ཀྲེང་ཀྲོའུ་ལ་དྲག་ཆར་བབས་ནས་མི25རྐྱེན་ལམ་དུ་ཤོར། མི7བོར།

ཉེ་ཆར། ཧི་ནན་ལ་བསྟུད་མར་དྲག་ཆར་བབས་ནས་ས་ཆ་མང་པོའི་འགྲོ་ལམ་དང་ས་འོག་ལྕགས་ལམ་ནུབ་ཅིང་མི་རྣམས་ཉེན་ཁའི་གནས་སུ་གྱར། ས་གནས་སོ་སོ་ནས་མྱུར་མོར་ཧི་ནན་ལ་རོགས་སྐྱོར་བྱས། ཚེས21ཉིན་གྱི་ཕྱི་དྲོར། ཧི་ནན་ཞིང་ཆེན་གྱི་འབྲུབ་འགོག་འཕྲལ་སྡོམ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ནས་འབྲུབ་འགོག་རོགས་སྐྱོབ་ཀྱི་གནས་ཚུལ་གསར་ཤོས་ངོ་སྤྲོད་བྱས། དྲག་ཆར་འབབ་ཚད་རྒྱུན་ལྡན་གྱི་ཚད་གཞི་ལས་རི་དུ་འགོངས་པས། མི25རྐྱེན་ལམ་དུ་ཤོར། ཚེས16ཉིན་ནས་བཟུང་བབསཔའི་དྲག་ཆར་གྱིས་ཧི་ནན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས)89ཡི་ཡུལ་ཚོ་དང་གྲོང་རྡལ560ལྷག མི་ཁྲི120ལྷག་ཙམ་ལ་གནོད་འཚེ་ཐེབས། འདིར་དྲག་ཆར་ཁྲོད་འདས་པའི་མི་རྣམས་ལ་གདུང་སེམས་དང་བཅས་མྱ་ངན་ཞུས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།