མཚོ་སྔོན་གྱིས་ས་ཁང་བདག་ཁོངས་ཁྱབ་ཁོངས་ཀྱི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་སྦྲེལ་བདེ་འཇགས་ཉིང་ལག་རུ་ཁག་གིས“2021དྲ་བ་གཙང་སེལ”ཞེས་པའི་ཆེད་དོན་ལས་འགུལ་དང་སྦྱར་ནས་མང་ཚོགས་ལ་བསམ་འཆར་ཆེ་བའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་ཉེས་གསོག་གི་ཟང་ཟིང་རྣམ་པ་དམིགས་སུ་བཟུང་སྟེ། ཟླ་བདུན་པར་ས་ཁང་བདག་ཁོངས་ཁྱབ་ཁོངས་ནས་བྱུང་བའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་སྐོར་གྱི་གྱོད་གཞི་ཞིག་རྩད་ཆོད་ནས་དོགས་ཡོད་ཉེས་ཅན22འཛིན་བཟུང་བྱས། དེ་ལས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་མང་པོ་དང་འབྲེལ་བ་ཡོད་པའི་སྡེ་ཁུལ་ཆུང་གྲས167གྱི་དོ་བདག་གི་ཆ་འཕྲིན778107རྩད་ཆོད།

མིག་སྔར་འཛིན་བཟུང་བྱས་པའི་མི་སྣར་དབྱེ་ཞིབ་བྱས་པ་ལྟར་ན། ཉེས་ཅན་གཙོ་བོ་ས་ཁང་བདག་ཁོངས་ཀྱི་ཚོང་གཉེར་ཇུས་འགོད་ལས་རིགས་ཀྱི་ཕྱིར་ཚོང་མི་སྣ་རེ་ཟུང་ཁྲོད་བྱུང་ཡོད། ཁོ་ཚོ་ལ་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཡོད་པའམ་ཡང་ན་མི་སྒེར་གྱི་ཆ་འཕྲིན་ལ་དགོས་མཁོ་ཡོད་པ་ཅན་རྐྱང་ཡིན་ནོ། ། ཁོ་ཚོས་ཉོ་སྒྲུབ་དང་།བརྗེ་རེས།ཕྱིར་ཚོང་སོགས་ལ་བརྟེན་ནས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་རག་རྗེས། ཁ་པར་གཉེར་ཚོང་གི་ལས་སྤེལ་གྱི་ཡོད་པ་མ་ཟད། ལས་རིགས་གཞན་གྱི“ནང་འདྲེ”བྱས་ནས་ཞབས་ཞུ་མཁོ་འདོན་བརྒྱུད་རིམ་ནང་ཁོང་དུ་ཆུད་པའི་མི་སྒེར་གྱི་ཆ་འཕྲིན་དེ་དག་ཕྱིར་ཚོང་བྱས་ནས་ཁེ་སྤོགས་བརྩོན་གྱིན་ཡོད།

གྱོད་འབྲེལ་ཆ་འཕྲིན་མང་ཆེ་བ་ས་གནས་དེ་གའི་གཞིས་ཁུལ་ཆུང་ཁག་གི་དོ་བདག་ཆ་འཕྲིན་ཡིན་པ་རེད། གྱོད་གཞི་དང་འབྲེལ་བ་ཡོད་པའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་བལྟས་ན། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་མང་ཆེ་བ་སྡེ་ཁུལ་གྱི་དོ་བདག་གི་ཆ་འཕྲིན་ཡིན་པ་དང་།དེའི་ནང་དོ་བདག་གི་མིང་དང་།ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས།འབྲེལ་གཏུག་ཁ་པར་ཨང་གྲངས། ཁྱིམ་ཚང་གི་སྡོད་གནས་སོགས་ཀྱི་ཆ་འཕྲིན་ཚུད་ཡོད། ཆ་འཕྲིན་དེ་རིགས་ནི་མི་སྒེར་གྱི་གསང་བའི་ཆ་འཕྲིན་ཡིན་པས། ཕྱིར་ཤོར་རྗེས་གློག་འཕྲིན་ཁ་བསླུས་དང་བསྙད་འདོགས་རྒྱུ་འཕྲོག་སོགས་ཉེས་གསོག་གིས་བེད་སྤྱོད་བྱེད་སླ་པོ་ཡོད་པ་རེད།

འདི་ནི་ཆ་འཕྲིན་གྲངས་འབོར་ཆེ་ཡང་ཉེས་གསོག་གི་མ་རྩ་ཉུང་བ། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་སྟོང་ཕྲག་ཁ་ཤས་ནས་ཁྲི་བཅུ་ཕྲག་ཁ་ཤས་ཏེ་སྤྱིའི་གྲངས་འབོར་ཁྲི77ལ་འབྲེལ་བའི་གྱོད་དོན་ཞིག་གོ། དོགས་ཡོད་ཉེས་ཅན་དེ་དག་གིས་ཆ་འཕྲིན་དེ་དག་བརྗེ་རེས་སམ། ཡང་ན་གོང་ཁེ་པོར་བཙོངས་བར་མ་ཟད། སེམས་སུ་སྤྱི་དམངས་ཀྱི་ཆ་འཕྲིན་བརྗེ་རེས་ནི་ཁྲིམས་འགལ་ཉེས་གསོག་ཁོངས་སུ་མི་གཏོགས་པར་སྙམ་ཏེ་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པས། མཐར་ཉེས་གསོག་གི་བྱ་སྤྱོད་འདི་བྱུང་བར་མངོན།

ཉེན་རྟོག་སྡེ་ཁག་གིས་བསྟུད་མར་རྩད་ཞིབ་ཐག་གཅོད་ཀྱི་ལས་ལ་འབད་པ་ནི། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གཞན་སྒྱུར་གྱི་ཕན་འབྲས་མངོན་སྟངས་ཤིག་དང་། ཉེན་རྟོག་ཕྱོགས་ཀྱིས་དྲ་རྒྱའི་བར་མཐོངས་གཙང་སེལ་དང་དྲ་རྒྱའི་ཁོར་ཡུག་གཙང་སེལ་སྲུང་སྐྱོང་བྱེད་པར་བཅངས་པའི་ཡིད་ཆེས་དང་ཆོད་སེམས་མཚོན་སྟངས་ཤིག་གོ །ཟི་ལིང་དྲ་བའི་ཉེན་རྟོག་པས་ལས་རིམ་རྗེས་མར། རྡུང་རྡེག་གི་འགན་ནུས་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སྤྱི་བདེ་དཔུང་ཁག་ལ་བཅངས་པའི་རེ་སྒུག་གསར་པར་རང་འགུལ་ངང་ཨ་ལན་བཟང་པོ་སློག་པ་དང་།མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ།“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།