ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་ཕྱིར་འཚོགས་ཏེ་ལོ་སྟོད་ཀྱི་དཔལ་འབྱོར་ལ་དབྱེ་ཞིབ་དང་ལོ་སྨད་ཀྱི་བྱ་བར་བཀོད་སྒྲིག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས་21ཉིན།     ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཧྲིན་ཀྲང་ཞིན་ཁྲང་ཞང་གི་མགོ་འཛིན་འོག སྔ་ཕྱིར་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་།    ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་ལ་དབྱ་ཞིབ་དང་།    ལོ་སྨད་ཀྱི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས་སོ། ། 

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་ལ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་མཐའ་གཅིག་ཏུ་བྱས་ནས། ཕྱོགས་ཁག་གི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་།    སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་གཏང་བ།    སྔོན་རྩིས་དོ་དམ་བྱ་ཤུགས་ཆེ་རུ་གཏང་བ།   “འཚོ་བ་ནན་དུ་གཏང་བའི”བསམ་བློ་བརྟན་པོ་འཛུགས་པ་བཅས་བྱེད་དགོས་པ་ལས་སྒྲིག་འགལ་ངང་སྲིད་འཛིན་འཁོར་སྐྱོད་ཀྱི་མ་གནས་མང་དུ་གཏང་མི་ཆོག་པ་དང་ཁེ་ལས་ལ་ཕན་པ་དང་དམངས་ལ་ཕན་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ནན་པོ་བྱེད་དགོས།    

ཚོགས་འདུ་ལས་བསྟན་དོན། ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་སྤྱི་འདོམས་ངང་སྐུལ་འདེད་བཏང་བ་དང་།    དཔལ་འབྱོར་བཀོད་གཏོང་ཞབས་ཞུའི་བྱ་བ་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་བཏང་བ།    ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དང་མཐུན་པ་བཅས་བྱུང་ནས་བརྟན་པོ་དང་།    བརྟན་པོ།    བརྟན་པོ།    ལེགས་སུ་འགྲོ་བ་བཅས་ཀྱི་རྣམ་པ་ཞིག་ཐོན་ཡོད།     ཚོགས་འདུའི་ཐོག་ནན་བཤད་བྱས་དོན།    འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་རྒྱུན་འཁྱོངས་བྱེད་པར་ལེགས་པའི་ཕྱོགས་སྲ་བརྟན་དུ་གཏོང་དགོས་ལ་དཔལ་འབྱོར་འཁོར་སྐྱོད་ཁྲོད་ལྷག་པའི་འགལ་བ་དང་གནད་དོན་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ཏེ་འགག་རྩ་འཕྱུགས་མེད་ངང་འཚོལ་བ་དང་ཁ་གཏད་གཅོག་ཐབས་ཇུས་འགོད་བྱེད་དགོས།     ལོ་ཧྲིལ་པོའི་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་།    ནུས་ལྡན་གྱི་མ་འཇོག་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་གཏོང་བ།    མ་འཇོག་རྣམ་གྲངས་བཀོད་གཏོང་དང་ཇུས་འགོད་དང་གྲབས་གསོག་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།     ནུས་ཤུགས་ཡོད་རྒུས་བཟོ་ལས་འཁོར་སྐྱོད་བརྟན་པོ་ཡོང་བ་བྱེད་པ་དང་།    རོགས་སྐྱོར་སྲིད་ཇུས་ཁག་གནད་སྨིན་དོན་འཁྱོལ་ཡག་པོ་བྱེད་པ།    མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་འདུ་ཚོགས་སོགས་གན་རྒྱ་བཞག་པའི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།     ནུས་ཤུགས་ཡོད་རྒུས་འཛད་སྤྱོད་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་།    འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་བ།    ཡུལ་སྐོར་གྱི་དུས་ཚིགས་རང་བཞིན་གྱི་ལེགས་ཆ་དམ་འཛིན་བཅས་བྱས་ནས་ཡུལ་སྐོར་བ་མང་བའི་དུས་ཚིགས་དེ་བས་མང་དུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།     ཉེན་ཁ་ཆེ་རིགས་ལ་ནུས་ཤུགས་ཡོད་རྒུས་དོགས་ཟོན་བྱེད་པ་དང་།    ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་བཙན་གནོན་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་པ།    ནོར་དོན་རྫུན་བཟོ་བྱེད་པར་རྡུང་རྡེག་གཏོང་བ།    “གཞུང་གྲོན་གསུམ”ཉུང་འཕྲི་བྱེད་པ།    མགོ་སྐོར་གཡོ་ལེན་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱེད་དགོས།   

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཐོན་འབོར་ཆེ་བའི་ཚོང་ཟོག་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་དེ་བཞིན་འབྲེལ་ཡོད་བྱ་བའི་སྐོར་གྱི་སྙན་ཞུ་གསན་པ་རེད།     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས།     བརྟག་ཞིབ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་འགན་ལེན་དང་།    ནུས་ཁུངས་ཐོན་སྐྱེད་མཁོ་སྤྲོད་འགན་ལེན།    ཐོན་འབོར་ཆེ་བའི་ཚོང་ཟོག་གི་ཐོན་ལས་འབྲེལ་ཐག་རིང་དུ་གཏང་བ།    ཐོན་འབོར་ཆེ་བའི་ཚོང་ཟོག་གྲབས་གསོག་སྙོམས་སྒྲིག་འཐུས་ཚང་དུ་གཏང་བ།    ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ།    དམངས་འཚོ་འགན་ལེན་ཡག་པོ་བྱེད་པ།    ཚོང་རའི་རིན་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་བ།    ཐོན་འབོར་ཆེ་བའི་ཚོང་ཟོག་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བ་ཧུར་ཐག་དང་ནུས་ལྡན་ངང་ལེགས་པར་བསྒྲུབ་པ་བཅས་བྱེད་དགོས།    

ཚོགས་འདུས《ཁྲལ་བསྡུའི་དོ་དམ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིར(ཞིབ་བཤེར་བྱ་རྒྱུར་ཕུལ་བའི་མ་ཟིན)》ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་ མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས།     ཞན་ཆ་དང་ཞན་ཆ་སྒྱུར་བཅོས་ཀྱི་ཚད་བརྒལ་སར་བརྩིས་ནས་ལམ་ལུགས་ཀྱི་མཁོ་སྤྲོད་དང་སྲིད་ཇུས་ཀྱི་བཀོད་སྒྲིག་གསར་གཏོད་བྱས་པ་བརྒྱུད་ཁྲིམས་ལྟར་ནོར་ཤུགས་ཆེ་རུ་གཏང་བ་དང་།    ཁྲལ་ཁུངས་སྐྱེད་སྲིང་བྱེད་པ།    ཁྲལ་དོན་ཁྲིམས་འཛིན་བྱེད་སྟངས་ལེགས་སུ་གཏང་བ།    ཕན་འབྲས་ཆེ་ལ་འཕྲུལ་ཤེས་ལྡན་པའི་ཁྲལ་གྲོན་ཞབས་ཞུ་མཁོ་འདོན་བཅས་བྱས་ནས་རྒྱ་ཆེའི་ཁྲལ་འཇལ་བར“བློ་བདེའི་དཔྱ་ཁྲལ”འཇལ་དུ་འཇུག་པ་དང་ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ཀྱི་ཐོག་ནས་སྲིད་ཇུས་ཀྱི་ཕན་པ་དེ་བས་མང་བ་ཐོབ་རྒྱུར་འདེགས་སྐྱོར་བྱེད་དགོས།   

ཚོགས་འདུས《ཚོང་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིར(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)》ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་མོས་མཐུན་བྱས་པ་རེད།     ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་ནི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྔོན་འགྲོ་དང་ཚད་བརྒལ་བྱེད་ས་ཞིག་ཡིན།     ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་ཏུ་གཏང་བ་དང་།    དྲང་གཞག་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ།    ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ།    སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏང་བ།    ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཁྲོམ་རའི་གཙོ་གཟུགས་སྐྱེད་སྲིང་དང་སྟོབས་ཆེར་གཏང་བ།    ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་གོ་སྐབས་མང་དུ་བསྐྲུན་པ་དང་། གྲོང་མིའི་ཡོང་འབབ་མང་དུ་གཏང་བ་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།     

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།     

ལོ་ཙཱ།རྟ་མགྲིན་དཔལ།