འདྲེན་མཚམས་བཞག་པའི་བརྡ་སྦྱོར།

ས་ཆ་མང་པོར་ཆུ་སྐྱོན་ཐེབས་པའི་རྐྱེན་གྱིས་མེ་འཁོར་འཁོར་སྐྱོད་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་ཆེད།

ཟླ7པའི་ཚེས25ཉིན་ཟི་ལིང་ས་ཚུགས་ནས་འགོ་ཚུགས་པའི་ཐེངསZ266དང་། K2188། Z166། K178། Z152、Z378、Z274、K390བཅས་ཀྱི་འགྲུལ་སྐྱེལ་མེ་འཁོར་འཁོར་སྐྱོད་བྱེད་མཚམས་བཞག་པ།

ཟླ7པའི་ཚེས26ཉིན་ཟི་ལིང་ས་ཚུགས་ནས་འགོ་ཚུགས་པའི་ཐེངསK2188དང་། K178、Z152、Z166、Z266བཅས་ཀྱི་འགྲུལ་སྐྱེལ་མེ་འཁོར་སྐྱོད་མཚམས་བཞག་པ་རེད། 

ལྕགས་ལམ་སྡེ་ཚན་གྱིས་རྒྱ་ཆེའི་འགྲུལ་པར་གསལ་འདེབས་བྱེད་དོན། ཉིད་ནས་མེ་འཁོར་རྒྱུག་ཐེངས་གང་དག་གཏོང་མཚམས་བཞག་ཡོད་མེད་ལ་དོ་ཁུར་བྱ་རོགས། ཡང་ན་ཁ་པར་ཨང་གྲངས12306བསྐོར་ཏེ་འདྲི་རྩད་བྱས་ཆོག་གོ

དེ་ལས་གོང་འཁོད་མེ་འཁོར་རྒྱུག་ཐེངས་ཀྱི་འཛིན་བྱང་ཉོས་ཟིན་པའི་འགྲུལ་པས་ཉིན30ཡི་ནང་རྒྱལ་ཡོངས་ཀྱི་མེ་འཁོར་ས་ཚུགས་གང་རུང་གི་ལས་སྒྲུབ་སྒེའུ་ཁུང་ལས་འཛིན་བྱང་ཕྱིར་བསླག་པའམ། ཡང་ན་ཁ་པར་ཨང་གྲངས12306བརྒྱུད་ནས་དེ་རིན་མེད་ངང་འཛིན་བྱང་རིན་མེད་ཕྱིར་བསླག་གི་འགྲོ་ལུགས་གཉེར་ཆོག་པ་རེད། མཇུག་མཐར་ཉིད་ལ་སྟབས་མི་བདེ་བར་བཟོས་པར་ལྕགས་ལམ་སྡེ་ཁག་གིས་དགོངས་དག་ཞུའོ། །

ཡོང་ཁུངས། མཚོ་བོད་ལྕགས་ལམ་ཟི་ལིང་མེ་འཁོར་ས་ཚུགས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།