སྐབས་གཉིས་པའི“ཐབས་ཤེས་སྣ་མང་ཆུ་གསུམ་སྟོད་ལ་འདུས། མཚོ་སྔོན་གསར་པ་བསྐྲུན་པར་རམ་བུ་བཏེགས”ཞེས་པའི་འཇོན་མིའི་རྣམ་གྲངས་ཀྱི་ངོ་གྲོས་ཚོང་འདུས་སང་ཉིན་འགོ་བརྩམ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྐབས་གཉིས་པའི“ཐབས་ཤེས་སྣ་མང་ཆུ་གསུམ་སྟོད་ལ་འདུས། མཚོ་སྔོན་གསར་པ་བསྐྲུན་པར་རམ་བུ་བཏེགས”འཇོན་མིའི་རྣམ་གྲངས་ཀྱི་ངོ་གྲོས་ཚོང་འདུས་དེ་ཟླ7པའི་ཚེས23ཉིན་ནས་ཚེས24ཉིན་བར་ཟི་ལིང་དུ་སྤེལ་རྒྱུ་ཡིན་པ་རེད།

གསར་གཏོད་ནི་སྒུལ་ཤུགས་དང་པོ་དང་འཇོན་མི་ནི་ཐོན་ཁུངས་དང་པོའོ། །ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་མང་རིང་འཇོན་མིའི་བྱ་བར་མཐོང་ཆེན་གནང་ཤིང་། ན་ནིང་གི་ངོ་གྲོས་ཚོང་འདུས་སྐབས་སུ་སྐབས་དང་པོའི“ཐབས་ཤེས་སྣ་མང་ཆུ་གསུམ་སྟོད་ལ་འདུས། མཚོ་སྔོན་གསར་པ་བསྐྲུན་པར་རམ་བུ་བཏེགས”ཞེས་པའི་འཇོན་མིའི་རྣམ་གྲངས་ཀྱི་ངོ་གྲོས་ཚོང་འདུས་རྒྱལ་ཁའི་ངང་སྤེལ་ཏེ། འཇོན་མིས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་དེ་གསོན་ཤུགས་ཆེན་པོའི་ཁྲོད་བཅུག་ཡོད། ད་ལོ་རང་ཞིང་གིས་མུ་མཐུད་དུ་ངོ་གྲོས་ཚོང་འདུས་ཀྱི་སྐབས་སུ་སྐབས་གཉིས་པའི“རིག་འདུས་གཙང་གསུམ་གྱིས་མཚོ་སྔོན་གསར་པར་རོགས་འདེགས་བྱེད་པའི”འཇོན་མིའི་རྣམ་གྲངས་ཀྱི་ངོ་གྲོས་ཚོང་འདུས་སྤེལ་རྒྱུ་ཡིན་ལ། ཐེངས་འདིའི་ངོ་གྲོས་ཚོང་འདུས་ཀྱིས་ཡོད་ཚད་དབང་རྒྱུ་གཙོ་བོ་མིན་མོད། ཡོད་ཚད་བེད་སྤྱོད་བྱ་ཐུབ་པའི་འཇོན་མིའི་འདུ་ཤེས་གསར་འབྱེད་ཀྱིས་རྣམ་གྲངས་མཉམ་འབྲེལ་འཛུགས་སྐྲུན་གཅིག་གྱུར་གྱིས་འཇོན་མིའི་མཐུད་སྦྲེལདང་བསམ་བློ་བརྗེ་རེས་ཀྱི་དཔྱད་སྡུར་དེས་ཞིང་ཆེན་རིམ་པའི་འཇོན་མིའི་བྱ་བའི་གར་སྟེགས་གསར་དུ་བསྐྲུན་རྒྱུ། རྣམ་གྲངས་ཀྱི་རྣམ་པ་དང་ལས་འགན་གཅིག་ལྕོགས་ཀྱི་རྣམ་པ། སྒུག་སྡོད་ཀྱི་རྣམ་པ། མནའ་མཐུན་གྱི་རྣམ་པ། འདྲི་རྟོག་གི་རྣམ་པ་བཅས་ཀྱི་བྱེད་ཐབས་བརྒྱུད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཆེད་མཁས་འཇོན་མིའི་འཕེལ་རྒྱས་ཀྱི་མཐོང་རྒྱ་དེ་མཚོ་སྔོན་དུ་གཅིག་བསྡུས་སྣེ་ཁྲིད་ཀྱིས་གསར་གཏོད་ཀྱི་ཐོན་ཁུངས་མཚོ་སྔོན་ལ་འཇོག་པ། ཚན་རྩལ་གྱི་གྲུབ་འབྲས་དེ་མཚོ་སྔོན་ལ་རིམ་སྒྱུར་བྱེད་པ། མཚོ་སྔོན་དུ་ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དུ་སྤེལ་བ། ཧུར་བརྩོན་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་བརྩོན་སེམས་ལ་སྐུལ་འདེད་བྱེད་པ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་གཙང་དག་ནུས་ཁུངས་ཐོན་ལས་རྟེན་གཞི་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ་འཛུགས་སྐྲུན་གྱིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་ལས་ཕྱིར་གཏོང་གིས་བྲེལ་བསྟུན་ཞན་ཆ་ཅན་གྱི་མཐོ་རིམ་འཇོན་མི་དང་ཚན་ཆུང་གིས་འཇོན་མི་ནང་འདྲེན་དང་ཚོང་འགུག་ནང་འདྲེན་གྱི་སྤུས་ལེགས་སྐུལ་འདེད་དང་མཉམ་བསྲེས་མཐོར་འདེགས་སུ་བཏང་། ངོ་གྲོས་ཚོང་འདུས་ཀྱི་སྐབས་སུ་འགོ་ཚུགས་པའི་རྣམ་པ་དང་འཇོན་མིའི་རྣམ་གྲངས་གཅིག་བསྡུས་གན་རྒྱ་འཇོག་པའི་བྱེད་སྒོ་སྤེལ་ནས། ཡོན་ཧྲི་ཆེད་མཁས་པས་མཚོ་སྔོན་དུ་བཞུགས་མོལ་གྲོས་ཚོགས་སྤེལ་རྒྱུ།ཚད་རིམ་མཐོ་པའི་འཇོན་མི་ནང་འདྲེན་གྱིས་ཆེད་དོན་ཚོགས་ར་རུ་གན་རྒྱ་འཇོག་པའི་བྱེད་སྒོ་སྤེལ་བ། རྣམ་གྲངས+འཇོན་མི+སྟེགས་བུ་བཅས་ཀྱི་ཚན་རྩལ་ནང་འདྲེན་གྱིས་འཇོན་མིའི་ཆེད་དོན་ཚོགས་ར་ལ་གན་རྒྱ་འཇོག་པའི་བྱེད་སྒོ་སྤེལ་བ་དང་། 2021ལོར་ཅིན་ཆིན་ཆེད་མཁས་ཞབས་ཞུའི་བྱ་འགུལ་གྱི་འགོ་ཚུགས་བྱེད་སྒོ་སྤེལ་བ། མཚོ་སྔོན་སློབ་ཆེན་ཚྭ་མཚོའི་ཐོན་ལས་ཆེ་གྲས་ཀྱི་མ་ལག་ཞིབ་འཇུག་སྒྲིག་ཆས་སྟེགས་བུ་འཛུགས་སྐྲུན་དཔྱད་གླེང་གྲོས་ཚོགས་སོགས་བྱ་འགུལ་མི་འདྲ་བ7སྤེལ་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།