མཚོ་ལྷོ་མང་རྫོང་གིས་རེས་སྐོར་གསོ་སྦྱོང་འཛིན་གྲྭ་འཚོགས་འགོ་ཚུགས་པ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་མུ་མཐུད་དུ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་ངང་སྤེལ་བ། རྫོང་ཡོངས་ཀྱི་ཁའོ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་འགན་འཁྲིའི་སྒྲུབ་ནུས་སྔར་བས་ཆེ་རུ་བཏང་སྟེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། བབ་བསྟུན་འདུ་ཤེས་བཅས་ཆེ་རུ་གཏོང་ཆེད། ཟླ7ཚེས13ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མང་རྫོང་གིས་ཁའོ་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭའི་སྐས་རིམ་སློབ་ཁང་དུ་འཚོགས་འགོ་ཚུགས་ཤིང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁག རྫོང་ཐད་གཏོགས་ལས་ཁུངས་བཅས་ནས་ཡོང་བའི་ཁའོ་རིམ་པའི་ལས་བྱེད་པ118གསོ་སྦྱོང་ནང་ཞུགས་ཡོད་པ་རེད། རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧན་ཀུའེ་ཅུན་གྱིས་སྐུལ་སློང་གསུང་བཤད་གནང་བ་དང་། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་གཞུང་ཞིབ་ཅུའུ་ཡི་ཅུའུ་ཀྲང་ལི་ཁྲུན་ཞ་ཡིས་སློབ་འགོ་ཚུགས་པའི་མཛད་སྒོར་གཙོ་སྐྱོང་བྱས།

ཐེངས་འདིའི་ཁའོ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་དེ་ཁག་གཉིས་ལ་ཕྱེ་བ་དང་ཁག་རེ་ཉིན2ཡིན་ལ། དེའི་དམིགས་ཡུལ་གཙོ་བོ་ནི་རེས་སྐོར་གསོ་སྦྱོང་བྱས་པ་བརྒྱུད་ཚང་མར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་ཐུབ་པར་བྱས་ནས། མིག་སྔའི་འཕེལ་རྒྱས་གཏོང་སྟངས་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་ཐབས་ལམ་གསར་པར་སློབ་སྦྱོང་དང་། མཐོང་རྒྱ་གསར་པ་གཏོད་པ། བསམ་ཕྱོགས་གསར་པ་གཏོད་པ་བཅས་བྱ་རྒྱུ་དེ་རེད། ཐེངས་འདིའི་གསོ་སྦྱོང་སྟེང《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གསལ་འགྲེལ》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱས་བཤད》སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་གཏན་འགོག་བཅུ་སོགས་ནང་དོན་ལ་དམིགས་ནས་ཆེད་དོན་སློབ་ཁྲིད་བྱས་པ་རེད།

པུའུ་ཀྲང་ཧན་ཀུའེ་ཅུན་གྱིས་ཐེངས་འདིའི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་བསྡུ་བའི་དོན་སྙིང་གལ་ཆེན་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ནས་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་བ་དང་། ཁོང་གིས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཏང་ཡོངས་དང་རྒྱལ་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདུན་གཅིག་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། རང་རྫོང་གི་ཚོགས་འདུ་གསུམ་འཚོག་པའི་དུས་སྐབས་ཤིག་ཀྱང་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འཚོགས་པ་དེ་ནི་དུས་བབ་གསར་པ་དམ་འཛིན་དང་ལས་འགན་གསར་པ་དོན་འཁྱོལ་བྱེད་པའི་དགོས་མཁོ་ཞིག་ཡིན་ལ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་དགོས་མཁོ་ཞིག་ཀྱང་རེད། རྫོང་ཡོངས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། འདུ་ཤེས་བཞི་སྔར་བས་ཆེ་རུ་གཏོང་བ་དང་གདེང་ཚོད་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གོ་བ་ལེན་རྒྱུ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་། བྱ་བ་གསར་པ་སྒྲུབ་པ། བྱ་བ་དངོས་སྒྲུབ་པ་བཅས་བྱེད་དགོས། གཅིག་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་ཆབ་སྲིད་ཀྱི་དད་སེམས་བརྟན་པོ་བཙུགས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་འདུ་ཤེས་གསལ་བ་དང་བློ་རྩ་བརྟན་པོ། ཤེས་ཚོར་རྣོན་པོ། སློབ་སྦྱོང་གི་དམིགས་ཡུལ་དང་ནང་དོན་གསལ་པོ་ཡོད་དགོས་པ་དང་། སློབ་སྦྱོང་གི་རྣམ་པ་དང་བྱེད་ཐབས་ལ་དོ་སྣང་བྱེད་དགོས། སློབ་སྦྱོང་བྱས་པ་བརྒྱུད་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་ཟབ་མོ་བྱུང་བ་ལས་མང་རྫོང་ལ་འབྱུང་སྲིད་པའི་ཉེན་ཁ་དང་འགྲན་རྩོད་ལ་ཤེས་རྟོགས་བྱེད་པ། རྫོང་གི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་མང་རྫོང་གི་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་ཡང་དག་པའི་སྒོ་ནས་བརྡར་ཤ་བཅད་དེ་འཕེལ་རྒྱས་ཀྱི་གོ་སྐབས་བརྩོན་ལེན་བྱེད་དགོས་ཤིང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་དམིགས་འབེན་དང་ལས་འགན་ཁོང་དུ་ཆུད་པ་དང་། རྫོང་གི་གནས་ཚུལ་དངོས་ལ་གཞི་ཚུགས་པ། དམིགས་འབེན་དང་ལས་འགན་ཁག་དོན་འཁྱོལ་མཐར་ཕྱིན་ཡོང་བར་དམ་འཛིན་ལེགས་པོ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྤུས་ཚད་མཐོན་པོ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་གོ་བ་གཏིང་ཟབ་ལེན་པ་དང་། དངོས་ཐོག་བདེན་འཚོལ་གྱིས་སློབ་སྦྱོང་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་འཇོན་ནུས་ཆེ་རུ་བཏང་སྟེ་རང་འགུལ་གྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སུ་འགྱུར་བ་བྱེད་དགོས། གཉིས་ནས་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་བསྒྲུབས་ཏེ་ཁྱོན་ཡོངས་བརྩི་ཐུབ་པར་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲིའི་ཆོད་སེམས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་ཡག་པོ་དང་རིན་ཐང་གི་ལྟ་བ་ཡང་དག་ཡོང་བར་བྱེད་དགོས་ཤིང་བྱ་བའི་འགན་འཁྲི་ཡག་པོ་བསྒྲུབས་ནས་དམངས་ཀྱི་དོན་དུ་རང་འགན་གཙང་སྒྲུབ་བྱ་དགོས། རེས་སྐོར་གསོ་སྦྱོང་བརྒྱུད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་ཏུ་བཏང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མང་རྫོང་དུ་དོན་འཁྱོལ་དང་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་སློབ་སྦྱོང་གི་རྣམ་འགྱུར་ལེགས་སུ་གཏོང་བ་དང་། གསོ་སྦྱོང་གི་སྒྲིག་ཁྲིམས་དང་ཏང་གི་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་རང་རྟོག་ངང་བརྩི་སྲུང་ཞུ་བ། གསོ་སྦྱོང་དང་བྱ་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། རང་ཉིད་ཀྱིས་འགན་འཁུར་རྒྱའི་ལས་དོན་ཁག་བཀོད་སྒྲིག་ལུགས་མཐུན་བྱེད་པ། སློབ་སྦྱོང་གི་ལས་འགན་ཐོག་མཐའ་བར་གསུམ་དུ་ལེགས་སྒྲུབ་བྱེད་པ་དང་། སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱེད་པ། སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པར་བྱེད་པ། སློབ་སྦྱོང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། སློབ་སྦྱོང་གི་སྤུས་ཚད་འགན་ལེན་བཅས་བྱེད་དགོས་ཤིང་། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་མཐའ་འཁྱོངས་བྱས་ནས་ཐེངས་འདིའི་གསོ་སྦྱོང་གི་གཟབ་ནན་རང་བཞིན་དང་དངོས་ཕན་རང་བཞིན་འགན་ལེན་ནན་ཏན་བྱེད་དགོས།

གསོ་སྦྱོང་འགོ་ཚུགས་པའི་མཛད་སྒོ་མཇུག་འགྲིལ་རྗེས། རྫོང་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི་ཝུའུ་ཁྲུན་གྱིས་ཉེ་འགྲམ་གྱི་རུལ་སུངས་ཆུང་གྲས་བཅོས་སྒྲིག་བྱེད་དགོས་ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལི་གོ་ཧྲིན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཆེད་དོན་ཏང་གི་སློབ་ཁྲིད་བྱས་ཏེ། རྒྱ་ཆེའི་ལས་བྱེད་པའི་བསམ་བློའི་སྦྱོང་བརྡར་ནང་ལོ་རྒྱུས་མྱོང་ཚོར་ཐུབ་པ་དང་། གསར་བརྗེའི་རིག་གནས་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།