ཏུའུ་ལན་རྫོང་གིས་མུ་མཐུད་དུ་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་ལས་ཀ་བསྒྲུབས་པ།

— དམངས་ཀྱི་སོ་ཚིས་མུ་མཐུད་ལེགས་སུ་ཕྱིན།

ལོ་ལྔའི་རིང་། ཏུའུ་ལན་རྫོང་གིས་མུ་མཐུད་དུ་དམངས་ཚིས་མ་དངུལ་གཏོང་ཚད་ཀྱི་ཚད་གཞི་ཇེ་མཐོར་བཏང་ལ། དམངས་ཚིས་འགྲོ་སོང་གི་བསྡུར་ཚད་དེ་ནོར་སྲིད་སྤྱིའི་གཏོང་ཚད་ཀྱི75%ཡན་རྒྱུན་བསྲིངས་བྱས་ཡོད། ལས་ཞུགས་གནས་བབ་མུ་མཐུད་ཇེ་ལེགས་དང་རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་ཞུགས་མི་གྲངས་ཡང་ལོ་རེ་ལས་ལོ་རེར་འཕར་ལ། ཞིང་ཕྱུགས་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་རིམ་སྒྱུར་ལས་ཞུགས་ཀྱི་མི་གྲངས་ཁྲི17.2ལ་བུད་ཡོད། སློབ་གསོའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སྒོས་སློབ་གསོའི་ཁྱབ་ཁོངས་སུ་ཁྱོན་བསྡོམས་པས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར7.6ཡིན་ལ། སློབ་སྒྲུབ་ཆ་རྐྱེན་ལ་ཡང་ཚད་མཐོན་པོའི་སྒོ་ནས་བཅོས་སྒྱུར་བྱས། སྔ་ཕྱིར་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་གཞི་རྩའི་ཆ་སྙོམས་འཕེལ་རྒྱས་ཀྱི་ཞིབ་བཤེར་དངོས་རྩིས་བརྒྱུད། རིགས་གསུམ་གྲོང་ཁྱེར་གྱི་སྐད་ཆའི་ཡིག་འབྲུའི་བྱ་བའི་རྒྱལ་ཁབ་རིམ་པའི་དཔྱད་འཇོག་ཞིབ་བཤེར་གྱིས་སློབ་གསོའི་སྲོག་ཤིང་གི་དམིགས་ཚད་ཆེན་པོ་ཡང་མཐོར་འདེགས་བཏང་ཡོད།

སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་ལེགས་སྒྱུར་སྒོས་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་མཇུག་ཏུ། མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་སྲིད་ཇུས་ཀྱི་ཁ་གསབ་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་འཕར་ཚད་དེ25%ལ་བུད་ཡོད། སྨན་བཅོས་འགན་སྲུང་ཆུ་ཚད་ཚད་མཐོན་པོའི་མཐོར་འདེགས་ཀྱིས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་མི་འདྲ་བ་གསུམ་གྱི་དམ་སྦྲེལ་བདེ་ཐང་ཞབས་ཞུའི་ཐུན་མོང་གི་ངོ་བོ་གྲུབ་ལ། རྫོང་དང་ཡུལ་ཚོའི་སྨན་བཅོས་ཞབས་ཞུའི་ནུས་པ་མངོན་གསལ་མཐོ་རུ་ཕྱིན། ཁྱོན་ཡོངས་ནས་གཞི་རྩའི་སྨན་བཅོས་ཀྱི་འགན་བཅོལ་སྲིད་ཇུས་དངོས་འབེབས་བྱས་ཤིང་མཁར་གྲོང་ལས་བཟོ་པ་འགན་བཅོལ་ཁྲོད་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་བུད་ཡོད། ཁྱིམ་ཐོའི་མི་གྲངས་ཀྱི་འགན་བཅོལ་ལ་ཞུགས་ཚདལ་བུད་པ་དང་སྨན་བཅོས་རོགས་སྒྲུབ་ཀྱི་ཁྱབ་ཚད་བརྒྱ་ཆའི་བརྒྱ་ལ་བུད་པས། རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྒོ་སྤེལ་ནས། རིམས་ནད་གནས་ཚུལ་མེད་པ་མངོན་འགྱུར་བྱུང་ཡོད།

མཁར་གྲོང་གི་འགན་སྲུང་དམའ་བའི་ལམ་ལུགས་སྒྲིག་སྲོལ་ཅན་དུ་བཏང་སྟེ་མཁར་གྲོང་གི་འགན་སྲུང་དམའ་པའི་ཚད་གཞི་ལོ་རེ་བཞིན་མཐོར་འདེགས་སུ་བཏང་། རྫོང་རིག་རྩལ་ལྟེ་གནས་གྲུབ་པ་དང་མི་རིགས་ལུས་རྩལ་ཐང་ཆེན་སོགས་རིག་གནས་ཀྱི་སྒྲིག་ཆས་སྐོར་ཞིག་བཙུགས་ནས། “ཁང་ཆེན་གསུམ་དང་ས་ཚིགས་གཅིག”ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། ཁྱོན་ཡོངས་ནས་མཁར་གྲོང་གི་འདུས་སྡོད་ས་ཁུལ་གྱི་བཅོས་སྒྱུར་དང་གྲོང་གསེབ་ཉེན་ཁང་བཅོས་སྒྱུར་ལེགས་འགྲུབ་བྱུང་ནས། རྒྱ་ཆེའི་མང་ཚོགས་ཀྱི་སྡོད་ཁང་ཉེན་ཁའི་ཐད་ལ་འགན་སྲུང་བྱས། འདུས་སྡོད་རྒན་གསོའི་ཞབས་ཞུ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་ཡོད། བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལྟ་སྐུལ་ཚད་ལེན་དམིགས་ཚད་ཀྱི་སྤྱིའི་ཚད་གཞི83.67%ལ་སླེབས་པ་དང་དབང་པོ་སྐྱོན་ཅན། རྒན་རྒོན་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་དང་གནམ་གཤིས། མེ་ཟོན། གནོད་སེལ་སོགས་ཀྱི་བྱ་བ་ཡང་ཏན་ཏིག་གིས་སྒྲུབ་རྒྱུར་སྐུལ་འདེད་བཏང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།