ཀྲང་ལིས་ཀྱིས་ཟི་ལིང་དང་མཚོ་ཤར་གྱི་ཚན་རྩལ་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་ལམ། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཟི་ལིང་དང་མཚོ་ཤར་གྱི་འབྲེལ་ཡོད་ས་ཁུལ་དང་རྫོང་དང་ཞིང་ཆེན་གྱི་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་། མཐོ་རིམ་སློབ་གྲྭ ར་བའི་ཁུལ། ཁེ་ལས་བཅས་ལ་སོང་ནས་ཚན་རྩལ་གསར་གཏོད་བྱ་བར་རྟོག་ཞིབ་བྱས། མོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཕེབས་ནས་རྟོག་ཞིབ་མཛད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་ཚན་རྩལ་བྱ་བའི་ཐད་ནས་བཏོན་པའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། གསར་གཏོད་ཀྱི་གསོན་ཤུགས་ཆེར་སྐྱེད་དེ། དུས་རབས་གསར་པའི་ནང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་སྒུལ་ནུས་གསར་པ་ཆེར་སྐྱེད་དགོས་ཟེར།

ཀྲང་ལིས་དམར་གཙངས་ཁུལ་དང་དང་ཙོང་ཁ་ས་ཁུལ་གྱི་ཞིང་ལས་ཚན་རྩལ་ཐོན་ལས་རྟེན་གཞི་དང་ཀྲུང་གོ་ཚན་རིག་ཞིབ་འཇུག་གླིང་ཚྭ་མཚོ་ཞིབ་འཇུག་ཁང་། མདོ་དབུས་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཐོན་ཁུངས་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་སུ་ཕྱིན་ནས། ཚན་རྩལ་ཆེད་མངག་པ་དང་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་ཚན་རྩལ་ལ་བརྟེན་ནས་ཞིང་བར་རོགས་རམ་བྱེད་པ་དང་ཚན་རིག་ཞིབ་འཇུག་དང་ཐོན་རྫས་ཞིབ་སྤེལ་སོགས་གནས་ཚུལ་སྤེལ་བ་མ་ཟད། ཚན་རྩལ་ཆེད་མངག་པ་དང་ཚན་རིག་ཞིབ་འཇུག་ཁང་། ཚན་རྩལ་རང་བཞིན་གྱི་ཁེ་ལས་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཚན་རྩལ་གསར་གཏོད་བྱ་བའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། མོས་བསྟན་དོན། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ཤུགས་དང་པོ་ཡིན་པ་དང་། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན། ཚན་རྩལ་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ། བཅོས་བསྒྱུར་ལ་བརྟེན་ནས་གསོན་ཤུགས་ཆེར་སྐྱེད་པ་དང་། གསར་གཏོད་ཐད་ནས་སྒུལ་ཤུགས་ཡོད་པར་བྱ་དགོས་ལ། ཚན་རྩལ་གསར་གཏོང་ཀྱི་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གསར་གཏོད་རང་བཞིན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། སྟེགས་བུ་བརྒྱུད་དེ་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུ་བ། ཤེས་ལྡན་མི་སྣར་བརྟེན་ནས་སྟེགས་བུ་བཙུགས་ཏེ། སྟེགས་བུའི་འདེགས་སྐྱོར་ནུས་པ་དང་ཤེས་ལྡན་མི་སྣའི་སྒུལ་ཤུགས་ཇེ་དྲག་ཏུ་གཏང་དགོས། ཚན་རྩལ་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཚན་རྩལ་གྲུབ་འབྲས་བསྒྱུར་ཤུགས་ཆེར་གཏོང་བ། ཚན་རྩལ་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་དགོས། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཚན་རྩལ་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། གནད་འགག་སྲོག་ཤིང་ལག་རྩལ་བྱ་བ་བཟང་བོར་བསྒྲུབ་ནས། ས་གནས་བཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཤ་མོ་འཚོས་བསྒྱུར།