ཏུའུ་ལན་རྫོང་གིས་མུ་མཐུད་དུ་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་ལས་ཀ་བསྒྲུབས་པ།

— འབྱོར་འབྲིང་སྤྱི་ཚོགས་ཡོངས་ཁྱབ་ལ་མངོན་འགྱུར་བྱུང་བ།

ཟླ7པའི་ཚེས18ཉིན། ཀྲུང་གུང་ཏུའུ་ལན་རྫོང་ཨུའི་སྐབས་བཅུ་དྲུག་པའི་འཐུས་མིའི་ཚོགས་ཆེན་བསྡུས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100འཁོར་བའི་ཆེས་གལ་ཆེའི་དུས་སྐབས་དང་། “བརྒྱ་ལོ་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལམ་མདོར་བསྡུས་པའི་སྔ་རྗེས་ཕྱི་མཐུད་ཀྱི་ཚོགས་ཆེན་ཞིག་གོ །

ལོ་ལྔའི་རིང་། ཏུའུ་ལན་རྫོང་གིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དེ་ལས་འགན་གཙོ་བོར་བཟུང་ཞིང་། རང་འགུལ་བབ་བསྟུན་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་ཁོང་དུ་ཆུད་པར་བྱས་ནས་དཔལ་འབྱོར་བརྟན་འཇགས་ཀྱི་བདེ་ཐང་འཕེལ་རྒྱས་ཀྱི་རྣམ་པ་དེའི་རྒྱུན་བསྐྱངས་པས། རྫོང་ཡོངས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར44.37ལ་བུད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་མཇུག་གི་ལྡབ1.48ལ་བུད་ཡོད། ལོ་རེའི་ཆ་སྙོམས་འཕར་ཚད7.6%དེ་ཞིང་ཆེན་ཡོངས་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཧྲིལ་བོའི་ཆུ་ཚད་ལས་མཐོ་ཞིང་། བརྟན་འཇགས་ཐོན་སྐྱེད་མ་དངུལ་གཏོང་ཚད་ཀྱི་ལོ་རེའི་ས་སྙོམས་འཕར་ཚད25%ལ་སླེབས། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཕྱིར་འཚོང་གི་སྤྱིའི་གྲངས་འབོར་སྒོར་དུང་ཕྱུར5.06ལ་བུད་པས། ལོ་རེའི་འཕར་ཚད5.3%ལ་སླེབས། རྫོང་ཡོངས་ཀྱི་སྤྱིར་བཏང་ནོར་སྲིད་སྤྱི་གཞུང་སྔོན་རྩིས་ཡོང་འབབ་ཀྱི་སྤྱིའི་གྲངས་འབོར་སྒོར་དུང་ཕྱུར8.15ལ་བུད་པས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ལས10.43%འཕར་ཡོད། སྤྱིར་བཏང་སྤྱི་གཞུང་ནོར་སྲིད་སྔོན་རྩིས་སྤྱི་འབོར་སྒོར་དུང་ཕྱུར78.47ཡོངས་འགྲུབ་བྱས་ཤིང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི27.86%འཕར། མཁར་གྲོང་གཏན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་གཏོང་ཚད་ཀྱི་ཡོང་འབབ་སྒོར་ཁྲི3.5དང་། ལོ་རེའི་ཆ་སྙོམས་འཕར་ཚད7.9%ལ་སླེབས། རོང་འབྲོག་ས་ཆའི་གཏན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.45དང་ལོ་རེའི་ཆ་སྙོམས་ཡོངས་འབབ་ཀྱི་འཕར་ཚད8.8%ལ་སླེབས་སོ། །

ཏང་འཛུགས་དབུལ་ཐར་མཁྲེགས་གཏོར་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་སྒོས། “མ་གསུམ་ཧྲུའུ་ཅིས”དབུལ་སྐྱོར་དམ་འཛིན་བྱེད་པའི་བྱ་བའི་སྒྲིག་གཞི་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས1+8+10+3གྱི་སྲིད་ཇུས་འགན་སྲུང་མ་ལག་སྒྲིག་འཛུགས་བྱས་ཤིང་། ཁྱོན་བསྡོམས་པས་དབུལ་སྐྱོར་མ་དངུལ་དུང་ཕྱུར18.3བཏང་ཡོད་ལ། ཁྱོན་ཡོངས་ནས་རོང་འབྲོག་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་གཞུང་ཞབས་ཞུའི་ཆུ་ཚད་རིམ་སྤར་མཐོར་འདེགས་ལ་སྐུལ་འདེད་བྱས་ཏེ། ལོ་གསུམ་གྱི་ཡར་སྔོན་དུ་ཆུས་གསུམ་དང་ས་ཁུལ་གསུམ་རྫོང་ཧྲིལ་བོའི་ཁྱབ་ཁོངས་ལས་དབུལ་ཐར་བྱུང་བ་དང་ཁུལ་ཡོངས་ཀྱི་དབུལ་ཐར་ཞྭ་མོ་གཡུག་མཁན་ཐོག་མ་རུ་གྱུར། ཁྱབ་ཁོངས་རང་བཞིན་གྱི་ཡོངས་ཁྱབ་དབུལ་ཕོངས་གནད་དོན་ལ་ཡང་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་པར་གྱུར་ལ། ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འབུར་ཐོན་བྱས་རྗེས་གཟེངས་རྟགས་ཀྱང་ཐོབ་ཡོད། བདེ་བླག་ངང་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་ཡོངས་ཁྱབ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བཙུགས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།