མགོ་ལོག་གི་མེ་ཟོན་རོགས་སྐྱོབ་ལག་རྩལ་མཐོ་རུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  རི་ཁུལ་གྱི་རོགས་སྐྱོབ་ལག་རྩལ་སྔར་ལས་ཇེ་ལེགས་སུ་གཏོང་ཆེད།    ཉེ་ཆར། མགོ་ལོག་ཁུལ་མེ་ཟོན་ཉིང་ལག་རུ་ཁག་གིས་རོགས་སྐྱོབ་ལག་རྩལ་སྦྱོང་བརྡར་བྱས་ཤིང་འབྲེལ་གྲུབ་འབྲས་ཀྱང་ངེས་ཅན་ཞིག་ཐོབ།    

ཐེངས་འདིའི་སྦྱོང་བརྡར་དེ་སྔོན་ལ་དམག་མི་ཁེར་རྐྱང་དང་རྗེས་སུ་ཚོ་ཆུང་གི་གསོ་སྦྱོང་བྱེད་སྟངས་ལ་ལྟར་སྤེལ་ཞིང་།    རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་འགྲེལ་བཤད་དང་།    སྒྲིག་ཆས་དང་ཡོ་བྱད་ལ་རྒྱུས་མངའ་ཆེ་བ།    རྨང་གཞིའི་རྩལ་ནུས་སྦྱོང་བརྡར་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་ཁྲིད་དང་སྒྲིག་འཛུགས་སྦྱོང་བརྡར་བྱས་པ་རེད།     སློབ་སྦྱོང་དང་སྤེལ་རེས་བྱེད་རིང་བཀོད་འཐབ་པ་ཚོ་སྙིང་སྟོབས་རབ་ཏུ་འཕེལ་བ་དང་།    རྣམ་འགྱུར་ཡང་དག་འཛིན་པ།    སློབ་སྦྱོང་ནན་ཏན་བཅས་བྱས་ནས་མི་ཤེས་པའི་གནད་དོན་འཕྲད་སྐབས་དུས་ཐོག་ཏུ་སློབ་དཔོན་ལ་བཀའ་འདྲི་ཞུས་ཏེ་དངོས་འཐབ་ཀྱི་གྱོད་དཔེ་གྲོས་བསྡུར་དང་ཉམས་མྱོང་མཉམ་སྤྱོད་ནང་ཧུར་ཐག་ཞུགས་པ་མ་ཟད།    གྲོས་བསྡུར་ཟིན་བྲིས་དང་སློབ་སྦྱོང་ཟིན་བྲིས་ཡག་པོ་བཀོད་པ་རེད།     

ཐེངས་འདིའི་དཔྱངས་ཐག་གི་ཆེད་དོན་ལག་རྩལ་སྦྱོང་བརྡར་བརྒྱུད་གསོ་སྦྱོང་ནང་ཞུགས་མཁན་བཀོད་པས་རོགས་སྐྱོབ་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་།    བདེ་འཇགས་འགོག་སྲུང་།    ལག་རྩལ་རྩལ་ནུས་སོགས་ཁོང་དུ་ཆུད་ཚད་ཟབ་ཏུ་ཕྱིན་པ་དང་རུ་ཁག་གིས་ལས་འཛོལ་སྣ་ཚོགས་ཀྱི་གནོད་འཚེ་ལ་ཁ་གཏད་གཅོག་པའི་ཐག་གཅོད་ནུས་པར་སྔར་ལས་ཤུགས་སྣོན་བརྒྱབ་སྟེ། སླད་ཕྱིན་བར་སྣང་ཐག་གཅོད་དང་རི་བོ་སོགས་རྙོག་འཛིང་ཆེ་བའི་ཁོར་ཡུག་རོགས་སྐྱོབ་ཀྱི་ཆུ་ཚད་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།   

ལོ་ཙཱ།རྟ་མགྲིན་དཔལ།