ཏུའུ་ལན་རྫོང་གིས་མུ་མཐུད་དུ་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་ལས་ཀ་བསྒྲུབས་པ།

— རོང་འབྲོག་མི་དམངས་ཕྱུག་འགྱུར་ཅན་ཏུ་བཏང་པ།

ཏུའུ་ལན་རྫོང་གིས་རྒྱལ་ཁབ་ཀྱི་སྤྱི་ཁྱབ་བདེ་འཇགས་ལྟ་ཚུལ་ཡང་དག་བརྟན་སྲུང་སྒོས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་ལ་ཤུགས་བརྒྱབ་སྟེ། སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་དོན་དངོས་སྲ་བརྟན་གྱི་འགན་སྲུང་མཁོ་འདོན་བྱས། ནུས་ཤུགས་གང་ཡོད་ཀྱིས་དཀར་གསལ་བཟོ་སྐྲུན་ལག་བསྟར་བྱས་པ་དང་། གོ་རིམ་ངེས་ཅན་དང་ལངས་གཟུགས་ཅན། ཡོངས་ཁྱབ་ཅན་གྱི་སྤྱི་ཚོགས་བདེ་སྲུང་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ཞིང་། ཐུན་མོང་གི་བཅོས་སྐྱོང་དང་ལོངས་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྒྱུར་སྒྲིག་གཞི་དེ་རྩ་བའི་ཆ་ནས་གྲུབ་དུ་བཅུག་ཡོད་ལ། རྫོང་ཧྲིལ་པོའི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བདེ་སྲུང་དེང་རབས་ཅན་གྱི་ཚོད་ལྟའི་བྱ་བ་ཡང་ལག་བསྟར་འགོ་ཚུགས་ཡོད། བདེ་ཁམས་གཏེར་ལམ་འཛུགས་སྐྲུན་གྱི་སྐུལ་འདེད་གཏིང་ཟབ་དུ་སྤེལ་ནས་ནོ་མོན་ཧན་གྱི་འདབ་ཆགས་འཕུར་སྐྱོད་བྱེད་པ་ལྟ་བུའི་རང་བཞིན་གྱི་འཁོར་སྐྱོད་མི་གྲངས་ལ་བདག་དོམ་ཞབས་ཞུའི་ཐད་གྲུབ་འབྲས་མངོན་གསལ་བླངས།

ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་ཅི་རིགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་པ་དང་རིགས་སོ་སོའི་གཏུག་གཤེར་འགལ་ཟླ་མེད་པར་བཟོས། བདེ་འཇགས་ཐོན་སྐྱེད་དང་ཟས་རིགས་སྨན་རྫས། ཆ་འཕྲིན་དྲ་རྒྱའི་བརྡ་འཕྲིན་སོགས་བདེ་འཇགས་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ཏེ། གློར་བྱུང་དོན་རྐྱེན་ཅི་རིགས་ལ་གནད་འཁེལ་གཐག་གཅོད་བྱེད་པ་དང་། སྤྱི་ཚོགས་ཀྱི་གནས་བབ་དེ་རྒྱུན་འཁྱོངས་འཆམ་མཐུན་བརྟན་འཇགས་སུ་བཏང་། རིགས་སོ་སོའི་མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་ངང་འབད་བརྩོན་དང་ཐུན་མོང་ཐོག་དར་རྒྱས། སྤྱི་ཚོགས་ཀྱི་བདེ་སྲུང་དུས་ཡུན་རིང་བོའི་རྨང་གཞི་དེ་སྔར་ལས་སྲ་བརྟན་དུ་བཏང་། བདུན་ལྔའི་ཡོངས་ཁྱབ་བཅའ་ཁྲིམས་བདེ་བླག་ངང་སྒྲུབ་ནས་སྤྱི་ཚོགས་ཡོངས་ཀྱི་བཅའ་ཁྲིམས་འདུ་ཤེས་མུ་མཐུད་དུ་ཆེས་ཆེར་བཏང་ལ། ཁྲིམས་ལྟར་རྫོང་བཅོས་སྐྱོང་བྱེད་པའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད།

མུ་མཐུད་དུ་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཅི་རིགས་ལ་སྐུལ་འདེད་བཏང་སྟེ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་བྱ་བ་ཏན་ཏིག་ཏུ་སྤེལ། ཁྲིམས་འཛིན་ལག་བསྟར་ཡིད་རྟོན་ནུས་པ་དང་མང་ཚོགས་ཀྱི་འདོད་བློ་ཡང་མངོན་གསལ་གྱིར་མཐོར་འདེགས་བྱུང་ཡོད། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལོ་གསུམ་ལས་འགུལ་ལ་གྲུབ་འབྲས་ལེགས་པོ་སྨིན་ལ། “ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་ཡང་ཐོབ་པ་རེད།

རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་ལ། ཏུའུ་ལན་རྫོང་གིས“གཙོ་ཐིག་གཅིག”གཞིར་བཟུང་སྟེ“གླིང་ཁུལ་ཆེན་པོ་གཉིས”ཆེས་ཆེར་བཏང་ལ། གང་མགྱོགས་སྒོས“ས་ཁུལ་གསུམ”གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། “གྲུབ་འབྲས་བཞི”ལེགས་པོར་སྒྲུབ་ནས“མཐོར་འདེགས་ལྔ”ལ་འགན་སྲུང་སྒོས“རིམ་པ་དྲུག”གི་བཅོས་སྐྱོང་ནུས་ལྡན་མངོན་འགྱུར་བྱས། རྫོང་ཡོངས་ཀྱི་ས་ཁུལ་དེའི་ཐོན་སྐྱེད་སྤྱིའི་གྲངས་འབོར་གྱི་ལོ་རེའི་ཆ་སྙོམས་བརྟན་འཇགས་ཀྱི་ཐོན་སྐྱེད་འཕར་ཚད་དེ5.5%ཡན་དང་ས་གནས་སྤྱི་གཞུང་ནོར་སྲིད་སྔོན་རྩིས་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད3.8%ཡིན། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་རིན་ཐང་གི་ཆ་སྙོམས་ལོ་རེའི་འཕར་ཚད་ནི6.5%ཡན་ཡིན། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཕྱིར་འཚོང་གི་སྤྱིའི་ཁ་གྲངས་ནི་ལོ་རེའི་ཆ་སྙོམས་འཕར་ཚད་ནི6.5%ཡིན་ལ། མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་འཕར་ཚད་ནི7%ཡན་ལ་སླེབས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།