱིས་འགོག་ཁབ་བརྒྱབ་པ་ན་ཕྱོགས་གཅིག་ནས་མི་མང་ཤོས་ལ་རིམས་འགོག་ནུས་པ་ཐོན་ཐུབ་པས་ནད་དུག་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ་ལ། ནད་ཚབས་ཆེན་དང་ཚེ་སྲོག་ཤོར་བའི་ཉེན་ཁ་ཡང་མེད། ཕྱོགས་གཞན་ཞིག་ནས་གོ་རིམ་ལྡན་པའི་ངང་པྲོག་ནད་འགོག་ཁབ་བརྒྱབ་ན་ན་ཆུང་བྱིས་པའི་མི་ཚོགས་ཁྲོད་རིམས་འགོག་སྒྲིབ་ཡོལ་གྲུབ་པས། པྲོག་གསར་གློ་ཚད་བྱུང་བ་འགོག་ཐུབ་ལ། སློབ་གྲྭའི་སློབ་མ་དག་གི་སློབ་སྦྱོང་དང་འཚོ་བའི་འཁོར་སྐྱོད་ལ་ཡང་འགན་སྲུང་ཐུབ་ངེས།

3. ད་ལྟ་ན་ཆུང་གི་པྲོག་ནད་འགོག་ཁབ་རྒྱག་སའི་ཁ་གཏད་ཡུལ་ནི་ལོ་ཚད་རིམ་པ་གང་ཡིན་ནམ།

ད་ལྟ། འགོག་ཁབ་ཀྱི་ཁ་གཏད་ཡུལ་ནི་ལོ12--17བར་ཡིན་ལ། པྲོག་ནད་འགོག་ཁབ་བརྒྱབ་མེད་པའི་ན་ཆུང་བྱིས་པའི་མི་ཚོགས་ཡིན། རང་ཞིང་གིས་ལོ15-17བར་གྱི་མི་ཚོགས་ལ་འགོག་ཁབ་རྒྱག་པའི་བྱ་བ་དེ་དངོས་སུ་སྤེལ་བཞིན་ཡོད། ལོ12ནས14བར་གྱི་མི་ཚོགས་ལ་འགོག་ཁབ་རྒྱག་པའི་བྱ་བ་དེ་རྒྱལ་ཁབ་དང་རང་ཞིང་གི་པྲོག་ནད་འགོག་ཁབ་རྒྱག་པའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས་སྤེལ་བཞིན་ཡོད། ལོ12མན་གྱི་མི་ཚོགས་ལ་རྒྱལ་ཁབ་ཀྱིས་གཅིག་གྱུར་བཀོད་སྒྲིག་འོག་འགོག་ཁབ་རྒྱག་རྒྱུ་རེད།

4. ན་ཆུང་བྱིས་པའི་ཁྲོད་བེད་སྤྱོད་ཆོག་མཆན་ཐོབ་པའི་པྲོག་ནད་འགོག་ཁབ་ལ་གང་དག་ཡོད་དམ།

ཉེ་ལམ་ནར་མ་སོན་པའི་མི་ལ་བེད་སྤྱོད་ཆོག་པའི་པྲོག་ནད་འགོག་ཁབ་ཆོག་མཆན་ཐོབ་ཡོད་ལ། རྒྱལ་ཁབ་སྨན་རྫས་སྡེ་ཚོགས་ཀྲུང་གོའི་སྐྱེ་དངོས་པེ་ཅིན་སྐྱེ་དངོས་གསར་བཟོ་ཞིབ་འཇུག་སའོ་ཚད་ཡོད་ཀུང་ཟིའི་པེ་ཅིན་སྐྱེ་དངོས་དང་པེ་ཅིན་ཚན་དར་ཀྲུང་ཝེ་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་ཟིའི་པེ་ཅིན་ཚན་དར་ཀྲུང་ཝེ་ཡིས་ཐོན་སྐྱེད་བྱས་པའི་པྲོག་ནད་འགོག་ཁབ་གཉིས་ཡོད་ལ། འགོག་ཁབ་དེ་རིམ་པ་གཉིས་ལ་རྒྱག་དགོས།

5. ན་ཆུང་བྱིས་པར་འགོག་ཁབ་རྒྱག་ན་ཅི་ཞིག་ཁྱེར་འོངས་དགོས།

ན་ཆུང་བྱིས་པར་འགོག་ཁབ་རྒྱག་དུས་ལྟ་སྐྱོང་མཁན་དང་མཉམ་དུ་འོངས་དགོས་ཤིང་། སློབ་མ་མི་སྒེར་གྱི་ཐོབ་ཐང་ལག་འཁྱེར་རམ་ཡང་ན་ཁྱིམ་ཐོ་གྲ་སྒྲིག་བྱ་དགོས། འགོག་ཁབ་རྒྱག་མཁན་ལ་རམ་འདེགས་བྱས་ཏེ་བརྡ་འཕྲིན་ཐོ་འགོད་དང་གནས་ཚུལ་ཡིད་མཐུན་ཡི་གེར་མིང་རྟགས་བཀོད་པ་སོགས་ཀྱི་བྱ་བ་སྒྲུབ་དགོས།

6. པྲོག་ནད་འགོག་ཁབ་དེHPVའགོག་ཁབ་དང་ཆམ་རིམས་འགོག་ཁབ། ཁྱི་སྨྱོན་འགོག་ཁབ་སོགས་འགོག་ཁབ་གཞན་དག་དང་མཉམ་དུ་བརྒྱབ་ཆོག་གམ།

དུས་མཉམ་དུ་མ་བརྒྱབ་ན་ལེགས། པྲོག་ནད་འགོག་ཁབ་དང་འགོག་ཁབ་གཞན་དག་བརྒྱབ་པའི་བར་ལ་དུས་ཡུན་གཟའ་འཁོར2གྱི་ཡན་འཇོག་དགོས། འོན་ཀྱང་སྲོག་ཆགས་ཀྱི་རྨས་སྐྱོན་དང་རྨ་ཁ་སོགས་ཀྱི་དབང་གིས་ཁྱི་སྨོན་ནད་ཀྱི་འགོག་ཁབ་རྒྱག་དགོས་ཚེ། པྲོག་ནད་འགོག་ཁབ་རྒྱག་པའི་བར་ཐག་ལ་འདང་རྒྱག་མི་དགོས།

7. པྲོག་ནད་འགོག་ཁབ་བརྒྱབ་རྗེས་ཐད་ཀར་བུད་སོང་ན་ཆོག་གམ།

ཆོག་པ་མིན། འགོག་ཁབ་རྒྱག་སར30ལ་བསྡད་དེ་ལྟ་རྟོག་བྱ་དགོས། འགོག་ཁབ་བརྒྱབ་རྗེས་མི་སྐོར་ཞིག་ལ་མི་འཕྲོད་པའི་སྣང་ཚུལ་དང་མགོ་ཡུ་འཁོར་བ་སོགས་ཀྱི་གནས་ཚུལ་བྱུང་སྲིད། ཚབས་ཆེ་ན་ཚེ་སྲོག་ལའང་ཉེན་ཁ་ཡོད་པས། མི་འཕྲོད་པའི་སྣང་བ་སོགས་མང་ཤོས་ལ་སྐར་མ30ཡི་ནང་དུ་འབྱུང་ངེས་ངོ། །གལ་ཏེ་གློ་བུར་མི་འཕྲོད་པའི་སྣང་བ་བྱུང་ན་ཡུལ་དངོས་སུ་དུས་ལྟར་མྱུར་སྐྱོབས་བྱེད་ཐབས་སྤྱོད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།