2021ལོའི་བོད་ལྗོངས་འབྲིང་རིམ་ལས་རིགས་ལག་རྩལ་འཛིན་གྲྭར་སློབ་མ(མཚོ་སྔོན་གྱི་སློབ་མ)བསྡུ་བའི་བྱ་བ་ལེགས་པོར་བསྒྲུབ་ལ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གཞུང་སྒྲུབ་ཁང་གིས་བཏང་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། 2021ལོའི་བོད་ལྗོངས་འབྲིང་རིམ་ལས་རིགས་ལག་རྩལ་འཛིན་གྲྭའི(མཚོ་སྔོན་གྱི་སློབ་མ)སློབ་བསྡུའི་བྱ་བ་ནན་ཏན་གྱིས་བསྒྲུབ་ཆེད། སློབ་གསོ་པུའུ་གཞུང་སྒྲུབ་ཐིན་གྱི《2021ལོའི་བོད་ལྗོངས་དང་ཤིན་ཅིང་འབྲིང་རིམ་ལས་རིགས་ལག་རྩལ་འཛིན་གྲྭའི་སློབ་བསྡུའི་བྱ་བ་ལེགས་པོར་བསྒྲུབ་ཕྱིར་བཏང་བའི་བརྡ་ཐོའི》(〔2021〕ཨང་རྟགས5པ)འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ།

2021ལོའི་བོད་ལྗོངས་འབྲིང་རིམ་ལས་རིགས་ལག་རྩལ་འཛིན་གྲྭར་སློབ་མ(མཚོ་སྔོན་གྱི་སློབ་མ)བསྡུ་བའི་བྱ་བ་ལེགས་པོར་བསྒྲུབ་ལ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གཞུང་སྒྲུབ་ཁང་གིས་གཤམ་གསལ་བརྡ་ཐོ་བཏང་ཡོད།

གཅིག སློབ་བསྡུའི་གཞི་རྒྱ་དང་ཁྱབ་ཁོངས།

2021ལོའི་བོད་ལྗོངས་འབྲིང་རིམ་ལས་རིགས་ལག་རྩལ་འཛིན་གྲྭས་མཚོ་སྔོན་གྱི་ཁུལ་དྲུག་ལ་ཁ་ཕྱོགས་ཏེ་ཁྱོན་སློབ་མ750བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་མཚོ་བྱང་ནས་སློབ་མ25དང་མཚོ་ལྷོ་ནས་སློབ་མ125། རྨ་ལྷོ་ནས་སློབ་མ20། མགོ་ལོག་ནས་སློབ་མ130དང་ཡུལ་ཤུལ་ནས་སློབ་མ450བཅས་བསྡུ་རྒྱུ་རེད།

གཉིས། ཆ་རྐྱེན།

མཚོ་སྔོན་གྱི་ཁྱིམ་ཐོ་ཡོད་པའི2021ལོའི་སློབ་འབྲིང་མཐར་ཕྱིན་སློབ་མ་ཡིན་དགོས་ཤིང་། རོང་འབྲོག་ཁྱིམ་ཚང་གི་བུ་དང་བུ་མོར་དམིགས་བསལ་ཡོད།


ལོ་ཙཱ་པ། ལྷ་ཆེན་རྒྱལ།