མཚོ་ནུབ་ནས་སྨན་བཅོས་འགན་བཅོལ་གྱི་ལས་སྒྲུབ་མི་སྣ་ས་ཁུལ་སོ་སོར་མངགས་སྡོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   སྨན་བཅོས་འགན་བཅོལ་དང་།    སྨན་བཅོས།    ནད་པ་བཅས་དབར་གྱི“སེམས་འབྲེལ་ཟམ་པ”ཡག་པོ་ཞིག་ཏུ་གྱུར་ཡོད།     སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་སྒྲོག་དང་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།    སྨན་བཅོས་འགན་ལེན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏང་བ།    མཚོ་ནུབ་ཁུལ་གྱིས་སྨན་བཅོས་འགན་བཅོལ་ལས་སྒྲུབ་མི་སྣ་ས་ཆ་སོ་སོར་མངགས་སྡོད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས།    གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི16ལ་སྨན་བཅོས་འགན་བཅོལ་ཆེད་མངགས་པ16མངགས་གཏོང་བྱས་པ།    སྨན་བཅོས་འགན་བཅོལ་སྲིད་ཇུས་འགྲེལ་བཤད་དང་སྒྲུབ་གཉེར་ཞབས་ཞུ་མཐུན་སྦྱོར་ངང་ཐག་གཅོད་སོགས་ཀྱི་གནད་དོན་ལ་གཞོགས་འདེགས་བཅས་བྱས་པ་རེད།     

མངགས་གཏོང་རིང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁག་གིས་སྒོ་བསྟེན་ཚོམས་ཆེན་གྱི་མངོན་གསལ་དོད་སར་སྨན་བཅོས་འགན་བཅོལ་ཆེད་མངགས་པའི་བྱང་བུ་བཙུགས་ནས་སྨན་བཅོས་འགན་བཅོལ་ཆེད་མངགས་པའི་མིང་དང་།    འདྲ་པར།    འབྲེལ་གཏུག་ཁ་པར།    ལས་ཀའི་འགན་འཁྲི་བཅས་ཡོངས་སྒྲོག་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་བདེ་ཡོང་བ་བྱས་ཡོད།     དམིགས་འཛུགས་སྨན་བཅོས་ལས་ཁུངས་ཁག་གིས་མངགས་སྡོད་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས།     སྨན་བཅོས་འགན་བཅོལ་ཀྲོན་ཡོན་གྱིས་“སྲིད་ཇུས་དྲིལ་སྒྲོག    ལྟ་སྐུལ་ཁྲིད་སྟོན།    དུས་བཀག་སྐོར་ཞིབ།   གནས་སྡོད་ལྟ་སྐུལ་སློབ་སྟོན”བཅས་ཀྱི་བྱ་བར་གཞོགས་འདེགས་ཧུར་ཐག་བྱས།     སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“སྨན་ལྔ་མཉམ་འགུལ”གྱི་སྒྱུར་བཅོས་ལ་མཐུན་སྦྱོར་སྐུལ་འདེད་བཏང་བ་མ་ཟད།    ལྷག་པའི་སྒྲིག་འགལ་གྱི་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་གྲལ་བཤེར་བྱས་ཏེ། སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་།    སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་ཚད་ལྡན་དུ་བཏང་བ།    ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བཅས་བྱས་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ལ་སྤུས་ཀ་ལེགས་པ།   བེད་གོ་ཆོད་པ།    སྟབས་བདེ་བཟོ་བ་བཅས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད།     

ལོ་ཙཱ།རྟ་མགྲིན་དཔལ།