ཏུའུ་ལན་རྫོང་གིས་མུ་མཐུད་དུ་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་ལས་ཀ་བསྒྲུབས་པ།

— རི་མཐོ་ཆུ་གཙང་དུས་གཏན་དུ་རྒྱུན་བསྲིངས་བྱས།

ལོ་འདི་དག་གི་རིང་ལ། ཏུའུ་ལན་རྫོང་གིས་བཅོས་སྒྱུར་གྱི་དཀའ་གནད་སེལ་རྒྱུ་དང་གསོན་ཤུགས་གསར་སྣོན། བརྟན་འཇགས་སྐུལ་འདེད་ཀྱི་བཅོས་སྒྱུར་ལས་འགན་སོགས་རིགས་མི་འདྲ་བ221རྒྱུན་བསྲིངས་སྟེ། གཙོ་གནད་ཁྱབ་ཁོངས་དང་གནད་འགག་གོ་རིམ་གྱི་བཅོས་སྒྱུར་རིམ་སྤེལ་དེ་མངོན་གསལ་ཅན་ཏུ་བཏང་། གཤམ་སྤྲོད་དོ་དམ་ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་སྒོས་ཚོང་གཉེར་ཁོར་ཡུག་གི་ལེགས་ཆ་མུ་མཐུད་དུ་རྒྱུན་བསྐྱངས་པ་དང་། ཁ་གཏད་རོགས་སྐྱོར་མཐུན་སྒྲུབ་སྒྲིག་སྲོལ་འཐུས་ཚང་ཅན། སྲིད་འཛིན་ཞིབ་བཤེར་ཆོག་མཆན་གྱི་ཞབས་ཞུའི་དོན་ཚན40སྒྲིག་སྲོལ་ཅན་ཏུ་བཏང་སྟེ། ཁེ་དབང་འགན་འཁྲིའི་རྩིས་ཐོ2863གཏན་འབེབས་བྱས་ཤིང་། ཁྱོན་བསྡོམས་པས་རིགས་མི་འདྲ་བའི་དོན་ཚན་ཁྲི1.27ཐག་གཅོད་བྱས་ཏེ། དོན་དག་འགན་སྒྲུབ་ཁ་གྲངས་དང་ཡིད་ཚིམས་པའི་ཚད་གཞི94%ཡན་ལ་སླེབས་པས། རྫོང་ཡོངས་ཀྱི་དཔལ་འབྱོར་འཚོ་སྟོབས་མུ་མཐུད་དུ་ལྷུག་གཏོང་བྱུང་།

མཁོ་སྤྲོད་སྒྲིག་གཞི་ཅན་གྱི་བཅོས་སྒྱུར་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཏང་སྲིད་སྒྲིག་གཞི་བཅོས་སྒྱུར་དང་གཞུང་དོན་རླངས་འཁོར་བེད་སྤྱོད་ལམ་ལུགས་ལ་བཅོས་སྒྱུར་སྤེལ་ཏེ། གྲོང་གསེབ་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་སྒྱུར་སོགས་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། རྫོང་སྲིད་གཞུང་གི་སྣེ་ལེན་ཁང་གིས་གཅིག་བསྡུས་ཐོན་དབང་ལམ་ལུགས་བཅོས་སྒྱུར་སོགས་རྒྱལ་གཉེར་ཁེ་ལས་ཀྱི་སྒྲིག་སྲོལ་བཅོས་སྒྱུར་ལ་གྲུབ་འབྲས་མངོན་གསལ་བླངས། ཚན་རྩལ་གསར་སྐྲུན་ནུས་པ་མུ་མཐུད་དུ་མཐོར་འདེགས་སྒོས། གསེར་གཏེར་ཐོན་ཁུངས་གསར་སྤེལ་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལ་ཞིང་ཆེན་རིམ་པའི་ཕུལ་བྱུང་དང་རྒྱལ་ཁབ་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་གླིང་གི་སྲོག་ཤིང་ས་ཁུལ་འཛུགས་སྐྲུན་བརྟན་འཇགས་སུ་གཏོང་རྒྱུ་འགོ་ཚུགས། སྨན་བཅོས་འཕྲོད་བསྟེན་མ་ལག་བཅོས་སྒྱུར་ལ་ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་དཔེར་སྟོན་རྫོང་དང་། རྒྱལ་ཁབ་རིམ་པའི་དམ་འབྲེལ་རང་བཞིན་གྱི་སྨན་མབཅོས་ཐུན་མོང་འཛུགས་སྐྲུན་དཔེར་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

སྔོན་ལ་སྐྱེ་ཁམས་སྲུང་ལེགས་བཅོས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་གཞི་རྒྱུན་འཁྱོངས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་ནས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་ཇུས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། མཁར་གྲོང་སྐྱེ་ཁམས་ཁོར་ཡུག་ལ་མངོན་གསལ་གྱིས་བཅོས་སྒྱུར་བྱས་ཏེ། ཁུལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་དང་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་ས་ཁུལ་གྱི་གཟི་བརྗིད་མཚན་སྙན་བླངས། རྒྱལ་ཁོངས་ལྗང་སྒྱུར་ལོ་གསུམ་བྱེད་སྒོ་མུ་མཐུད་དུ་ལག་བསྟར་གྱིས་བྱེ་འགོག་བྱེ་བཅོས་དང་བྱང་གསུམ་ནགས་ཚལ་འགོག་བཅོས། རྩྭ་ཐང་སྲུང་སྐྱོབ་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་སྤེལ་ནས། སྡོང་བོ་འདེབས་འཛུགས་ཀྱི་ཁྱབ་ཚད55%ལ་སླེབས་ཡོད།

ཞིང་ཕྱུགས་ལས་ས་ཁུལ་གྱི་འཚོ་བའི་ཁོར་ཡུག་ལ་ལེགས་བཅོས་དང་། “སྤྱོད་ཁང་གསར་བརྗེའི”ལོ་གསུམ་ལས་འགུལ་ཁྲོད། ཧུར་ཐག་སྒོས་སྒོ་ཕྱུགས་ཀྱི་ལྕི་བའི་སྦགས་བཙོག་ཐོན་ཁུངས་ཅན་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། ལྷད་མེད་གཏེར་རི་འཛུགས་སྐྲུན་ལ་སྐུལ་འདེད་དང་གཏེར་ཁའི་བསྔོགས་ཤུལ་གྱི་ས་རྒྱུའི་ཁོར་ཡུག་དང་གཙང་ཆུའི་སྐྱེ་ཁམས་ཁོར་ཡུག། རང་བྱུང་སྲུང་སྐྱོབ་སོགས་ཆེད་དོན་སླར་གསོའི་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཁོར་སྲུང་ལྟ་སྐུལ་ཞིབ་བཤེར་དག་ཐེར་བཅོས་སྐྱོང་ལས་འགན་དེ་གོ་རིམ་ལྡན་པའི་ངང་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་དེ་ཐག་གཅོད་ནུས་ལྡན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།