སྐབས22པའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ7པའི་ཚེས22ཉིན། ཀྲུང་གོ·མཚོ་སྔོན་འཚེ་མེད་འཕེལ་རྒྱས་མ་འཇོག་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོ་སྐབས22པ་ཟི་ལིང་དུ་འཚོགས་པ།  

སྐབས་འདིའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོའི་སྟེང“སྒོ་དབྱེ་མཉམ་ལས· འཚེ་མེད་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བཀོད་ནས་ཚོགས་ར་གཙོ་བོ་ཟི་ལིང་གྲོང་ཁྱེར་དུ་གནས་པ་དང་ཡན་ལག་ཚོགས་ར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་བཙུགས་ཡོད་པ་རེད།  མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོའི་ཟི་ལིང་གི་ཚོགས་ར་གཙོ་བོ་དེ“ས་ཁུལ་བཞིའི”འཛུགས་སྐྲུན་དང་མཉམ་ལས་སྤེལ་རེས་སོགས་ཀྱི་ཐད་གཙོ་གནད་ཐོག་དམིགས་ནས་འགྲེམས་སྟོན་བྱ་རྒྱུ་མ་ཟད།     མཚོ་སྔོན་ཕྱོགས་བསྡུས་འགྲེམས་ཁུལ་དང་།     སྐུ་མགྲོན་གཙོ་བོའི་ཞིང་ཆེན་དང་གྲོང་ཁྱེར་འགྲེམས་སྟོན་ཁུལ་དང་།    འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འགྲེམས་སྟོན་ཁུལ།    རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་མཐོ་ས་འགྲེམས་སྟོན་ཁུལ།    རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་འགྲེམས་སྟོན་ཁུལ།    འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་ཟོག་འདྲེན་ཡུལ་གྱི་འགྲེམས་སྟོན་ཁུལ།    རོགས་སྐྲུན་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་འགྲེམས་སྟོན་ཁུལ།    གྲོང་ཁྱེར་དང་ཁུལ་འཕེལ་རྒྱས་འགྲེམས་སྟོན་ཁུལ།    ཚོང་ཟོག་འགྲེམས་ཚོང་བཅས་ཁྱོན་འགྲེམས་སྟོན་ཁུལ9བཏོད་ཡོད་པ་རེད།    

སྐབས་འདིའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོ་དྲ་རྒྱའི་ཕྱི་ནང་གཉིས་ནས་དུས་གཅིག་ཏུ་གཉེར་བ།     དྲ་སྟེང་བྱེད་སྒོའི་གྲས་སུ་འགོ་ཚུགས་མཛད་སྒོ་དང་།    གཙོ་དོན་གླེང་སྟེགས།    འགྲེམས་སྟོན་འགྲེམས་སྟོན།   ལས་གཞི་འོས་སྦྱོར།    ཤེས་ལྡན་མི་སྣ་སྦྲེལ་མཐུད།    གཅིག་སྡུད་ཐོག་གན་རྒྱ་འཇོག་པ།    བརྗོད་དོན་གཙོ་བོའི་གྲོང་ཁྱེར།    མཚོ་སྔོན་གྱི“གནོད་མེད་གློག་འཕྲིན”སོགས་ཚུད་ཡོད་པ་རེད།     ལམ་ཐིག་དེའི་སྟེང“སྤྲིན་སྟེང་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོ”དང5Gཡི་ཡུལ་དངོས་ཀྱི“ཉོ་སྒྲུབ”སོགས་ཐད་གཏོང་བྱས་པ་རེད།     དེ་དང་ཆབས་ཅིག་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོའི་རིང་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མ་འཇོག་སྐུལ་སྤེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།  

ལྷག་པར་དུ་ད་ལོའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོས“བསྡུ་སྒྲིལ”གྱི་བློ་གྲོས་སྤྱད་དེ་སྐབས22པའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོ་དང2021ལོའི་ཟི་ལིང་གྲོང་ཁྱེར་འཕེལ་རྒྱས་མ་འཇོག་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོ(གཤམ་དུ2021གྲོང་ཁྱེར་གྱི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོ་ཞེས་བསྡུ་རྒྱུ)དུས་གཅིག་ཏུ་གཉེར་བ་རེད།     

2021ལོའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོས“དྲིན་ཚོར་འབད་འབུངས་དང་འབད་འཐབ་ཚད་བརྒལ་བྱས་ནས་དེང་རབས་ཀྱི་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཟི་ལིང་ཆེན་པོ་བསྐྲུན་རྒྱུ”བརྗོད་དོན་གཙོ་བོར་བྱས་ཏེ། དེང་རབས་ཀྱི་ཟི་ལིང་ཆེ་མོའི་འགྲེམས་ཁུལ་དང་།    མཛེས་སྡུག་ལྡན་པའི་ཟི་ལིང་ཆེ་མོའི་འགྲེམས་ཁུལ།    བདེ་སྐྱིད་ལྡན་པའི་ཟི་ལིང་ཆེན་མོའི་འགྲེམས་ཁུལ་བཅས་སུ་ཕྱེ་ནས་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ6000འགྲེམས་སྟོན་བྱས་པ་རེད།   

2021ལོའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོ་དེ་གཙོ་བོ་དྲ་སྟེང་ཏུ་གཉེར་བ་དང་དྲ་སྟེང་ཏུ་བྱེད་སྒོ་ཆེ་གྲས་གཉིས་གཉེར་ཡོད།     དྲ་སྟེང་བྱེད་སྒོ་དེས“2021ལོའི་མཚོ་སྔོན་གྱི་ངོ་གྲོས་ཚོང་འདུས་ཆེན་མོ་སྤྲིན་འགྲེམས་ལས་སྟེགས”(ཟླ7པའི་ཚེས22ཉིན་དྲ་སྟེང་འགོ་ཚུགས་པ)བཙུགས་ནས་དྲ་སྟེང་ནས“སྤྲིན་གྱི་འགྲེམས་སྟོན”དང“སྤྲིན་གྱི་གླེང་སྟེགས”“སྤྲིན་གྱི་འགྲེམས་ཚོགས”“སྤྲིན་གྱི་ཚོང་འགུགས་པ”སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།     

དྲ་ཕྱིའི་བྱེད་སྒོ་གཙོ་བོ་འཚེ་མེད་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་དང་།    2021ལོའི་ཀྲུང་གོའི་ཟངས་ལེབ་ལས་རིགས་ཀྱི་མཐོ་རིམ་གླེང་སྟེགས།    2021ལོའི་ཀྲུང་གོ(ཟི་ལིང་།    )འཚེ་མེད་མ་འཇོག་གླེང་སྟེགས།    ཟི་ལིང་གྲོང་ཁྱེར་གྲོང་ཁྱེར་དང་དེ་བཞིན་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་འོས་སྦྱོར་བྱེད་སྒོ།    ཁྲུའུ་ཧྲང་ཟི་ལིང་དུ་སྐྱོད་པའི་བྱེད་སྒོ་ཁག་5བཅས་ཡོད་པ་རེད།     

ལོ་ཙཱ།རྟ་མགྲིན་དཔལ།