མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྒྲུབ་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་བདུན་པ།

— བརྒྱ་སྡེ་གྲོང་ལ་འཛོམས་དང་ཉན་རྒྱུ་ཡོད། སྟོང་སྡེ་རི་ནས་བོབས་དང་བལྟ་རྒྱུ་ཡོད།

དེའང་གངས་ཅན་ཕོ་མོའི་སྙིང་གི་ཟེའུ་འབྲུ་དང་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། རྐབ་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ་ཞིང་། རིམ་བཞིན་མཚོ་ལྷོ་འགྲན་ཁུལ་དང་། མཚོ་ནུབ་འགྲན་ཁུལ། མཚོ་བྱང་འགྲན་ཁུལ། རྨ་ལྷོ་འགྲན་ཁུལ། མགོ་ལོག་འགྲན་ཁུལ་བཅས་ཁྱོན་བསྡོམས་འགྲན་ཁུལ་ལྔ་ནས་འགྲན་ཞུགས་གླུ་བ་གླུ་མ་ང་གཉིས་བསལ་འདེམས་བྱས་ཏེ་བསྐྱར་འགྲན་དུ་ཞུགས་པའི་གདན་ཐོབ་དཔང་ཡིག་གནང་།

སྤྱི་ཟླ7པའི་ཚེས21ཉིན་ནས་བཟུང་གཡུ་གཞོང་རྐང་ཚ་ནས་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་བཅས་རིམ་པ་བཞིན་སྤེལ་རྒྱུ་ཡིན་པ་དང་། འགྲན་ཚོགས་ཀྱི་གོ་རིམ་ཆ་ཚང་ཡུལ་དངོས་ནས་ཇི་མ་ཇི་བཞིན་དུ་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་འབུལ་ཆེད། སྤྱི་ཟླ7པའི་ཚེས21ཉིན་ནས་ཚེས30བར་གཤམ་གསལ་གྱི་དྲ་ལམ་སྟེགས་བུ་ལྔ་ནས་ཐད་གཏོང་བྱ་རྒྱུ་ཡིན། རྒྱ་ཆེའི་ལྟད་མོ་བ་ཚོས་དུས་ལྟར་གསན་གཟིགས་གནང་བར་དགའ་བསུ་ཞུ།།

མཚོ་ལྷོ་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།

མཚོ་ནུབ་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།

མཚོ་བྱང་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།

རྨ་ལྷོ་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།

མགོ་ལོག་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།


ཐད་གཏོང་སྟེགས་བུ་དག་ནི།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ།

གངས་ལྗོངས་མེ་ལོངAPP

ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།

ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན།

མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས།

直播平台

青海藏语网络广播电视台(祥云网)

金格桑APP

雪域头条抖音号

雪域头条快手号

青海藏语广播抖音号