གཞན་དང་མི་འདྲ་བའི་སྦྲ་གུར་ནང་གི་ཏང་གི་སློབ་ཁྲིད།

ཟླ7པའི་ཚེས16ཉིན། གཞན་དང་མི་འདྲ་བའི་སྦྲ་གུར་ནང་གི་སློབ་ཁྲིད་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དུ་སྤེལ། འཕྲང་དམར་གྲོང་རྡལ་གྱིས་ལས་བྱེད་པ་དག་ལ་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཞེས་པའི་བསླབ་ཚན་གྱི་དཔེ་ཆ་དེ་སྒྲོག་འགྲེལ་བྱས་ཤིང་། དེ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ངེས་བསླབ་སློབ་ཁྲིད་དུ་བཟུང་སྟེ། ཁྱོན་ཡོངས་ནས་ཏང་གི་ལོ་བརྒྱའི་གཟི་བྱིན་གྱི་ལོ་རྒྱུས་དང་འབད་བརྩོན་གྱི་ལོ་རྒྱུས་བརྒྱུད་རིམ། གྲོང་གསེབ་དར་སྤེལ། དམངས་ཕན་སྲིད་ཇུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་སོགས་ལ་གོ་བ་ཟབ་མོ་ལོན་ཆེད། གསོན་ཉམས་ལྡན་ཞིང་ངོ་མཚར་ཆེ་བའི་སློབ་སྦྱོང་གི་རྣམ་པ་དེས། ཏང་ཡོན་ལས་བྱེད་པ་དག་གིས་མུ་མཐུད་དུ་དུས་རབས་གསར་པའི་འོག་གི་བདེ་འཇགས་ཐོན་སྐྱེད་དང་འགེབས་སྲུང་འགན་འཇགས། རིམས་ནད་སྔོན་འགོག་ཚོད་འཛིན། ཐོན་སྐྱེད་འཚོ་བ། སྲིད་ཇུས་ཡོངས་ཁྱབ་སོགས་ཀྱི་བྱ་བར་སྐུལ་སློང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།