ལུང་མདོ་ཆུས་ཀྱིས་མང་ཚོགས་ལ“དམངས་ཚིས་དྲོད་ཁོལ”མང་པོ་ཞིག་ཉམས་ལེན་བྱེད་དུ་བཅུག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་སྲོག་ཤིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་སྒོས། “འགན་སྲུང་དྲུག”གི་བླང་བྱ་གནད་གཅིག་ཏུ་བསྡུས་པ་དང་། དམངས་ཚིས་ཞན་ཆ་ཁ་གསབ་དང་དམངས་ཚིས་དཀའ་ཁག་སེལ་བཀྲོལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱིས་གྲོང་གསེབ་དར་རྒྱས་ཀྱི་གོ་སྐབས་ལ་མཐུད་སྦྲེལ་སྒོས། མུ་མཐུད་དུ་སློབ་གསོ་དང་སྨན་བཅོས། དམངས་སྲིད་སོགས་ཀྱི་དམངས་ཚིས་དོན་དངོས་ལེགས་པོར་བསྒྲུབ་ནས། རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་མཐོར་འདེགས་སུ་བཏང་།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ལུང་མདོ་ཆུས་ཀྱིས་ཁྱོན་བསྡོམས་རིགས་མི་འདྲ་པའི་སྨན་བཅོས་སྒྲིག་གཞི400གསར་སྐྲུན་དང་། ནད་པ་སྟོང་རེ་ཚན་པར་བྱས་པའི་མལ་ཁྲི་དང་། ལས་གཉེར་སྨན་པ། ནད་གཡོག་བཅས་ཀྱི་་ཐོ་འགོད་ཁ་གྲངས་དེ་2015ལོ་དང་སྡུར་ན་སོ་སོ108.01% 243.56%དང་88.28%བཅས་ལ་འཕར་ཡོད། རྫོང་དང་ཡུལ་ཚོའི་སྨན་བཅོས་སྒྲིག་གཞིའི་རྒྱང་སྒྱུར་ཚོགས་འདུའི་སྨན་བཅོས་མ་ལག་འཛུགས་སྐྲུན་གྱིས་ཡུལ་ཚོ་དང་གྲོང་རྡལ་གྱི་སྨན་བཅོས་གླིང་གི་གློག་རྡུལ་ནད་ཐོའི་མ་ལག་འཐུས་ཚང་དུ་བཏང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་གླིང་དང་སྨན་ཁང་གཙོ་བོའི་ཕན་ཚུན་མཉམ་འབྲེལ་རོགས་སྒྲུབ21གིས་མངའ་ཁོངས་དེའི་མང་ཚོགས་ལ་ཆེས་ལེགས་པོའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག དེའི་རྨང་གཞིའི་སྟེང་ཡིག་ཚགས་བཟོས་པའི་དབུལ་ཁྱིམ་དག་གིས“ཆིངས་ཡིག་ཉིས་འགོད”ལ་ཡོད་ཚད་མངོན་འགྱུར་བྱས། སྔོན་ལ་སྨན་ཁང་དུ་ཞག་སྡོད་དང་དེའི་འཕྲོར་སྨན་རིན་རྩིས་རྒྱག་པ། ཞག་སྡོད་རིན་དངུལ་སོགས་གོ་རིམ་གཅིག་གིས་རྩིས་རྒྱག་པའི་ཞབས་ཞུ་ཁྱོན་ཡོངས་ནས་དངོས་འབེབས་ལག་བསྟར་བྱས། ཆུས་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང21ལ་ཀྲུང་ལུགས་སྨན་ཁང་གསར་འཛུགས་བྱེད་པ་ཡོངས་ལ་ཁེབས་ནས། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་ཡོད་ཚད་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བླང་བྱར་སླེབས། དེར་མ་ཟད་རླངས་འཁོར་འབབ་ཚིགས་དང་སྨན་ཁང་། ཚོང་ར་ཆེན་པོ་སོགས་སྤྱི་གཞུང་ཡུལ་དངོས་སུ་མ་བུའི་ངལ་གསོ་ཁང12གསར་སྐྲུན་བྱས་ཤིང་སྒྲིག་ཆས་ཀྱི་བཀོད་སྒྲིག་ཚད་རིམ100%ལ་སླེབས་ཡོད།

དེ་དང་ཆབས་ཅིག ལུང་མདོ་ཆུས་ཀྱིས་ནུས་ཤུགས་གང་ཡོད་སྒོས་དམངས་ལ་འཚོ་རྟེན་ཡོད་པར་ཁག་ཐེག་བྱས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ལུང་མདོ་ཆུས་ལ་བྱིས་སྐྱོང་གླིང100ཁ་སྣོན་བྱས། དེའི་ཁྲོད་གསར་སྐྲུན་དང་རྒྱ་བསྐྱེད་པའི་བྱིས་སྐྱོང་གླིང7ཡོད། བཅོས་སྒྱུར་རྒྱ་སྐྱེད་འཛུགས་སྐྲུན་བྱས་པའི་བྱིས་སྐྱོང་གླིང36དང་བསླབ་གནས་མི་འདྲ་པ2520གསར་དུ་བསྣན། ཉེ་ལམ། ཆུས་ཡོངས་ཀྱི་སློབ་སྔོན་ལོ་གསུམ་བྱིས་སྐྱོང་སློབ་ཞུགས་ཚད་གཞི98.9%ལ་སླེབས་ཡོད། མང་ཕན་རང་བཞིན་གྱི་བྱིས་སྐྱོང་གླིང་གི་ཁེབས་ཚད100%ཡིན། གཞུང་སྒྲུབ་བྱིས་སྐྱོང་གླིང་གི་ཁེབས་རྒྱ77%ལ་སླེབས་ཡོད། ལོ་ལྔའི་རིང་ལ། ཁྱོན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5.3བཏང་སྟེ། སློབ་གྲྭ་ཆུང་འབྲིང7གསར་དུ་བཙུགས་པ་དང་བསླབ་གནས་ཁྲི1.4གསར་སྣོན་བྱས། མཁར་ཁུལ་སློབ་གྲྭ་ཆུང་འབྲིང་གི་འཛིན་གྲྭའི་ཚད་རིམ་ཚད་བརྒལ་དང་འཛིན་གྲྭའི་ཚད་རིམ་ཚད་བརྒལ་གནད་དོན་དེ་ཁྱོན་ཡོངས་ནས་སེལ་བགྲོལ་བྱས། འོས་འགན་སློབ་གསོའི་ཡོངས་ཁྱབ་ཚད་གཞི་སྔར་ལས་སྲ་བརྟན་མཐོར་འདེགས་ཀྱིས་སློབ་ཆུང་གི་སློབ་ཞུགས་ལོ་ཚོད99.9%ལ་སླེབས་ཟིན། དམའ་འབྲིང་གི་སློབ་ཞུགས་ལོ་ཚད་དེ98.5%ལ་སླེབས། དམའ་འབྲིང་མཐར་ཕྱིན་སློབ་མའི་སློབ་འཕར་ཚད་གཞི་དེ98.9%ལ་སླེབས་ཡོད། ནུས་ཤུགས་གང་ཡོད་སྒོས་བཟོ་སྐྲུན་ལག་བསྟར་སོགས་རྣམ་གྲངས་སྤེལ་བ་བརྒྱུད། ནུས་ཤུགས་གང་ཡོད་སྒོས་ཚད་ལྡན་ཅན་གྱི་སློབ་གྲྭའི་གཞི་རྒྱུ་ཡི་འཛུགས་སྐྲུན་ལ་འགན་སྲུང་སྒོས། སློབ་གྲྭའི་སྒྲིག་ཆས་རམ་འདེགས་དང་དཔེ་མཛོད་ཁང་། སློབ་གྲྭའི་མལ་ཁང་སོགས་ཐོན་ཁུངས་ལ་འགན་སྲུང་བྱས་ཏེ། སློབ་གསོའི་ཐོན་ཁུངས་རམ་འདེགས་ཀྱི་མཁར་གྲོང་ཅན་ལ་བརྟེན་ནས། མཁར་གྲོང་གཅིག་གྱུར་གསར་སྐྲུན་སྒོས་འོས་འགན་སློབ་གསོའི་གྲོན་དངུལ་གྱི་སྒྲིག་སྲོལ་ལ་འགན་སྲུང་གིས་འོས་འགན་སློབ་གསོའི་ཆ་སྙོམས་འཕེལ་རྒྱས་མངོན་འགྱུར་བྱས།

དེ་མིན། ལུང་མདོ་ཆུས་ཀྱིས་སྤྱི་ཚོགས་མྱུར་སྐྱོབས་ཀྱི་ཆེས་དམའ་བའི་འགན་སྲུང་བྱེད་ནུས་འདོན་སྤེལ་འཐུས་ཚང་དུ་བཏང་ཞིང་། ཆེས་དམའ་བའི་འཚོ་བའི་འགན་སྲུང་དང་དབུལ་སྐྱོར་སྲིད་ཇུས་ཀྱི་ནུས་ལྡན་མཐུད་སྦྲེལ་ལ་ཤུགས་སྣོན་བྱས་ཏེ། ཆེས་དམའ་བའི་འགན་སྲུང་ཞིབ་བཤེར་ཆོག་མཆན་འགྲོ་ལུགས་ནན་མོར་བསྒྲུབས་པ་དང་བདེ་འཇགས་དྲ་རྒྱ་དེ་ཞིབ་ཆ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས། ད་ལྟའི་བར་འགན་སྲུང་དམའ་བའི་མ་དངུལ་སྒོར་ཁྲི2111མར་གནང་བ་དང་། ཆེས་དམའ་པའི་འགན་སྲུང་གི་དབུལ་ཕོངས་ཁྱིམ་ཚང4766གི་མི་གྲངས10605ལ་ཕན་ཁེ་བསྐྲུན། དོན་དངོས་ཐོག་དམིགས་གསལ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ནས། དུས་མཉམ་གཤིབ་བསྡུར་གྱིས་འགན་སྲུང་དམའ་བ་ལྔའི་འཚོ་བའི་ཁ་གསབ་རོགས་དངུལ་དང་དྭ་ཕྲུག དཀའ་ཁག་ཆེ་བའི་བྱིས་པའི་འཚོ་བའི་ཁ་གསབ་རོགས་སྒྲུབ་མ་དངུལ། གཙོ་གནད་དམིགས་གསལ་གཟིགས་སྐྱོང་ཁ་གསབ་མ་དངུལ་སོགས་མཐོར་འདེགས་སུ་བཏང་། ཆུས་ཡོངས་ཀྱི་དབང་པོ་སྐྱོན་ཅན་མི་གྲངས7443ལ་རིམ་པ་མི་འདྲ་པའི་ཁ་གསབ་སྒོར་ཁྲི384.5གནང་བ་དང་། ཧ་ཅང་དབུལ་བོ་ཡིན་པའི་གསོ་སྤེལ་ཁ་གཏད་མི་གྲངས1002ལ་གཞི་རྩའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི557.5གནང་། དྭ་ཕྲུག་དང་དཀའ་ཁག་ཆེ་བའི་བྱིས་པའི་འཚོ་བའི་ཐད་ཁ་གསབ་རོགས་དངུལ་སྒོར་ཁྲི91.9བྱིན། ཡང་དག་པའི་སྒོ་ནས་ཡུལ་ཚོ་དང་གྲོང་རྡལ་སོ་སོ། གཞིས་ཁུལ་བཅས་ཀྱིས་སྒེའུ་ཁུངས་ཞབས་ཞུའི་བྱེད་ནུས་འདོན་སྤེལ་གྱིས་སྡེ་བ་སོ་སོ་དང་གཞིས་ཁུལ་དག་གི་གནས་སྐབས་མྱུར་སྐྱོབས་བརྡ་འཕྲིན་མི་སྣའི་བྱ་བའི་ནུས་ཆོད་མཐོར་འདེགས་སུ་བཏང་། གཅིག་གྱུར་འགན་སྲུང་དམའ་མོ་དང་ལེན་དང་སྨན་བཅོས་རོགས་སྒྲུབ། གནས་སྐབས་མྱུར་སྐྱོབས། སྡོད་ཁང་མྱུར་སྐྱོབས། སློབ་གསོའི་མྱུར་སྐྱོབས་སོགས་རེ་འདུན་ཞུ་ཡིག་ཕུལ་ནས་མྱུར་སྐྱོབས་བྱ་བའི་དངོས་ཕན་རང་བཞིན་དེ་མཐོར་འདེགས་སུ་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།