ཀྲུང་གུང་ཐུན་ཏེ་རྫོང་གི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་པ།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་། རང་རྫོང་གི་མི་དམངས་ཡོངས་ཀྱིས་དོ་སྣང་བྱེད་པའི་ཀྲུང་གུང་ཐུན་ཏེ་རྫོང་གི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་དྲུག་པ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གཟབ་རྒྱས་ངང་འཚོགས་ཤིང་། བློ་མཐུན་ཏིན་རེས་ཡིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་བྱས་པ་མ་ཟད་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

བློ་མཐུན་ཏིན་རེས་ཡིས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ཐུན་ཏེ་རྫོང་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་སྟེང་ཁ་བྱང་ལ་དཀའ་སྡུག་གདོང་གིས་བསུས་ཏེ་ཐོག་མའི་འདུན་མ་སྙེགས། བརྩོན་པའི་གོ་ཆ་བགོས་ཏེ་དར་སྤེལ་བྱ་བཞག་བསྒྲུབ་ནས་རྫོང་ཡོངས་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ། ཚོགས་ཆེན་སྟེང་ད་དུང་ཡིག་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ཐུན་ཏེ་རྫོང་གི་སྐབས་བཅོ་ལྔ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་རྫོང་ཡོངས་ཀྱི་ཏང་དངུལ་རྩིས་ལེན་དང་། བེད་སྤྱོད། དོ་དམ་བྱས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། འཐུས་མི་ཚོགས་པ་ཁག་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུའི་སྟེང་ཚན་ཆུང་བགོས་ནས་རྫོང་ཨུའི་བྱ་བའི་སྙན་ཞུ་དང་སྒྲིག་ཨུའི་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས་པ་དང་འབྲེལ་བསམ་ཚུལ་གྲོས་གཞི་བཏོན། ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་། འཐུས་མི་ཚོགས་པ་ཁག་གི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུའི་སྟེང་མུ་མཐུད་དུ་ཚན་ཆུང་བགོས་ནས་རྫོང་ཨུའི་བྱ་བའི་སྙན་ཞུ་དང་སྒྲིག་ཨུའི་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས་པ་དང་འབྲེལ་བསམ་ཚུལ་གྲོས་གཞི་བཏོན། ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀའི་སྟེང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུའི་སྟེང་རྫོང་ཨུའི་བྱ་བའི་སྙན་ཞུ་དང་སྒྲིག་ཨུའི་བྱ་བའི་སྙན་ཞུའི་གྲོས་བསྡུར་གནས་ཚུལ་ལ་གསན་པ་དང་། རྫོང་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་མི་དོན་བཀོད་སྒྲིག་སྐོར་གྱི་གསལ་བཤད་ལ་ཉན། རྫོང་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་འདེམས་གྲོས་གཞིའི་མིང་ཐོ་བརྒྱུད་དེ་འཐུས་མིའི་ཚོགས་པ་ཁག་ལ་གྲོས་བསྡུར་བྱ་རྒྱུར་ཕུལ། ཐུན་ཏེ་རྫོང་གི་ཀྲུང་གུང་མཚོ་ལྷོ་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའི་འོས་འདེམས་གྲ་སྒྲིག་མིང་ཐོ་འདེམས་པ་བརྒྱུད་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱ་རྒྱུར་ཕུལ། ཚོགས་ཆེན་གྱི་འདེམས་བསྐོའི་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། འདེམས་ཤོག་ལྟ་ཞིབ་པ། སྤྱིའི་འདེམས་ཤོག་ལྟ་ཞིབ་པ་བཅས་འདེམས་སྒྲུག་བྱ་རྒྱུ་བཀོད་སྒྲིག་བྱས། ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་། འཐུས་མི་ཚོགས་པ་ཁག་གི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཤིང་། ཚོགས་འདུའི་སྟེང་རྫོང་ཨུའི་ཨུ་ཡོན་དང་།རྗེས་སྣོན་ཨུ་ཡོན།རྫོང་སྒྲིག་ཨུའི་ཨུ་ཡོན་བཅས་ཀྱི་འོས་འདེམས་པའི་གྲོས་གཞིའི་མིང་ཐོར་གྲོས་བསྡུར་བྱས་པ་དང་། ཐུན་ཏེ་རྫོང་གི་ཀྲུང་གུང་མཚོ་ལྷོ་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་པའི་འཐུས་མིའི་འོས་འདེམས་གྲོས་གཞིའི་མིང་ཐོར་གྲོས་བསྡུར་བྱས། ཚོགས་ཆེན་གྱི་འདེམས་བསྐོའི་བྱེད་ཐབས་འཆར་ཟིན་ལ་གྲོས་བསྡུར་བྱས་པ་དང་། འཐུས་མི་ཚོགས་པ་ཁག་གིས་འོས་འདེམས་བྱས་པའི་འདེམས་ཤོག་ལྟ་ཞིབ་པ།སྤྱིའི་འདེམས་ཤོག་ལྟ་ཞིབ་པ།འདེམས་ཤོག་རྩིས་རྒྱག་མཁན་བཅས་ལ་གྲོས་བསྡུར་བྱས། ཕྱི་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུའི་སྟེང་འཐུས་མི་ཚོགས་པ་ཁག་གིས་རྫོང་ཨུའི་ཨུ་ཡོན་དང་། སྒྲིག་ཨུའི་ཨུ་ཡོན། ཀྲུང་གུང་མཚོ་ལྷོ་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་མཁན་འཐུས་མིའི་འོས་འདེམས་གྲ་སྒྲིག་འོས་མིའི་གྲོས་གཞིའི་གནས་ཚུལ་ལ་ཉན་པ་དང་། རྫོང་ཨུའི་ཨུ་ཡོན་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གུང་མཚོ་ལྷོ་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་མཁན་འཐུས་མིའི་འོས་འདེམས་གྲ་སྒྲིག་འོས་མིའི་མིང་ཐོ། འཐུས་མི་ཚོགས་པ་ཁག་གིས་ཚོགས་ཆེན་གྱི་འདེམས་བསྐོའི་བྱེད་ཐབས་འཆར་ཟིན་གྲོས་བསྡུར་བྱས་པའི་གནས་ཚུལ་ལ་ཉན་པར་མ་ཟད། ཚོགས་ཆེན་གྱི་འདེམས་བསྐོའི་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། འཐུས་མི་ཚོགས་པ་ཁག་གིས་ཐོག་མའི་འོས་འདེམས་བྱས་པའི་འདེམས་ཤོག་ལྟ་ཞིབ་པ་དང་། སྤྱིའི་འདེམས་ཤོག་ལྟ་ཞིབ་པ་བཅས་ལ་གྲོས་འཆམ་བྱུང་བ་མ་ཟད། འདེམས་ཤོག་རྩིས་རྒྱག་མཁན་བཅས་གཏན་འཁེལ་བྱུང་།

གསར་འགོད་པ། ཚེ་རིང་འབུམ།