སྐབས་བརྒྱད་པའིEVRགློག་སྒུལ་རླངས་འཁོར་འགྲན་སྡུར་མཚོ་སྔོན་པོའི་འགྲམ་དུ་སྤེལ་འཆར་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། པད་ཁའི་མེ་ཏོག་སེར་པོ་གསེར་གྱི་མཚོ་དང་འདྲ་ལ། དགུང་སྔོན་སྤྲིན་དཀར་གྱི་འདབ་མས་ཡིད་དབང་ཅིག་ཅར་འཕྲོག །འགྲན་སྡུར་ནང་ཞུགས་མཁན་རུ་ཁག་ཕྱོགས་བཞི་མཚམས་བརྒྱད་ནས་མཚོ་སྔོན་པོའི་འགྲམ་དུ་འཛོམས་བྱུང་། ལྷག་བསམ་རྣམ་དག་དང་ནུས་ཤུགས་ཡོད་རྒུས་མཚོ་སྐོར་ལམ་བུའི་ཐོག་བསྐྱོད་པ་བརྒྱུད། ཁོ་ཚོས་སྐབས་བརྒྱད་པའི2030ལོའི་VRགློག་སྒུལ་རླངས་འཁོར་འགྲན་སློང་འགྲན་སྡུར་བསུ་རྒྱུ་རེད།

གསར་འགོད་པས་འགྲན་སྡུར་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། ཚན་རིག་ལག་རྩལ་པུའུ།བཟོ་ལས་དང་ཆ་འཕྲིན་ཅན་པུའུ།ཀྲུང་གོ་གློག་སྒུལ་རླངས་འཁོར་བརྒྱའི་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཤིང་། ཀྲུང་གོ་རླངས་འཁོར་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་རླངས་འཁོར་ལས་གྲྭ་ཞིབ་འཇུག་ཁང་།རྒྱལ་ཁབ་གློག་དྲ་གློག་སྒུལ་རླངས་འཁོར་ཞབས་ཞུ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་གཉེར་རོགས་བྱས་པ་དང་། ཀྲུང་གོ་སྦྲགས་སྲིད་ཚོགས་པ་ཚད་ཡོད་ཀུང་སི་དང་།ཀྲུང་གོ་ཁྲེང་ཐུང་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི།མཚོ་སྔོན་མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་འགྲན་སྡུར་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བའི་སྐབས་བརྒྱད་པའིGEVRམཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་འགྲན་སློང་འགྲན་སྡུར་འགོ་ཚུགས་ཉེར་ཡོད་པ་རེད། ཕྱོགས་ཁག་གིས་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་མ་ཟད།ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་མ་འོངས་པའི་རླུང་ཕྱོགས་སྟོན་རྟགས་ཀྱི་འཐབ་ཇུས་ཐོན་ཁུངས་ལས་སྟེགས་ཤིག་གཏོད་རྒྱུ་རེད།

ཟླ་7ཚེས་22ཉིན་ནས་ཚེས25ཉིན་བར། འགྲན་སྡུར་དེ་མཚོ་སྔོན་པོའི་མཐའ་འཁོར་དུ་སྤེལ་རྒྱུ་རེད། “ནམ་མཁའི་ཡུལ་ལྗོངས་ལ་ཁ་ལོ་སྒྱུར། འཕྲུལ་གྱིས་འབྱུང་འགྱུར་གྱི་ལམ་སྣ་འཁྲིད”ཞེས་པ་འགྲན་སྡུར་གྱི་བརྗོད་བྱ་གཙོ་བོར་བྱས་ཏེ། རླངས་འཁོར་གཏོང་བའི་མཛད་སྒོ་དང་།ནུས་པ་ཞིབ་དཔྱད་འགྲན་སྡུར།མཚོ་སྐོར་དཔྱད་སྡུར་འགྲན་སྡུར།འགྲན་རའི་མྱུར་ཚད་འགྲན་སྡུར།རིག་ནུས་ཚན་རྩལ་འགྲན་སློང་དང་འཁྲབ་སྟོན།“རླངས་འཁོར་གྱིས་འཚོ་བ་ཁྲིད་པའི”རིག་ནུས་ཚན་རྩལ་བྱ་དགའ་སྤྲོད་པའི་དུས་ཆེན།མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་འདུ་ཚོགས་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད།སྣ་མང་ཚོགས་ཆུང་ཁག་བགོས་ཀྱི་དཔྱད་གདེང་ལམ་སྲོལ་སྤྱད་དེ་ཆེད་ལས་འགྲན་སྡུར་རུ་ཁག་དང་།གཙོ་རྒྱུགས་སྨྱན་སྦྱོར།མང་ཚོགས་བཅས་ལྟད་མོ་ཆེ་བའི་འགྲན་སྡུར་དང་ཚོད་ལྟའི་འགྲན་སྡུར་ནང་ཞུགས་པར་གདན་ཞུ་བྱས་པ་རེད།

འགྲན་སྡུར་གྱི་ལམ་ཐག་སྤྱིའི་རིང་ཚད་ལ་ལེ་དབར1145ཡོད་ཅིང་། ལམ་ཐག་ཧྲིལ་བོའི་མཚོ་འཕགས་ཆེས་མཐོ་ཤོས་སྨི3940ཡིན་པ་དང་། སྡོམ་པའི་འགྲན་ཚིགས12དང་། གློག་གསོག་ས་ཚིགས3བཀོད་སྒྲིག་བརྒྱབ་ཡོད་པས། འགྲན་སྡུར་གྱི་ཆེད་ལས་དཔྱད་གདེང་སྣ13ལ་ཚོད་བགམ་བྱ་རྒྱུ་རེད། དེའི་ནང་མྱུར་གསོག་ནུས་པ་དང་། མུ་བསྐྱོད་ནུས་པ། གློག་གྲོན་ཆུང་གི་ནུས་པ། ཆུར་བརྒལ་ནུས་པ། མྱུར་བའི་ནུས་པ། དགག་འཛིན་ནུས་པ། རིག་ལྡན་ཚན་རྩལ་སྐོར་གྱི་འགྲན་སློང་། དེ་མིན་རང་ངོས་ཀྱི་དཔྱད་གདེང་ནང་དོན་ཁག་ལྔ(ཚན་རྩལ་དང་། བསྐོར་བདེ་ན། ནང་བརྒྱན། ཕྱི་ཚུལ། བར་སྟོང་།)བཅས་འདུ།

ཁོན་ཐར་འཚོས་བསྒྱུར།