ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་ནུས་ཤུགས་ཡོད་རྒུས་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གསར་རྒྱག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ཆེད་དོན་སློབ་སྦྱོང་བྱས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ་དང་འབྲེལ་སློབ་སྦྱོང་གི་གྲུབ་འབྲས་དེ་ཞིང་ལས་དང་གྲོང་གསེབ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ནས། གནོད་མེད་ཞིང་ཕྱུགས་ཐོན་རྫས་ཀྱི་འདྲེན་ཡུལ་ནུས་ཤུགས་ཡོད་རྒུས་བཏོད་དེ་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས“བདུན་གཅིག”ཉིན་གྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས། ཞིང་ལས་དང་གྲོང་གསེབ་ཀྱིས་ཐོག་མའི་བསམ་འདུན་འགན་འཁྲི་སྣེ་ཁྲིད་དུ་བྱེད་པ་དང་། ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱེད་པ། ས་བབ་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། ནོར་ནག་དང་། ནས། བོད་ལུག པད་ཁ། འདྲེ་ཚེར་མ། ཆུ་གྲང་ཉ་བཅས་ལེགས་ལྡན་ཁྱད་ལྡན་ཐོན་ལས་ཆེན་པོ་དྲུག་འབུར་དུ་ཐོན་པར་འཕེལ་རྒྱས་གཏོང་བ། ཕག་པ་དང་། ཞོག་ཁོག སྔོ་ཚལ། དཀར་ཆུའི་ལས་རིགས། གཟན་རྩྭ་སོགས་ཐོན་ལས་གཞན་དག་འཕེལ་རྒྱས་གཏོང་རྒྱུ་བཅས་རེད། ཤར་རྒྱུད་ཀྱི་ཕན་ནུས་ཆེ་བའི་འདེབས་གསོའི་ཐོན་ལས་འཕེལ་རྒྱས་ཁུལ་དང་། མཚོ་སྐོར་གྱི་འཁོར་རྒྱུག་ཞིང་ཕྱུགས་ལས་འཕེལ་རྒྱས་ཁུལ། མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྐྱེ་ལྡན་འབྲོག་ལས་འཕེལ་རྒྱས་ཁུལ། སྔོ་ལྗང་དང་ཚྭ་འདམ་གྱི་ཞིང་ལས་འཕེལ་རྒྱས་ཁུལ་བཅས་གཙོ་གནད་ཐོག་གཏོད་རྒྱུ་དང་། རྨ་ཆུ་དང་། ཆུ་གྲང་། ཉ་བཅས་ཀྱི་གནོད་མེད་གསོ་ཚགས་འཕེལ་རྒྱས་ཁུལ་གྱི་ནང་དོན་དུ་བྱེད་པའི“ཁུལ་བཞིའི”ཁྱབ་ཚུལ་བརྒྱུད་དགོས་ལ། འབྲུ་རིགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་ཞིང་ལས་ལ་ལོ་ལེགས་ཡོང་བ་བྱས་ཏེ་གནོད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་ས་ཆ་ནུས་ཤུགས་ཡོད་རྒུས་བཏོད་དགོས་ཟེར། 

དེ་དང་ཆབས་ཅིག་ཏུ། “ཞིང་གསུམ”དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ནས“གཅིག་ཤེས་གཉིསདགའ”ཡི་ཞིང་ལས་དང་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས་ལ། རོང་འབྲོག་མང་ཚོགས་ཀྱི་རེ་བ་དང་། རོང་འབྲོག་མང་ཚོགས་ཀྱི་དགོས་མཁོ། རོང་འབྲོག་མང་ཚོགས་ཀྱི་མྱོང་ཚོར་བཅས་ཞིང་ལས་དང་གྲོང་གསེབ་བྱ་བའི་དམིགས་ཚད་དང་སྒུལ་ཤུགས་ལ་བརྩིས་ནས། དགོས་མཁོ་ཆེ་ཞིང་ཧ་ཅང་དཀོན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱ་རྒྱུ་དམ་འཛིན་བྱེད་སར་བྱས་ཏེ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཤེས་ལྡན་མི་སྣའི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་ཞགསྐུལ་སློང་བཅས་བྱས་ཏེ་ཆབ་སྲིད་ཐོག་ཉམས་སད་ཐེག་པ་དང་། འཇོན་ནུས་ལྡན་ཞིང་། སྤྱོད་ཚུལ་བཟང་བ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་བྱེད་པའི་དཔུང་ཁག་དང་། ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་བ། ཞིང་པར་དགའ་བ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་དགོས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།