པྲོག་གསར་གློ་ཚད་རིམས་འགོག་བྱ་བའི་བདེ་ཐང་གསལ་འདེབས།

མི་རེ་རེ་ནི་རང་ཉིད་ཀྱི་བདེ་ཐང་ལ་འགན་འཁུར་མཁན་ཡིན་ལ། ད་ལྟའི་དུས་འདིར། པྲོག་ནད་ཀྱི་རིམས་འགོག་གནས་བབ་ཡང་སྔར་ལས་རྙོག་འཛིང་ཅན་ཏུ་གྱུར་ཡོད། འགོན་ཟོན་ལ་ལྷོད་གཡེང་གཏན་ནས་བྱེད་མི་རུང་། དུས་རྒྱུན་དུ་མི་སྒེར་གྱི་འགོག་སྲུང་འདུ་ཤེས་རྒྱུན་འཁྱོངས་སྒོས་འགོན་ཟོན་གྱི་རམ་འདེགས་ལ་རྒྱབ་སྐྱོར་སྒོས། རང་འགུལ་ངང་པྲོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་ཡང་རྒྱག་དགོས།

ཏོག་གསར་གློ་བའི་གཉན་ཚད་ཀྱི་འགོག་ཁབ་རྒྱག་རྒྱུ།

པྲོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱག་རྒྱུ་དེ་ནི་རིམས་ནད་ཀྱི་ཉེན་ཁ་ཇེ་ཆུང་དང་ནད་ཡམས་འགོས་རྗེས་ནད་རྟགས་ཇེ་ཡང་དུ་གཏོང་བའི་ཆེས་སྟབས་བདེ་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། རང་ལུས་དང་གཉེན་ཉེ། གྲོགས་པོ་བཅས་ཀྱི་ལུས་སེམས་བདེ་ཐང་གི་ཆེད་དུ། པྲོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱག་པའི་ཆ་རྐྱེན་ལྡན་པའི་མི་སྣ་ཡོད་ཚད་ལ་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་ངེས་པར་དུ་རྒྱག་དགོས་ཤིང་། འགོག་ཁབ་རྒྱག་དགོས་པ་ལ་ཅི་ནུས་གང་ནུས་གང་མགྱོགས་ངང་རྒྱག་དགོས། པྲོག་གསར་གློ་ཚད་ཀྱི་འགོག་ཁབ་བརྒྱབ་མེད་པའི་མི་སྣ་དག་རབས་ཡིན་ན་ཚོང་ར་དང་གསོལ་ཁང་། མགྲོན་ཁང་། གློག་བརྙན་ཁང་། ལུས་རྩལ་ཐང་ཆེན་སོགས་ཐུན་མོང་གི་ཡུལ་དངོས་སུ་མི་འགྲོ་བར། ནད་དུག་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།

བདེ་ཐང་འཚོ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ།

ལག་པ་བཀྲུ་པ་དང་ཁ་ཐུམ་རྒྱག་པ། རླུང་རྒྱུ་རུ་འཇུག་པ། འདུ་འཛོམས་ཇེ་ཉུང་དུ་གཏང་བ། ཟ་མ་སོ་སོར་བསྡད་ནས་ཟ་མའི་ལམ་ལུགས་སོགས་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱ་དགོས། གལ་ཏེ་དྲོད་སྐྱེས་པ་དང་གློ་ལུ་བྱེད་པ། ལུས་པོ་ཐང་ཆད་པ། སྣ་འཚིབ་པ། སྣ་ཆུ་བཞུར་བ། མིད་པ་ཚ་བ། ཟ་མའི་བྲོ་བ་མི་ཤེས་པ། མིག་འབྲས་སྐྱི་མོའི་གཉན་ཚད། ཤ་གནད་ན་བ། ཁོག་བཤལ་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་དུ་ཉེ་སའི་སྒོ་བསྟེན་ཁང་དུ་སོང་ནས་ནད་ལ་སྟོན་དགོས་ཤིང་། དེར་མ་ཟད་རང་འགུལ་སྒོས་ཉིན14རིང་གི་འགུལ་སྐྱོད་དང་འབྲེལ་འདྲིས་བྱེད་ཡུལ་ཡར་ཞུ་བྱེད་དགོས། སྨན་པར་སྟོན་པའི་སྐབས་ཧྲིལ་བོར་ཁ་ཐུམ་རྒྱག་པ་དང་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་འདུག་རྒྱུར་གཡོལ་དགོས།

ངེས་པར་འགྲོ་དགོས་མེད་ན་མ་གཏོགས་ཐག་རིང་ལ་མི་འགྲོ་བ་དང་ཉེན་ཁ་འབྲིང་དང་ཆེ་བའི་ས་ཁུལ་དུ་མི་འགྲོ་བ།

རིམས་ནད་འགོན་ཟོན་གྱི་རྒྱུན་ལྡན་བླང་བྱ་གཞིར་བཟུང་སྟེ་མུ་མཐུད་དུ་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་པ། རླུང་རྒྱུ་རུ་འཇུག་པ། ལྷན་དུ་མི་འདུས་པ། འདུ་རུབ་མི་བྱེད་པ། གསོལ་སྟོན་མི་བཤམས་པ། ཟ་མ་ཟ་དུས་སོ་སོར་སྡོད་པའི་ལམ་ལུགས་དང་རྨིད1ཡན་གྱི་བདེ་འཇགས་འབྲེལ་འདྲིས་བར་ཐག་འཇོག་པ་སོགས་འཕྲོད་བསྟེན་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་རྒྱུ། ཉེན་ཁ་ཆེ་བའི་ས་ཁུལ་དུ་ཡུལ་སྐོར་ལ་སོང་མྱོང་བའི་མི་སྣར་ཉིན14ལ་སྨན་པའི་ལྟ་རྟོག་དང་བཀར་འཇུག་དང་ལེན་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱི་གྲོང་ཁྱེར་གྱི་ཉེན་ཁ་ཆུང་བའི་ས་ཁུལ་ནས་མཚོ་སྔོན་དུ་འོངས་པའི་མི་སྣས་རང་འགུལ་སྒོས་གཞིས་ཁུལ་ལ་ཡར་ཞུ་བྱེད་པ་དང་ཉིང་སྐྱུར་དཔྱད་ཞིབ་བརྟག་དཔྱད་བྱ་དགོས།

རྒྱུན་ལྡན་ཅན་གྱི་རིམས་འགོག་ཚོད་འཛིན་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ།

ཚོང་ར་དང་གསོལ་ཁང་། ཆང་ཁང་། གློག་བརྙན་ཁང་། ལུས་རྩལ་ཁང་སོགས་ཐུན་མོང་གི་ཡུལ་དུ་དྲོད་གྲང་ཚད་ལེན་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ལག་བསྟར་བྱེད་པ། ཁ་ཐུམ་རྒྱག་པ་དང་རླུང་རྒྱུ་དུག་སེལ་སོགས་རིམས་འགོག་བྱེད་ཐབས་ལག་བསྟར་བྱེད་པ་དང་ཆབས་ཅིག བདེ་ཐང་གི་རྩ་གཉིས་ཨང་རིས་བཤེར་བའི་ལམ་ལུགས་ལག་བསྟར་བྱ་དགོས་ཤིང་། བདེ་ཐང་བཤེར་ཨང་དང་འགྲོ་སྐྱོད་བཤེར་ཨང་ལ་རྩད་གཅོད་ཞིབ་བཤེར། འགོག་ཁབ་བརྒྱབ་ཡོད་མེད་ཀྱི་གནས་ཚུལ་ལ་རྩད་གཅོད་ཞིབ་བཤེར་བྱེད་དགོས། ཐུན་མོང་གི་འགྲིམ་འགྲུལ་འཕྲུལ་འཁོར་དང་གློག་སྐས་ལ་སྡོད་པ། སྨན་ཁང་དུ་སྨན་པར་སྟོན་སྐབས་སོགས་སུ་དྲོད་སྐྱེས་པ་དང་དབུགས་རྔུབ་ལེན་ལ་དཀའ་ཁག་ཡོད་པའི་ནད་པས་སྨན་བཅོས་འཕྲོད་བསྟེན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་མི་ཚོགས་མང་ས་རུ་ཁ་ཐུམ་དུས་ལྟར་རྒྱག་དགོས།

བཟའ་བཏུང་གི་འཕྲོད་བསྟེན་བདེ་འཇགས་ལ་ཡིད་འཇོག་བྱེད་པ།

ཚད་ལྡན་གྱི་སྒོ་རྩིས་ཁང་དང་ཚོང་ར་སོགས་ནས་ཐོན་རྫས་ཉོ་བ་དང་འདེམས་ཉོ་བྱེད་སྐབས་ཐད་ཀར་དུ་ལག་པས་རེག་ཐུག་བྱེད་མི་རུང་ཞིང་ཁ་ཐུམ་རྒྱག་པ་རྒྱུན་འཁྱོངས་བྱ་དགོས། ནང་འདྲེན་བྱས་འོངས་པའི་འཁྱག་ཟས་ཀྱི་རིགས་ཉོ་བསྡུ་བྱེད་སྐབས་ཟས་རིགས་ལ་རིམས་ནད་སྔོན་འགོག་ཞིབ་བཤེར་བྱས་པའི་གནས་ཚུལ་ལ་དོ་ཁུར་བྱེད་པ་དང་ཕྱིའི་ཐུམ་སྒྲིལ་ལ་དུག་སེལ་བྱ་དགོས། ཟས་རིགས་རློན་པ་དང་བཙོས་མ་སོ་སོར་བཀར་རྒྱུ། བཙོས་ཐག་ཆོད་པ། ཉོ་འཚོང་། ཟས་རིགས་བདག་དོམ་བཅས་ལ་ཟ་མ་མ་ཟོས་པའི་ཡར་སྔོན་དུ་ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས། སོ་སོར་བསྡད་དེ་ཟ་མ་ཟ་བའི་ལམ་ལུགས་ལས་རི་སྐྱེས་ཟས་རིགས་གཏན་ནས་བསྟེན་མི་རུང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།